འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་16ཉིན།

༄༅།།ཨ་རིའི་སྐབས་རྗེས་མའི་སྲིད་འཛིན་བདམས་ཐོན་བྱུང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་16ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཨ་རིའི་སྐབས་རྗེས་མའི་སྲིད་འཛིན་བདམས་ཐོན་བྱུང་བ།
    མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་12ཚེས་14ཉིན། ཨ་རིའི་ས་གནས་ཁག་གི་འདེམས་བསྐོ་པས་ཚེས་14ཉིན་འདེམས་ཤོག་འཕངས་པ་དང་དམངས་གཙོ་ཏང་གི་ཇོ་སེ་ཧྥུའུ་པའེ་ཏིན་དངོས་སུ་སྐབས་རྗེས་མའི་སྲིད་འཛིན་ལ་བདམས། 
   ཨ་རིའི་མངའ་སྡེ་50དང་རྒྱལ་ས་ཝ་ཧྲིན་ཐོན་ཁོ་ལོན་པེ་ཡ་དམིགས་བསལ་ཁུལ་ཁག་གིས་ཉིན་དེར་འདེམས་བསྐོ་བའི་གྲོས་ཚོགས་སྤེལ་ནས་སྐབས་རྗེས་མའི་སྲིད་འཛིན་བདམས་པ་རེད། ཆེས་མཐའ་མཇུག་གི་བསྡོམས་རྩིས་ལས་མངོན་གསལ། པའེ་ཏིན་ལ་འདེམས་ཤོག་306ཐོབ་པ་དང་། བསྟུད་མར་སྲིད་འཛིན་འགན་འཁུར་རེ་བྱེད་པའི་ད་ལྟའི་སྲིད་འཛིན་ཏང་ན་ཐེ་རོན་ཕུ་ལ་ལྷག་མའི་འདེམས་ཤོག་232ཐོབ་ཡོད། འདེམས་བསྐོ་ཚོགས་པས་དུས་མཚུངས་སུ་པའེ་ཏིན་གྱི་འདེམས་འགྲན་རོགས་པ་ཁཱ་མ་ལ་ཧ་ལི་སི་སྐབས་རྗེས་མའི་སྲིད་འཛིན་གཞོན་པར་བདམས་པ་རེད། 
    ཨ་རིའི་སྲིད་འཛིན་འདེམས་བསྐོ་ལ་“འདེམས་བསྐོ་ཚོགས་པ”བརྒྱུད་པའི་འདེམས་བསྐོ་ལམ་ལུགས་ལག་བསྟར་བྱེད་པ་དང་། འདེམས་བསྐོ་ཚོགས་པ་ནི་འདེམས་བསྐོ་བ་མི་538གྱིས་གྲུབ་པ་དང་། དེ་ལས་འདེམས་ཤོག་ཕྱེད་ཀ་ཡན་ཏེ་ཉུང་མཐར་ཡང་འདེམས་ཤོག་270 ཐོབ་མཁན་རྒྱལ་བ་རེད། མངའ་སྡེ་ཁག་གི་འདེམས་བསྐོ་བས་རྒྱུན་པར་མངའ་སྡེ་དེ་གའི་ཡོངས་ཁྱབ་འདེམས་བསྐོའི་ཁྲོད་འདེམས་ཤོག་ཐོབ་མང་ཤོས་ཀྱི་འོས་མི་འདེམས་ཀྱི་ཡོད། 
    པའེ་ཏིན་ཚེས་14ཉིན་གྱི་དགོང་མོར་ཐེ་ལ་ཧྭ་མངའ་སྡེའི་ཝེ་མིང་ཏུན་གྲོང་ཁྱེར་ནས་གཏམ་བཤད་སྤེལ་བ་སྟེ། སྐབས་གསར་པའི་སྲིད་གཞུང་གི་ཁ་ཚ་དགོས་གཏུག་གི་འོས་འགན་ནང་ཏོག་གསར་གློ་ཚད་རིམས་ནད་ཚོད་འཛིན་དང་། ཏོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱག་པར་སྐུལ་འདེད་གཏོང་བ། ཨ་རི་བ་ལ་སྔར་བས་མང་བའི་དཔལ་འབྱོར་རོགས་སྐྱོབ་དང་དེ་བཞིན་དུ་ཨ་རིའི་དཔལ་འབྱོར་བསྐྱར་བསྐྲུན་སོགས་འདུས་ཡོད་པ་བརྗོད། 
    2020ལོའི་ཨ་རིའི་འདེམས་བསྐོ་ཆེན་མོ་ནི་ཟླ་11ཚེས་3ཉིན་སྤེལ་བ་རེད། བསྡོམས་རྩིས་ལས་མངོན་གསལ། པའེ་ཏིན་དང་ཐེ་རོན་ཕུ་སོ་སོ་ལ་ཡོངས་ཁྱབ་འདེམས་ཤོག་8100དང་7400ཐོབ་ཡོད། ཡིན་ནའང་། ཐེ་རོན་ཕུ་ཡིས་ཐེངས་འདིའི་འདེམས་བསྐོ་ལ་གཞི་རྒྱ་ཆེ་བའི་གཡོ་ཟོལ་བྱ་སྤྱོད་ཀྱི་གནས་ཚུལ་ཡོད་པར་བརྗོད་དེ་ད་ལྟའི་བར་རང་ཉིད་ཕམ་པ་ངོས་ལེན་བྱས་མེད། ཚེས་14ཉིན་གྱི་དགོང་མོར། ཐེ་རོན་ཕུ་རང་ཉིད་དང་འདེམས་འགྲན་ཚོགས་པ་གཉི་ཀས་འདེམས་ཤོག་འཕངས་པའི་མཇུག་འབྲས་ཐད་རྣམ་འགྱུར་གང་ཡང་བསྟན་མེད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15832876.html)
༄༅།།ཨ་རིའི་སྐབས་རྗེས་མའི་སྲིད་འཛིན་བདམས་ཐོན་བྱུང་བ།
༄༅།།ཨ་རིའི་སྐབས་རྗེས་མའི་སྲིད་འཛིན་བདམས་ཐོན་བྱུང་བ།