འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་17ཉིན།

༄༅།།རང་རྒྱལ་གྱི་འགོག་ཁབ་5ནད་ཐོག་ཚོད་ལྟའི་དུས་རིམ་གསུམ་པར་སླེབས། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་17ཉིན། 13:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རང་རྒྱལ་གྱི་འགོག་ཁབ་5ནད་ཐོག་ཚོད་ལྟའི་དུས་རིམ་གསུམ་པར་སླེབས།
    མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་16ཉིན། “མིག་སྔར་རང་རྒྱལ་གྱི་ཏོག་གསར་ནད་དུག་འགོག་ཁབ་5ནད་ཐོག་ཚོད་ལྟའི་དུས་རིམ་གསུམ་པར་སླེབས་ཤིང་། ཁ་གྲངས་ནི་གོ་ལ་ཡོངས་ལས་སྔོན་གྲལ་དུ་ཡོད། ” རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་ཚན་ཞིབ་འགག་སྒྲོལ་ཚོགས་ཆུང་གི་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་ཆེད་དོན་འཛིན་གྲྭའི་ལས་དོན་ཚོགས་ཆུང་གི་ཚོགས་གཙོ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སྨན་བཅོས་འཕྲོད་བསྟེན་ཚན་རྩལ་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲེན་ཀྲོང་ཝེ་ཡིས་ཉེ་ཆར་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། “རིམས་ནད་འགོག་ཁབ་གསར་སྤེལ་ནི་མཐའ་མའི་གདོང་མཆོང་དུས་རིམ་ལ་སླེབས་ཤིང་། ང་ཚོ་ནི་གོ་ལ་ཧྲིལ་བོའི་གྲལ་རིམ་དང་པོའི་ནང་ཡོད་ཅིང་། ཡིན་ནའང་། ཨང་དང་པོའི་ཆེད་དུ་འཕྲོག་རྒྱུག་བྱེད་ཀྱི་མེད།”ཟེར།
    ཀྲེན་ཀྲོང་ཝེ་ཡིས། རིམས་འགོག་སྨན་ཁབ་གཅིག་ལ་གདེང་འཇོག་དགོས་ན་དམིགས་ཚད་མང་པོའི་ཐད་ནས་ཕྱོགས་བསྡུས་གདེང་འཇོག་བྱེད་དགོས་ཤིང་། དེའི་ཁྲོད་ཀྱི་བདེ་འཇགས་རང་བཞིན་དང་ཕན་ནུས་རང་བཞིན། ཟིན་རུང་རང་བཞིན། འགན་འཁུར་ཐུབ་པའི་རང་བཞིན་བཅས་ནི་ཆེས་གལ་ཆེ་བ་དེ་རེད། “ང་ཚོས་གཞི་རྒྱ་ཆེན་པོའི་ཐོན་སྐྱེད་གྲ་སྒྲིག་བྱེད་བཞིན་ཡོད།”ཟེར།
   ཤེས་རྟོགས་བྱུང་བར་གཞིགས་ན། རིམས་ནད་བྱུང་བ་ནས་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་ཚན་ཞིབ་འགག་སྒྲོལ་ཚོགས་ཆུང་གི་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་ཆེད་དོན་འཛིན་གྲྭ་དང་འབྲེལ་ཡོད་ཕྱོགས་ཀྱིས་འཐབ་འཛིང་སྐབས་ཀྱི་རྣམ་པའི་ཐོག་ནས་འགོག་ཁབ་ཀྱི་ཕྱོགས་ཁག་གི་ལས་དོན་སྐུལ་འདེད་བྱེད་བཞིན་ཡོད། ཚན་ཞིབ་མི་སྣས་དུས་ཚོད་དམ་འཛིན་དང་སྟོབས་ཤུགས་ཆེར་སྐྱེད་ཀྱིས་འགག་སྒྲོལ་བྱེད་བཞིན་ཡོད། མིག་སྔར། ལག་རྩལ་ལམ་བུ་5ཡི་འགོག་ཁབ་15ནད་ཐོག་ཚོད་ལྟ་དུས་རིམ་ལ་སླེབས་ཡོད། 
   ནད་ཐོག་ཚོད་ལྟ་དུས་རིམ་གསུམ་པར་སླེབས་པའི་འགོག་ཁབ་ལ་རྒྱལ་སྨན་ཚོགས་པའི་ཀྲུང་གོ་སྐྱེ་དངོས་ཀྱི་འགོག་ཁབ་2དང་། པེ་ཅིང་ཁོ་ཤིས་ཝེ་ཀུང་སིའི་འགོག་ཁབ་1  དམག་དོན་གསོ་རིག་ཞིབ་འཇུག་སློབ་གླིང་དང་ཁང་ཞི་ནའོ་ཀུང་སི་མཉམ་འབྲེལ་སྒོས་ཞིབ་འཇུག་གསར་སྤེལ་བྱེད་པའི་གཤེར་རྨེན་ནད་དུག་ཐེག་གཟུགས་འགོག་ཁབ། ཀྲུང་གོ་ཚན་རིག་སློབ་གླིང་སྐྱེ་དངོས་ཕྲ་མོ་ཁང་དང་ཀྲི་ཧྥེ་སྐྱེ་དངོས་ཀུང་སི་མཉམ་འབྲེལ་སྒོས་ཞིབ་འཇུག་གསར་སྤེལ་བྱེད་པའི་བསྐྱར་སྒྲིག་སྤྲིན་དཀར་འགོག་ཁབ་བཅས་རེད། 
   དེ་ཡང་ཏོག་གསར་གློ་ཚད་རིམས་ནད་རང་རྒྱལ་དུ་ཕན་ནུས་ལྡན་པའི་ངང་ཚོད་འཛིན་བྱེད་ཐུབ་ཡོད་པ་དང་། རྒྱལ་ནང་དུ་དུས་རིམ་གསུམ་པའི་ནད་ཐོག་ཚོད་ལྟ་བྱེད་པའི་ཆ་རྐྱེན་མི་འཛོམས་པས།  གོང་དུ་བརྗོད་པའི་དུས་རིམ་གསུམ་པའི་ནད་ཐོག་ཚོད་ལྟ་ནི་གཙོ་བོ་ཕྱི་རྒྱལ་དུ་སྤེལ་དགོས་རྐྱེན།  དཀའ་ཚེགས་དང་འགྲན་སློང་ཁ་ཤས་དང་ཡང་འཕྲད་ཡོད་པ་རེད། 
   ལོ་བརྒྱ་ལ་ཐེངས་གཅིག་བྱུང་བའི་ཏོག་གསར་གློ་ཚད་རིམས་ནད་ལ་གནས་ཚུལ་གསར་པ་དང་གནད་དོན་གསར་པ་འཕྲད་སྐབས། གསར་གཏོད་ཀྱི་བསམ་བློ་སྔར་ལས་མང་བ་དགོས་པ་དང་འགན་འཁྲི་སྔར་བས་ཁུར་ཕོད་དགོས། 
    རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱིས་དེ་སྔོན་སྤྱི་བསྒྲགས་བྱས་པའི་གནས་ཚུལ་ལ་གཞིགས་ན། རང་རྒྱལ་གྱིས་ཟླ་6པ་ནས་ཏོག་གསར་ནད་དུག་འགོག་ཁབ་བེད་སྤྱོད་བྱེད་འགོ་བརྩམས་ཡོད།(བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15832994.html)