འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་8ཉིན།

༄༅།།ཀན་སུའུ་ནས་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་ལུགས་དྲ་བ་ཤར་གཏོང་བྱུང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་08ཉིན། 15:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་4ཉིན། “12348ཀན་སུའུ་བོད་རྒྱ་སྐད་གཉིས་ཁྲིམས་ལུགས་དྲ་བ”ཀན་སུའུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོད་གྲོང་ཁྱེར་དུ་ཤར་གཏོང་བྱུང་བ་དང་། དེ་ནི་ཀན་སུའུ་བོད་འབྲེལ་ས་ཁུལ་མང་ཚོགས་ལ་སྟབས་བདེ་དང་ཕན་ནུས་ལྡན་པ། ཆེད་ལས་ཅན། སྤུས་ལེགས་པའི་བོད་རྒྱ་སྐད་གཉིས་སྤྱི་སྤྱོད་བཅའ་ཁྲིམས་ཞབས་ཞུ་ཕུལ་ནས། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་འབྲེལ་ས་ཁུལ་དུ་ཁྲིམས་ལྟར་བཅོས་སྐྱོང་བྱེད་རིམ་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པ། མི་རིགས་མཐུན་སྒྲིལ་དང་དཔལ་འབྱོར་འཕེལ་རྒྱས་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན།
     12348ཀན་སུའུ་བོད་རྒྱ་སྐད་གཉིས་ཁྲིམས་ལུགས་དྲ་བའི་སྟེགས་བུ་ལ་དྲ་ཚིགས་ཀྱི་སྣེ་དང་། སྒུལ་བདེའི་APPཡི་སྣེ། སྐད་འཕྲིན་སྤྱི་སྟེགས་ཀྱི་སྣེ་བཅས་ཡོད་པ་དང་། ཀན་སུའུ་ཞིང་ཆེན་ཡོངས་ཀྱི་བོདའབྲེལ་ས་ཁུལ་གྱི་མང་ཚོགས་ལ་སྲིད་ཇུས་གསལ་འགྲེལ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་དྲ་ཐོག་ཏུ་འདྲི་རྩད་བྱེད་པ། དྲ་ཐོག་གི་བཅའ་ཁྲིམས་ཞབས་ཞུ། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་སོགས་བོད་རྒྱ་སྐད་གཉིས་ཀྱི་བཅའ་ཁྲིམས་ཞབས་ཞུ་མཁོ་འདོན་བྱེད་པའི་བྱེད་ནུས་ལྡན་ཡོད།
     ཀན་ལྷོ་ཁུལ་ཨུའི་རྒྱུན་ཨུ་དང་ཁུལ་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་དབྱང་ཅུན་གྱིས་ངོ་སྤྲོད་བྱས་པ་སྟེ། 12348ཀན་སུའུ་ཡི་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་ལུགས་དྲ་བ་ནི་ཀན་སུའུ་ཞིང་ཆེན་བོད་འབྲེལ་ས་ཁུལ་གྱིས་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་དང་ཀུན་ཕན་ཅན་གྱི་སྲིད་ཇུས་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པའི་རྒྱལ་ཁབ་ཀྱི་ལས་སྟེགས་གལ་ཆེན་ཞིག་རེད། ཞིང་ཆེན་ཡོངས་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྲུན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་བརྗོད།
     དབྱང་ཅུན་གྱིས་བྱེད་ཐབས་སྣ་ཚོགས་བརྒྱུད་པ་དང་། སྤྱི་ཚོགས་ཀྱི་ཐོན་ཁུངས་སྣ་ཚོགས་སྤྱད་དེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་12348ཀན་སུའུ་ཡི་བོད་རྒྱ་ཡིག་སྐད་གཉིས་ཁྲིམས་ལུགས་དྲ་རྒྱའི་སྤྱི་ཚོགས་ཤེས་རྟོགས་ཐུབ་ཚད་དང་སྤྱོད་ཚད་མཐོ་རུ་བཏང་ཡོད་ཅིང་། རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་གཞི་རིམ་གྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་དངོས་གཞིའི་ལས་སྟེགས་དང་12348ཀན་སུའུ་ཞིང་ཆེན་གྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ཀན་ལྷོའི་ཡན་ལག་ལྟེ་གནས་ཀྱི་ཐད་སྦྲེལ་ཁ་པར་ལས་སྟེགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། “དྲ་ཐོག་”དང་“དྲ་ཕྱིའི་”མཉམ་འདྲེས་འཕེལ་རྒྱས་མངོན་འགྱུར་བྱས་ཏེ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་“མཐའ་མའི་སྤྱི་ལེ་གཅིག་”ཤར་གཏོང་བྱས་ཡོད་པ་བསྟན། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15832075.html)