མི་དམངས་དྲ་བ།

༄༅༎ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་དེ། གསར་དུ་བཟོ་བཅོས་བརྒྱབ་པའི
《དམག་དཔུང་གི་ཚད་འཇལ་སྲོལ་ཡིག》ཡོངས་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་19ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་ནས་གསར་དུ་བཟོ་བཅོས་བརྒྱབ་པའི《དམག་དཔུང་གི་ཚད་འཇལ་སྲོལ་ཡིག》ཡོངས་བསྒྲགས་བྱས་པ་དང་2021ལོའི་ཟླ་1ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ་རེད།
     《སྲོལ་ཡིག》གིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་ལག་བསྟར་གཏིང་ཟབ་དང་དུས་རབས་གསར་པའི་དམག་དོན་འཐབ་ཇུས་ཀྱི་མཛད་ཕྱོགས་ལག་བསྟར་གཏིང་ཟབ་བྱས་ཏེ་དམག་ཨུད་ཀྱིས་སྤྱིའི་དོ་དམ་དང་། དམག་ཁུལ་གྱིས་དམག་འཐབ་གཙོ་བོ་རྒྱག་པ། དམག་རིགས་ཁག་དམག་ཨུད་ཀྱིས་དོ་དམ་གཙོ་བོ་བྱེད་པ་བཅས་ཀྱི་སྤྱིའི་རྩ་དོན་ལྟར་མཉམ་འབྲེལ་དམག་འཐབ་ཀྱི་ཚད་འཇལ་འགན་ལེན་བླང་བྱར་དམིགས་ནས་དམག་དཔུང་གི་ཚད་འཇལ་འཛུགས་སྐྱོང་དང་འགན་ལེན་ཁྱད་ཆོས་ཀྱི་ཆོས་ཉིད་ལ་གཞི་ཚུགས་པ་དང་། བྱང་ཆུབ་པའི་ཉམས་མྱོང་དང་བྱེད་ཐབས་རྒྱུན་འཛིན། ལག་ལེན་དངོས་ནང་འཚོལ་ཞིབ་བྱས་པའི་གྲུབ་འབྲས་བསྡུ་ལེན། སྤྱི་ཡོངས་ལེགས་སྒྲིག་དང་མཐུན་སྦྱོར་ནུས་ཆེའི་དམག་དཔུང་ཚད་འཇལ་དོ་དམ་མ་ལག་དང་ལག་རྩལ་མ་ལག ལྟ་སྐུལ་ལམ་ལུགས་མ་ལག་འཛུགས་པ་བཅས་བྱས་ནས་དམག་དཔུང་གི་ཚད་འཇལ་འཛུགས་སྐྱོང་ཐད་ཀྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོའི་ལས་དོན་འཁོར་རྒྱུག་ཚད་ལྡན་དུ་བཏང་ཡོད་པ་རེད།
     《སྲོལ་ཡིག》ལ་ཁྱོན་ལེའུ་9དང་དོན་ཚན་44ཡོད་ཅིང་། དམག་དཔུང་གི་ཚད་འཇལ་ལས་དོན་གྱི་ལས་འགན་གཙོ་བོ་དང་། གཞི་རྩའི་རྩ་དོན། དོ་དམ་ཁག་བགོས་སོགས་ཁ་གསལ་བཟོས་པ་དང་འཁོར་རྒྱུག་ལམ་སྲོལ་ལེགས་སུ་བཏང་ནས་དམག་དཔུང་གི་ཚད་འཇལ་ལས་དོན་དེ་སྒྲིག་སྲོལ་གསར་པའི་འོག་བདེ་བླག་ངང་སྤེལ་རྒྱུའི་འགན་ལེན་བྱས་པ་རེད། དམག་དཔུང་གི་ཚད་འཇལ་ལག་རྩལ་སྒྲིག་གཞི་དང་། ཚད་འཇལ་ཚད་གཞི། ཚད་འཇལ་ཞིབ་དཔྱད་གཏན་འཁེལ་མི་སྣ། ཚད་འཇལ་ལག་རྩལ་ཚད་ལྡན་བཅས་འཛུགས་སྐྱོང་དང་དོ་དམ་འཐུས་སྒོ་ཚང་དུ་བཏང་ནས་དམག་དཔུང་གིས་ས་གནས་ནས་དངོས་ཟོག་ཉོ་སྒྲུབ་བྱེད་པའི་ཚད་འཇལ་ཞབས་ཞུ་ཚད་ལྡན་དུ་བཏང་སྟེ་དམག་དཔུང་གི་ཚད་འཇལ་ལག་རྩལ་གྱི་མ་ལག་ཕྱོགས་ཡོངས་ནས་བསྐྱར་བཟོ་བྱས་ཡོད། དམག་དཔུང་གི་ཚད་འཇལ་འགན་ལེན་རྩ་འཛུགས་ཀྱི་ལག་བསྟར་བྱེད་ཐབས་ཚད་ལྡན་དུ་བཏང་ནས་ཚད་འཇལ་གྱི་དུས་འཁོར་ཞིབ་དཔྱད་གཏན་འཁེལ་དང་། འགན་ལེན་དཀར་ཆག འགན་ལེན་དཔེ་དབྱིབས་བཅས་གཏན་འབེབས་བྱས་པ་དང་ལྟ་འདོམས་ཀྱི་བླང་བྱ་ཁ་གསལ་བཏོན་ནས་དམག་དཔུང་གི་ཚད་འཇལ་གྱི་རིམ་པ་ཁག་དང་ཁྱབ་ཁོངས་ཁག་ལ་ཁྱབ་པའི་ལྟ་འདོམས་བྱེད་སྟངས་བཟོས་ནས་དཔུང་སྡེའི་དམག་གྲབས་དང་དམག་རྒྱག་གི་ཚད་འཇལ་འགན་ལེན་ནུས་པ་ཆེ་རུ་བཏང་ཡོད་པ་རེད།

  
style="display:none;"