འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་20ཉིན།

༄༅༎ཁྱེད་རང་བསྟན་འཛིན་གྱི་ཕ་ཡུལ་དུ་ཕེབས་འདོད་ཡོད་དམ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་20ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཟླ་12ཚེས་7ཉིན་སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་ལི་ཐང་རྫོང་གིས་ཁྲུང་ཆིང་དུ་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ཞིག་འཚོགས་ཤིང་། བསྟན་འཛིན་དེ་གར་སླེབས་མེད་མོད། འོན་ཀྱང་ཚོགས་ཞུགས་མགྲོན་པོ་ཚང་མར་ཁོང་དང་འབྲེལ་བ་ཡོད་པའི་དམིགས་བསལ་གྱི་ལག་རྟགས་ཏེ། བསྟན་འཛིན་གྱི་འདྲ་པར་འཁོད་པའི་ཡུལ་སྐོར་ལག་དེབ་རེ་རག་པ་རེད།
     དེ་ནི་བསྟན་འཛིན་ཐོག་མར་ཡུལ་སྐོར་གཟུགས་བརྙན་ཕོ་ཉའི་ཐོབ་ཐང་ཐོག་ནས་ཕ་ཡུལ་གྱི་ཡུལ་སྐོར་དྲིལ་བསྒྲགས་ལག་དེབ་ཏུ་ཐོན་ཐེངས་དང་པོ་དེ་ཡིན་ཞིང་། བསྟན་འཛིན་ལི་ཐང་གི་མིང་ཤོག་ཏུ་དངོས་སུ་གྱུར་པ་རེད།
     འོས་སྦྱོར་ཚོགས་འདུའི་ཐོག་བསྟན་འཛིན་དང་མཉམ་དུ་ད་དུང་ལི་ཐང་གི་ཁྱད་ལྡན་ཡུལ་སྐོར་ཐོན་ཟོག་བཏོན་པ་སྟེ། ལི་ཐང་གི་བོད་ཁྱིམ་སྟོང་གི་ལག་བྲིས་ས་བཀྲ་དང་འགྲན་ལམ་དཀའ་ཤོས་ཀྱི་ལམ་རིས་ས་བཀྲ། ལྕི་བ་འབུད་ཤིང་དུ་བྱས་ཏེ་བསྙལ་བའི་སྦི་རག ཀོག་ཧྥེ། སྤོས། འབྲིའི་འོ་མའི་དྲི་ཞིམ་དག་རྫས། བོད་སྨན་གྱི་ལུམས་ལ་སོགས་རེད།
     ལི་ཐང་རྫོང་གཞུང་ཁོངས་རྒྱུ་ནོར་ཚོགས་པ་ཀུང་སིའི་ལས་འཛིན་དཔོན་ཀྲང་ཞི་ཡིས“བསྟན་འཛིན་ནི་བཅོས་མིན་ལྷད་མེད་ཅིག་རེད་ལ་ལི་ཐང་གི་ཡུལ་སྐོར་ཐོན་ཁུངས་ཀྱང་ཁུངས་དག་ཅིག་ཡིན་པས་ང་ཚོས་ཆེས་ལྷད་མེད་དང་། དྭངས་གཙང་། སྤུས་ལེགས། རྩེ་གྲ་བཅས་ཀྱི་ཡུལ་སྐོར་ཐོན་ཁུངས་དང་ཡུལ་སྲོལ་གོམས་གཤིས་འདི་དག་མི་ཚང་མར་ལོངས་སྤྱོད་བྱེད་དུ་འཇུག་གི་ཡིན”ཞེས་བཤད།
     ལི་ཐང་ཀུན་གྱིས་ཤེས་མ་ཐག་ཡིན་ཞིང་། བསྟན་འཛིན་སྐད་གྲགས་ཆོད་པ་ནས་བཟུང་འདི་ལོའི་ཟླ་2པར་དབུལ་སྒྲོལ་ཐུབ་མ་ཐག་པའི་ལི་ཐང་དུ་ཡུལ་སྐོར་འཕེལ་རྒྱས་ཆེན་པོ་བྱུང་ཡོད།
     ཞེ་ཁྲེང་གྲངས་གཞི་ལས་མངོན་གསལ། ཟླ་11ཚེས་20ཉིན་ནས་བཟུང་། “ལི་ཐང”གི་སྐད་གྲགས་ཆོད་ཚད་ཆེ་རུ་ཕྱིན་པ་དང་ཟླ་11པའི་གཟའ་འཁོར་མཇུག་ཤོས་དེར་དྲ་ཐོག་ནས་འཚོལ་བཤེར་བྱེད་ཚད་620%འཕར་བ་དེ་རྒྱལ་སྟོན་ལས་ལྡབ་4ཡིས་མང་བ་ཡོད།
     ལི་ཐང་ཀུན་གྱིས་ཤེས་པའི་འཆར་གཞི་ཡུན་རིང་བཏིང་ཞིང་། ལི་ཐང་རྫོང་རིག་གནས་ཡུལ་སྐོར་ལུས་རྩལ་མ་འཇོག་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཏུའུ་ཏུང་ཏུང་གིས“ས་ཐག་རིང་ལ་ས་བབ་མཐོ་བ་དང་འགྲིམ་འགྲུལ་དང་ཟོག་འགྲེམས་སྐྱེལ་འདྲེན་སྟབས་བདེ་མེད་སྟབས་ཡུལ་སྐོར་འཕེལ་རྒྱས་འགྲོ་འགོར་པོ་བྱུང་ཡོད”ཅེས་བཤད།
     “ད་ཆ་ལི་ཐང་སྐད་གྲགས་ཕྲན་བུ་ཆོད་མོད། འོན་ཀྱང་ཁྲོམ་རའི་འཁོར་རྒྱུག་བྱེད་ཚད་ད་དུང་ཧ་ཅང་དམའ་པོ་ཡོད”ཅེས་ཀྲང་ཞི་ཡིས་བཤད།
     ཚང་མས་མཛུབ་རྩེའི་སྤྲོ་སེམས་བྱ་སྤྱོད་དངོས་སུ་ཇི་ལྟར་སྒྱུར་དགོས་སམ། ལི་ཐང་གིས་ད་ཕན་ལོ་གཉིས་རིང་བསམ་གཞིག་ཞིབ་ཕྲ་བྱས་པ་དང་འདི་ལོ་ནས་བཟུང་ཡུལ་སྐོར་ཐོན་ཟོག་གསར་སྤེལ་དང་ཁྲོམ་ར་འབྲེལ་མཐུད་བྱེད་འགོ་བརྩམས་ཏེ“ལི་ཐང་གི་ཡུལ་སྐོར་གྱི་སྲིད་ལོ་དང་པོ”འགོ་བཙུགས་པ་རེད།
     དྲ་ཐོག་གི་སྐད་གྲགས་ཆོད་ཚད་དེ་དངོས་ཡོད་འཚོ་བར་མངོན་འགྱུར་ཡོང་ཆེད་བསྟན་འཛིན་གྱི་ཕ་ཡུལ་གྱིས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་འདོན་བཞིན་ཡོད་ཅིང་། དབུལ་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་གཏོང་ཆེད་དབུས་ནུབ་རྒྱུད་ཀྱི་ས་ཐག་རིང་བའི་ས་ཁུལ་གྱིས་ཚོད་ལྟའི་ལས་དོན་སྤེལ་འདོད་ཆེན་པོ་ཡོད་པ་རེད།
     དེར་བརྟེན་ཀྲུང་གོ་ཡུལ་སྐོར་ཞིབ་འཇུག་ཁང་འབྲི་ཆུའི་ཡུལ་སྐོར་ཞིབ་འཇུག་རྟེན་གཞིའི་དབུ་བཞུགས་རིགས་གཅིག་མཁས་ཅན་ལོ་ཙེ་པོས་ས་ཁུལ་དབུལ་པོ་ནི་གདོད་མའི་སྣོད་བཅུད་ཀྱི་སྣོད་བཅུད་ཡུལ་སྐོར་ཐོན་ཁུངས་འཛོམས་པའི་ས་ཁུལ་ཡིན་པས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པའི་རྨང་གཞིའི་ཐོག་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་དུས་མཚུངས་དྲིལ་བསྒྲགས་བྱེད་ཐབས་སྣ་ཚོགས་སྤྱད་དེ་མི་རྣམས་ཀྱི་ཡིད་དབང་མགུ་བའི་འཕྲུལ་སྣང་ལྟ་བུའི་ཡུལ་ཁམས་རྨད་དུ་བྱུང་བ་ཞིག་སྐྲུན་དགོས་ཞེས་བཤད་པ་རེད།
     “ཡུལ་སྐོར་བྱ་ཡུལ་ལ་གཟུགས་བརྙན་གྱི་མགྲིན་ཚབ་པ་དགོས་མོད། འོན་ཀྱང་ཕྱི་ཚུལ་ཙམ་གྱི་ངོམ་སྟོན་གཏན་ནས་བྱ་མི་རུང”ཀྲུང་གོ་ཡུལ་སྐོར་ཞིབ་འཇུག་ཁང་གི་ཡོན་ཀྲང་ཏའེ་པིན་གྱིས་དྲ་སྦྲེལ་གྱི་དུས་རབས་སུ་ཡུལ་སྐོར་དྲིལ་བསྒྲགས་ལ་མིག་དབང་འགུག་པའི་ཕན་འབྲས་ཐོན་པར་བྱེད་དགོས་མོད། འོན་ཀྱང་དྲ་ཐོག་གྲགས་ཅན་བཏོད་ཀྱང་རུང་ཡང་ན་གླེང་གཞི་བཟོས་ནའང་འདྲ། ངེས་པར་དུ་མཐའ་ཚད་དང་དམར་ཐིག་གསལ་པོ་ཡོད་དགོས། རིན་གོང་བཅག་ནས་བྲིན་ཚོང་བྱེད་པ་དང་དྲ་ཐོག་གྲགས་ཅན་གྱིས་ཁྱབ་གདལ་གཏོང་བ་ཚང་མ་དགོས་ངེས་ཀྱི་བྱེད་ཐབས་མིན་མོད། འོན་ཀྱང་ཡུལ་སྐོར་འཛད་སྤྱོད་ཀྱི་ལྟེ་བ་ནི་ཁྲོམ་རའི་འགྱུར་ལྡོག་དང་བསྟུན་ཏེ་དགོས་མཁོ་གསར་པར་བརྟེན་ནས་མཁོ་སྤྲོད་གསར་གཏོད་ལ་ཁྲིད་སྟོན་བྱེད་དགོས་ཞེས་བཤད།
     དུས་རབས་གསར་པར་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ“འགྱུར་ལྡོག”འགྲོ་བ་དང“བབ་བསྟུན”བྱེད་བཞིན་ཡོད་ཅིང་། དྲ་ཐོག་ནས་ལྟ་མཁན་དེ་དག་ཡུལ་སྐོར་བར་དངོས་སུ་འགྱུར་བ་དང་དྲ་ཐོག་ནས་ལྟ་ཚད་དེ་དག་རིག་གནས་དང་ཡུལ་སྐོར་གྱི་རྒྱུན་མཐུད་ཀྱི་འཛད་སྤྱོད་སྟོབས་ཤུགས་ཤིག་ཏུ་ཇི་ལྟར་འགྱུར་བར་བྱེད་དགོས་སམ།
     “གཙོ་བོ་ནི་མཁོ་སྤྲོད་ཕན་ཚུན་དོ་སྙོམས་ཡོང་བར་བྱེད་དགོས”ལོ་ཙེ་པོས་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་གྱི་སྤྱི་པའི་ཞབས་འདེགས་ཞུ་ཤུགས་ཆེ་རུ་གཏོང་དགོས་པ་དང་ལྷག་དོན་དུ་རྨང་གཞིའི་སྒྲིག་བཀོད་དང་། ཚོང་ལས་ཁོར་ཡུག སྤྱི་པའི་དོ་དམ། བདེ་འཇགས་ཐོན་སྐྱེད་སོགས་ལ་ཤུགས་རྒྱག་དགོས། དུས་མཚུངས“དྲ་སྦྲེལ་+”གྱི་སྙིང་དོན་སྔོག་འདོན་ལ་བརྟེན་ནས་རིག་གནས་དང་ཡུལ་སྐོར་གྱི་མཉེན་ཆས་གསར་སྤེལ་ལ་སྣང་ཆེན་བྱས་ཏེ་དབྱིངས་ཚུད་རྣམ་པའི་ཡུལ་སྐོར་ཉམས་ལེན་ཁྱབ་གདལ་བཏང་ནས་དྲ་ཐོག་གྲགས་ཅན་ཁྱབ་གདལ་བཏང་བ་ལས་བྱུང་བའི་རྒྱུན་སྲིང་གི་སྐད་གྲགས་ཆོད་ཚད་རྒྱུན་འཁྱོངས་ཐུབ་པར་བྱེད་དགོས་ཞེས་བཤད།
     དཔྱིད་དཔལ་རབ་ཏུ་བཞད་པའི་དུས་ཚིགས་སུ་ལི་ཐང་སྐད་གྲགས་ཆོད་སྲིད་དམ། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15833229.html)