འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་15ཉིན།

༄༅།།ཨ་རིས་འགོག་ཁབ་རྒྱག་འགོ་བརྩམས། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་15ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་ཨ་རིའི་ཉིའུ་ཡོ་གླིང་ཕྲན་རིང་མོ་ཡུའུ་ཐའེ་སྨན་བཅོས་ལྟེ་གནས་སུ་ནད་གཡོག་སི་ཐི་ཧྥུན་ཉི་ཁེར་(གཡོན)ལ་ཏོག་གསར་གློ་ཚད་འགོག་ཁབ་རྒྱག་བཞིན་པ་ཡིན།
འདི་ནི་ཨ་རིའི་ཉིའུ་ཡོ་གླིང་ཕྲན་རིང་མོ་ཡུའུ་ཐའེ་སྨན་བཅོས་ལྟེ་གནས་སུ་ནད་གཡོག་སི་ཐི་ཧྥུན་ཉི་ཁེར་(གཡོན)ལ་ཏོག་གསར་གློ་ཚད་འགོག་ཁབ་རྒྱག་བཞིན་པ་ཡིན། 
    མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་14ཉིན། ཨ་རིས་ཏོག་གསར་གློ་ཚད་རིམས་ནད་འགོག་ཁབ་རྒྱག་འགོ་བརྩམས་པ་དང་། ཐོག་མར་སྨན་དོན་མི་སྣ་དང་རྒན་གསོ་ཁང་སོགས་སུ་ཡུན་རིང་ནད་སྐྱོང་བྱེད་པའི་ལས་ཁུངས་ཀྱི་ལས་སྒྲུབ་པ་ཚོར་རྒྱག་རྒྱུ་རེད། 
    ཉིན་དེའི་སྔ་དྲོར། ཉིའུ་ཡོ་གླིང་ཕྲན་རིང་མོ་ཡུའུ་ཐའེ་སྨན་བཅོས་ལྟེ་གནས་ནད་ལྕི་ལྟ་སྐྱོང་ཁང་གི་ནད་གཡོག་སངས་ཏེ་ལཱ་ལིང་སའེ་ལ་ཆེས་ཐོག་མར་འགོག་ཁབ་བརྒྱབ་པ་དང་། ཉིའུ་ཡོ་མངའ་སྡེའི་ཐོག་མའི་འགོག་ཁབ་རྒྱག་མཁན་ཡིན་ཞིང་། ཨ་རི་ཡོངས་སུ་ཁག་དང་པོར་འགོག་ཁབ་རྒྱག་མཁན་གྱི་གྲས་སུ་གྱུར་བ་རེད། 
   བརྙན་རིས་ཐད་གཏོང་ནང་། འགོག་ཁབ་རྒྱག་དུས། ལིང་སའེ་ཡིས་རིམས་ནད་ཀྱི་འཐབ་ས་དང་པོར་ཡོད་པའི་ལས་དོན་མི་སྣ་དང་དེ་བཞིན་གོ་ལ་ཧྲིལ་པོའི་རིམས་འགོག་ཐད་འབད་བརྩོན་ལྷོད་མེད་བྱེད་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་ཞིང་། ཁོ་མོས། རང་ཉིད་ཀྱིས་དེ་རིང་ནས“རེ་བ་ཡོད་པ་མཐོང་ལ”བློ་བདེ་པོར་གྱུར་སོང་། འགོག་ཁབ་ལ་བརྟེན་ནས“ཨ་རིའི་ལོ་རྒྱུས་ཐོག་སྡུག་བསྔལ་ཧ་ཅང་ཆེ་བའི་དུས་སྐབས་འདི་མཇུག་སྒྲུལ་ཐུབ་པའི་སྨོན་ལམ”ཞེས་བཤད་སོང་། 
   ཉིའུ་ཡོ་མངའ་སྡེའི་འགོ་འཛིན་ཨན་ཏེར་ཁོ་མོ་ཡིས་ཉིན་དེར། འདི་ནི་ཕུག་ལམ་གྱི་མཐའ་སྣེའི་འོད་ཟེར་རེད། “ཡིན་ནའང་འདི་ནི་ཕུག་ལམ་ཧ་ཅང་རིང་པོ་ཞིག་རེད”ཅེས་བཤད། 
   ཨ་རིའི་ཟས་རིགས་དང་སྨན་རྫས་དོ་དམ་ཅུས་ཀྱིས་ཚེས་11ཉིན་ཨ་རིའི་ཧུའེ་རུའེ་སྨན་བཟོ་ཚད་ཡོད་ཀུང་སི་དང་འཇར་མན་སྐྱེ་དངོས་ལག་རྩལ་གསར་པའི་ཀུང་སི་མཉམ་འབྲེལ་བྱས་ནས་ཞིབ་འཇུག་གསར་སྤེལ་བྱས་པའི་ཏོག་གསར་གློ་ཚད་རིམས་ནད་འགོག་ཁབ་འཕྲལ་མྱུར་བེད་སྤྱོད་དབང་ཆ་སྤྲོད་རྒྱུའི་རེ་ཞུར་ཆོག་མཆན་གནང་བ་རེད། དེ་ནི་ཨ་རིར་འཕྲལ་མྱུར་སྤྱོད་པའི་རིམས་འགོག་སྨན་ཁབ་གསར་པ་ཁག་དང་པོ་དེ་ཡིན་པ་དང་། ལོ་16དང་དེའི་ཡན་གྱི་མི་ཚོགས་ལ་སྤྱོད་ཆོག་གི་ཡོད་པ་རེད། 
   ཨ་རིའི་ནད་རིགས་ཚོད་འཛིན་དང་སྔོན་འགོག་ལྟེ་གནས་ཀྱི་ཀྲུའུ་རེན་རོ་པེར་ལེ་ཏི་ཧྥེར་ཏི་ཡིས་ཚེས་13ཉིན་རིམས་འགོག་སྨན་ཁབ་འདི་བཀོལ་སྤྱོད་བྱེད་པའི་གྲོས་འགོར་མིང་རྟགས་བཀོད། ཁོས་གསལ་བསྒྲགས་ཤིག་གི་ནང་དུ། རིམས་འགོག་སྨན་ཁབ་ཁག་དང་པོ་དེ་ཚེས་14ཉིན་ནས་རྒྱག་འགོ་འཛུགས་རྒྱུ་ཡིན་པ་དང་། དེ་ནི་ཨ་རིའི་མང་ཚོགས་ལ་སྲུང་སྐྱོང་བྱེད་པ་དང་། རིམས་ནད་ཀྱི་ཕོག་ཐུག་ཆུང་དུ་གཏོང་བ། མང་ཚོགས་ཀྱི་འཚོ་བ་སླར་གསོ་བྱེད་པ། རྒྱལ་ཁབ་ཀྱི་རྒྱུན་གཏན་གནས་ཚུལ་སླར་གསོ་བྱེད་པ་བཅས་ཀྱི་ཐད་འབད་བརྩོན་བྱས་པའི་གྲུབ་འབྲས་ཤིག་ཡིན་པ་བསྟན། 
    ཨ་རིའི་ཧུའེ་རུའེ་སྨན་བཟོ་ཚད་ཡོད་ཀུང་སི་དང་འཇར་མན་སྐྱེ་དངོས་ལག་རྩལ་གསར་པ་མཉམ་འབྲེལ་བྱས་ནས་ཞིབ་སྤེལ་བྱས་པའི་ཏོག་གསར་གློ་ཚད་འགོག་ཁབ་གསར་པ་ནི་(mRNA)འགོག་ཁབ་ཡིན་ཞིང་། ཏོག་གསར་ནད་དུག་གི་ཚེར་འབུར་སྤྲི་དཀར་གྱིས་ནུས་པ་འདོན་པ་ལ་དམིགས་ཡོད། ཀུང་སི་འདི་གཉིས་ཀྱིས་ཟླ་11པར་སྐབས་Ⅲཔའི་ནད་ཐོག་ཚོད་ལྟ་དུས་དཀྱིལ་དུ་གྲངས་གཞི་ཞིབ་བཤེར་བྱས་པ་ལས་མངོན་གསལ། འགོག་ཁབ་ཀྱི་ཕན་ནུས་ཚད་ནི་90%བརྒལ་ཡོད། ཀུང་སི་གཉིས་ཀྱིས། ད་དུང་ལོ་གཉིས་ཀྱི་རིང་ལ་འགོག་ཁབ་འདིའི་ཕན་ནུས་རང་བཞིན་དང་བདེ་འཇགས་རང་བཞིན་གྱི་གྲངས་གཞི་བསྡུ་དགོས་ཟེར། རིམས་ནད་འགོག་ཁབ་འདི་ནི་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་70ཁོར་ཡུག་ཁྲོད་ཉར་ཚགས་བྱ་དགོས།  (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15832748.html)
འདི་ནི་ཨ་རིའི་ཉིའུ་ཡོ་གླིང་ཕྲན་རིང་མོ་ཡུའུ་ཐའེ་སྨན་བཅོས་ལྟེ་གནས་སུ་སྨན་དོན་མི་སྣས་ཏོག་གསར་གློ་ཚད་རིམས་འགོག་སྨན་ཁབ་རྒྱག་པར་གྲ་སྒྲིག་བྱེད་བཞིན་པ་ཡིན།
འདི་ནི་ཨ་རིའི་ཉིའུ་ཡོ་གླིང་ཕྲན་རིང་མོ་ཡུའུ་ཐའེ་སྨན་བཅོས་ལྟེ་གནས་སུ་སྨན་དོན་མི་སྣས་ཏོག་གསར་གློ་ཚད་རིམས་འགོག་སྨན་ཁབ་རྒྱག་པར་གྲ་སྒྲིག་བྱེད་བཞིན་པ་ཡིན། 
འདི་ནི་ཨ་རིའི་ཉིའུ་ཡོ་གླིང་ཕྲན་རིང་མོ་ཡུའུ་ཐའེ་སྨན་བཅོས་ལྟེ་གནས་ནད་ལྕི་ལྟ་སྐྱོང་ཁང་གི་ནད་གཡོག་སངས་ཏེ་ལཱ་ལིང་སའེ་(གཡོན)ལ་ཏོག་གསར་གློ་ཚད་འགོག་ཁབ་རྒྱག་བཞིན་པ་ཡིན།
འདི་ནི་ཨ་རིའི་ཉིའུ་ཡོ་གླིང་ཕྲན་རིང་མོ་ཡུའུ་ཐའེ་སྨན་བཅོས་ལྟེ་གནས་ནད་ལྕི་ལྟ་སྐྱོང་ཁང་གི་ནད་གཡོག་སངས་ཏེ་ལཱ་ལིང་སའེ་(གཡོན)ལ་ཏོག་གསར་གློ་ཚད་འགོག་ཁབ་རྒྱག་བཞིན་པ་ཡིན།