འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་18ཉིན།

༄༅།།ཧྥ་རན་སེ་ཙུང་ཐུང་ལ་ཏོག་གསར་གློ་ཚད་འགོས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་18ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཧྥ་རན་སེ་ཙུང་ཐུང་ལ་ཏོག་གསར་གློ་ཚད་འགོས་པ།
    མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་17ཉིན། ཧྥ་རན་སེའི་ཙུང་ཐུང་ཁང་ཨའེ་ལི་ཧྲི་ཕོ་བྲང་གིས་གསལ་བསྒྲགས་སྤེལ་ནས། ཙུང་ཐུང་མ་ཁེ་ལུང་ཉིན་དེར་ཏོག་གསར་གློ་ཚད་ནད་དུག་ཞིབ་བཤེར་འབྲས་བུ་གདགས་གཤིས་སུ་གྱུར་ཡོད་ཟེར། གཞན་ཡང་གནས་འཕྲིན་སྤེལ་བར་གཞིགས་ན། ཧྥ་རན་སེའི་ཙུང་ལི་ཁཱ་སི་ཐའེ་དང་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་ཧྥེ་ལང་། ཙུང་ཐུང་གི་སྐུ་ལྕམ་པུའུ་ལི་ཅི་ཐེ་མ་ཁེ་ལུང། སྲིད་གཞུང་གི་དཔོན་པོ་འགའ་འབྲེལ་འདྲིས་དམ་ཟབ་བྱེད་མཁན་ཡིན་པས་རང་ཉིད་ཀྱིས་ལོགས་བཀར་བྱེད་འགོ་བརྩམས། 
   གསལ་བསྒྲགས་ནང་། མ་ཁེ་ལུང་གིས་ཐོག་མའི་གནས་ཚུལ་བྱུང་མ་ཐག་ཏུ་ཞིབ་བཤེར་བྱས་ཤིང་དེ་རྗེས་ཏོག་གསར་ནད་དུག་འགོས་པ་གཏན་འཁེལ་བྱུང་། ཧྥ་རན་སེའི་སྲིད་གཞུང་གིས་བཟོས་པའི་རིམས་འགོག་བླང་བྱ་ལྟར་ན། མ་ཁེ་ལུང་རང་ཉིད་ཀྱིས་ལོགས་བཀར་ཉིན་7བྱ་རྒྱུ་ཡིན་རུང་ལས་དོན་མུ་མཐུད་དུ་སྒྲུབ་རྒྱུ་དང་། བྱེད་སྒོ་ཚང་མ་དྲ་ཐོག་ནས་སྤེལ་རྒྱུ་རེད། ཧྥ་རན་སེའི་སྨྱན་སྦྱོར་གྱིས་གནས་འཕྲིན་སྤེལ་བར་གཞིགས་ན། མ་ཁེ་ལུང་གི་མིག་སྔའི་གནས་ཚུལ་ལེགས་པོ་ཡིན་ཞིང་། ནད་གཞི་ལྕི་བའི་རྣམ་པ་བྱུང་མེད། 
    ཧྥ་རན་སེའི་སྨྱན་སྦྱོར་གྱིས་གནས་འཕྲིན་སྤེལ་བར་གཞིགས་ན། པུའུ་ལི་ཅི་ཐེ་མ་ཁེ་ལུང་དང་ཁཱ་སི་ཐའེ་ལ་ནད་རྟགས་གང་ཡང་མེད་ཀྱང་། རང་ཉིད་ཀྱིས་ལོགས་བཀར་བྱེད་འགོ་བརྩམས་ཡོད། པུའུ་ལི་ཅི་ཐེ་མ་ཁེ་ལུང་གིས་མགྱོགས་པོར་ཏོག་གསར་ནད་དུག་ཞིབ་བཤེར་བྱ་རྒྱུ་དང་། ཁོ་མོའི་བྱེད་སྒོ་དག་ཀྱང་དྲ་ཐོག་བརྙན་ལམ་གྱི་སྒོ་ནས་སྤེལ་རྒྱུ་རེད། ཁཱ་སི་ཐའེ་ཡིས་ཚེས་17ཉིན་གྱི་སྔ་དྲོར་ཏོག་གསར་ནད་དུག་ཞིབ་བཤེར་འབྲས་བུ་སྲིབ་གཤིས་ཡིན་ཞིང་། ཁོས་ཉིན་བདུན་གྱི་རྗེས་སུ་ཞིབ་བཤེར་ཐེངས་གཉིས་པ་བྱ་རྒྱུ་རེད། 
   ཧྥ་རེན་སེའི་སྲིད་གཞུང་གི་དཔོན་པོ་ཁག་ཅིག་གིས་ཀྱང་རང་ཉིད་ཀྱིས་ལོགས་བཀར་བྱེད་འགོ་བརྩམས། ཙུང་ལི་ཁང་གི་འགན་འཁུར་བ་དང་གྲོས་ཚོགས་དང་འབྲེལ་བ་ཡོད་པའི་པུའུ་ཀྲང་རིམ་པའི་འཐུས་ཚབ་ཧྥེ་སི་ནོ་ཡིས་ཚེས་17ཉིན་སྔ་དྲོར་འབྲེལ་འདྲིས་དམ་ཟབ་བྱེད་མཁན་ཡིན་པའི་ངོས་ནས། འཕྲལ་དུ་གྲོས་ཚོགས་ཀྱི་གྲོས་ར་ནས་ཕྱིར་བུད་པ་རེད། ཙུང་ཐུང་ཁང་གི་དྲུང་ཡིག་ཆེན་མོ་ཨ་ལི་ཁེ་ཞི་ཁོ་ལེ་ཡང་འབྲེལ་འདྲིས་དམ་ཟབ་བྱེད་མཁན་ཡིན་པའི་ངོས་ནས་ལོགས་བཀར་བྱས་པ་རེད། 
   ཧྥ་རན་སེའི་ཙུང་ཐུང་ཁང་གིས་ཟླ་12ཚེས་17ཉིན། ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་ལ་ཏོག་གསར་ནད་དུག་ཞིབ་བཤེར་འབྲས་བུ་གདགས་གཤིགས་མངོན་པ་བསྒྲགས་ཡོད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15833124.html)