འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་16ཉིན།

༄༅།།ཡོན་མིང་ཡོན་སྐྱེད་ཚལ་ནས་གོང་མ་ཚང་གི་འབྲས་ཞིང་གི་རྗེས་ཤུལ་གསར་དུ་རྙེད་པ། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་16ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཡོན་མིང་ཡོན་སྐྱེད་ཚལ་ནས་གོང་མ་ཚང་གི་འབྲས་ཞིང་གི་རྗེས་ཤུལ་གསར་དུ་རྙེད་པ།
    མི་དམངས་དྲ་བའི་འཕྲིན། ཡོན་མིང་ཡོན་སྐྱེད་ཚལ་གྱི་ལྗོངས་རྣམ་བཞི་བཅུའི་ཡ་གྱལ་ཏན་པའོ་ཉིང་ཅིང་གནའ་ཤུལ་ལ་གནའ་རྫས་རྟོག་ཞིབ་བསྔོགས་འདོན་བྱས་པ་ལས་གསར་རྙེད་གལ་ཆེན་བྱུང་ཡོད། གསར་འགོད་པས་ཁ་སང་ཡོན་མིང་ཡོན་སྐྱེད་ཚལ་དོ་དམ་ཁྲུའུ་ནས་ཤེས་རྟོགས་བྱུང་གསལ། གནའ་རྫས་རྟོག་ཞིབ་མི་སྣས་ཁང་པ་གཙོ་བོ་སྟེ་“田དབྱིབས་”ཁང་མིག9དང་དེའི་ནང་གི་གནས་ཚུལ་གསར་རྙེད་བྱུང་ཡོད་ལ། ཐེངས་དང་པོར་རྩི་ཤིང་གནའ་རྫས་རྟོག་ཞིབ་ཀྱི་ལག་ཐབས་བརྒྱུད་ནས་གོང་མ་ཚང་གི་འབྲས་ཞིང་གི་རྗེས་ཤུལ་གསར་རྙེད་བྱུང་ཡོད། 
    ཏན་པའོ་ཉིང་ཅིང་གནའ་ཤུལ་ནི་ཡོན་མིང་ཡོན་སྐྱེད་ཚལ་ནུབ་བྱང་རྒྱུད་དུ་ཡོད་པ་དང་། གོང་མ་ཡུང་ཀྲེན་ཁྲི་ལོ་ལྔ་པའི་(1727ལོ)དུས་སུ་བསྐྲུན་པ་རེད། ཤར་ནུབ་བར་གྱི་བར་སྟོངས་ལ་སྨི་160ཡོད་པ་དང་། ལྷོ་བྱང་བར་གྱི་རིང་ཚད་ལ་སྨི་140ཡོད། ལོ་རྒྱུས་དཔྱད་ཡིག་ལས་མངོན་གསལ། ཏན་པའོ་ཉིང་ཅིང་གི་ཁང་པ་གཙོ་བོ་ནི་“田”དབྱིབས་ཀྱི་ཁང་པ་ཆེན་པོ་ཞིག་ཡིན་པ་དང་། དེ་ལ་“田དབྱིབས་ཁང་པ་”ཞེས་འབོད་པ་རེད། མིག་སྔར། ཏན་པའོ་ཉིང་ཅིང་གནའ་ཤུལ་གྱི་རི་ཆུའི་སྐྱ་ཐིག་ད་དུང་གནས་ཡོད་པ་དང་། གནའ་ཤུལ་ཁྱབ་ཁོངས་ནང་དུ་རྡོ་དང་ཀ་རྟེན་ཁ་ཤས་མཐོང་ཐུབ་ཀྱིན་ཡོད། 
    ད་ལོའི་ཟླ་11པའི་ཟླ་འགོ་ནས་ཡོན་མིང་ཡོན་སྐྱེད་ཚལ་དོ་དམ་ཁྲུའུ་ཡིས་པེ་ཅིང་གྲོང་ཁྱེར་རིག་དངོས་ཞིབ་འཇུག་ཁང་དང་། པེ་ཅིང་སློབ་ཆེན་གནའ་རྫས་རྟོག་ཞིབ་རིག་གནས་དངོས་མང་བཤམས་སྟོན་ཁང་སློབ་གླིང་དང་མཉམ་འབྲེལ་བྱས་ནས། ཏན་པའོ་ཉིང་ཅིང་གནའ་ཤུལ་ལ་གནའ་རྫས་རྟོག་ཞིབ་བསྔོགས་འདོན་བྱས་པ་རེད། པེ་ཅིང་གྲོང་ཁྱེར་རིག་དངོས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་དང་ཡོན་མིང་ཡོན་སྐྱེད་ཚལ་ཞིབ་འཇུག་བྱ་གཞི་ཚོ་ཆུང་གི་འགོ་འཛིན་ཀྲང་ཀྲུང་ཧྭ་ཡིས་ངོ་སྤྲོད་བྱས་དོན། གནའ་རྫས་ཀྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་500ཡོད་ཅིང་། མིག་སྔར་བཞི་ཆ་གཅིག་གི་ས་ཁོངས་ལ་གནའ་རྫས་བསྔོགས་འདོན་བྱས་ཡོད། 
   ཡོན་མིང་ཡོན་སྐྱེད་ཚལ་དོ་དམ་ཁྲུའུ་རིག་དངོས་གནའ་རྫས་རྟོག་ཞིབ་ཁོའོ་ཡི་ཁོའོ་ཀྲང་ཁྲེན་ཧུའེ་ཡིས་ངོ་སྤྲོད་བྱས་པ་སྟེ་“田”ཡིས་ཞིང་ལས་མཚོན་པ་རེད། གནའ་བོའི་ཀྲུང་གོས་ཞིང་ལས་རྩ་བར་འཛིན་པ་དང་། ཆིང་རྒྱལ་རབས་ཀྱི་གོང་མས་“田”ཁང་བ་བྱེད་ལ། ད་དུང་ཡོན་མིང་ཡོན་སྐྱེད་ཚལ་གྱི་འབྲས་ཞིང་དུ་“ས་ཞིང་གི་ལེགས་སྐྱེས་”(རང་ཉིད་དངོས་སུ་ཞིང་རྨོ་བའི་མཛད་སྒོ)སྤེལ་བ་མ་ཟད། ཞིང་ལས་དང་ནམ་དུས་ལ་ལྟ་ཞིབ་བྱས་ཏེ་ཞིང་ལས་ལ་མཐོང་ཆེན་བྱེད། “田དབྱིབས་ཁང་པ”ཡི་མཐའ་སྐོར་དུ་ཆུ་ཕྲན་གྱིས་བསྐོར་ཡོད་པ་མ་ཟད། ད་དུང་རྒྱ་ཁྱོན་ཆེ་བའི་གོང་མའི་འབྲས་ཞིང་ཡང་ཡོད། 
    གསར་འགོད་པས་ཤེས་རྟོགས་བྱུང་གསལ། གནའ་ཤུལ་ཁོངས་གཏོགས་ཀྱི་གོང་མའི་འབྲས་ཞིང་ལ། གནའ་རྫས་རྟོག་ཞིབ་མི་སྣས་རྩི་ཤིང་གནའ་རྫས་རྟོག་ཞིབ་ཀྱི་ལག་ཐབས་ཐོག་མར་སྤྱད་དེ་པེ་ཅིང་ནུབ་ཕྱོགས་ཀྱི་ཆུ་འབྲས་འདེབས་འཛུགས་ལ་གནའ་རྫས་རྟོག་ཞིབ་རིག་པའི་ཞིབ་འཇུག་བྱས་པ་རེད། མིག་སྔར་འབྲས་ཞིང་གི་རྣང་མ་རྙེད་ཡོད། 
    ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་ཏན་པའོ་ཉིང་ཅིང་གནའ་ཤུལ་ལ་གནའ་རྫས་རྟོག་ཞིབ་བྱེད་པ་དེ་གྲོང་མི་དང་ཡུལ་སྐོར་བ་ལ་གནའ་རྫས་རྟོག་ཞིབ་བསྔོག་འདོན་ས་གནས་ཡོངས་སུ་སྒོ་ཕྱེ་ཡོད་པ་དང་། ད་དུང་བྱེད་ཐབས་འདྲ་མིན་ལམ་ནས་དུས་ཐོག་ཏུ་སྤྱི་ཚོགས་ལ་གནའ་རྫས་རྟོག་ཞིབ་འབྲས་བུ་མཉམ་སྤྱོད་བྱ་རྒྱུ་རེད།(བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15832879.html)
༄༅།།ཡོན་མིང་ཡོན་སྐྱེད་ཚལ་ནས་གོང་མ་ཚང་གི་འབྲས་ཞིང་གི་རྗེས་ཤུལ་གསར་དུ་རྙེད་པ།
༄༅།།ཡོན་མིང་ཡོན་སྐྱེད་ཚལ་ནས་གོང་མ་ཚང་གི་འབྲས་ཞིང་གི་རྗེས་ཤུལ་གསར་དུ་རྙེད་པ།