འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་6ཉིན།

༄༅༎ཡུན་ནན་བདེ་ཆེན་གྱིས་སྲིད་གཙང་ཐོབ་ཐང་ལ་ཞིབ་དཔྱད་བྱས་ནས་ཏང་སྲོལ་སྲིད་གཙང་གི་
བསམ་འཆར་ལ་ལན་སློག་པའི་འགག་སྒོ་ནན་པོ་བསྲུངས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་05ཉིན། 12:46】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཡུན་ནན་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འདི་ལོ་ནས་བཟུང་། ཀྲོའུ་ཨུད་རྩ་འཛུགས་པུའུ་རུ་བཅའ་སྡོད་ཡུན་ནན་བདེ་ཆེན་ཀྲོའུ་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གིས་ལྟ་སྐུལ་སྡེ་ཚན་ཁག་གི་ལས་བྱེད་པ་ལེགས་སྒྲིག་དང་། གཟེངས་བསྟོད། ལས་བྱེད་པའི་དཔྱད་ཞིབ། ཕུལ་བྱུང་དང་སྔོན་ཐོན་འདེམས་པ་སོགས་དང་འབྲེལ་བ་ཡོད་པའི་མི་ཐེངས་40ལྷག་ཙམ་ལ་སྲིད་གཙང་ཐོབ་ཐང་ཞིབ་དཔྱད་བྱས་ནས་ཏང་སྲོལ་སྲིད་གཙང་གི་བསམ་འཆར་ཁག་30ལྷག་ཙམ་བཏོན་པ་དང་། ཏང་སྲོལ་སྲིད་གཙང་གི་བསམ་འཆར་ལ་ལན་སློག་པའི་འགག་སྒོ་ནན་པོ་བསྲུངས་པས་ལས་བྱེད་པའི“སྐྱོན་ཅན་མིང་འདོན”དང་། “སྐྱོན་ཅན་གནས་སྤོར”“སྐྱོན་ཅན་ལས་གནས་ཐོག་སྐྱོད”བཅས་ཀྱི་སྣང་ཚུལ་གཏན་འགོག་ནུས་ལྡན་བྱས་ཡོད།
     ཏང་སྲོལ་སྲིད་གཙང་གི་བསམ་འཆར་ལ་ལན་སློག་པའི་བརྒྱུད་རིམ་ནང་། སྲིད་ཇུས་ཀྱི་དབྱེ་མཚམས་སྟངས་འཛིན་ནན་པོ་དང་། རིམ་པ་བཞིན་ཞིབ་བཤེར། རིམ་པ་བཞིན་འགག་སྒོ་ནན་པོ་བསྲུངས་ནས་ལན་བསློགས་པའི་བསམ་འཆར་ཕྱོགས་ཡོངས་ནས་དོན་དངོས་དང་མཐུན་ཞིང་གནད་ལ་འཁེལ་བའི་འགན་ལེན་བྱས་ཡོད། དུས་མཚུངས་སུ་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚོགས་ཆུང་གིས་ལས་ཀའི་སྒྲིག་ཁྲིམས་དང་གསང་སྲུང་སྒྲིག་ཁྲིམས་སྔར་ལས་ནན་དུ་བཏང་བ་དང་། “སུས་ཞིབ་བཤེར་བྱས་ན་དེས་འགན་འཁུར་བ་དང་། སུས་མིང་རྟགས་བཀོད་ན་དེས་འགན་འཁུར་བའི”རྩ་དོན་ལྟར། སྲིད་གཙང་ཞིབ་བཤེར་བྱེད་རིང་འགག་སྒོ་དམ་འཛིན་ནན་པོ་མི་བྱེད་པ་དང་། ཞིབ་དཔྱད་ནན་ཏན་མི་བྱེད་པ། ཐ་ན་མི་བདེན་རྫུན་སྒྲིག་དང་དོན་དངོས་སྦ་གསང་ངམ་ཡང་ན་སྒྲོ་འདོགས་བྱས་ནས་ཞིབ་དཔྱད་བྱས་འབྲས་དོན་དངོས་དང་མི་མཐུན་པའི་རིགས་ལ་འབྲེལ་ཡོད་གཏན་འབེབས་དང་སྒྲིག་སྲོལ་སྒྲིག་ཁྲིམས་གཞིར་བཟུང་། འབྲེལ་ཡོད་མི་སྣའི་འགན་འཁྲི་རྩད་གཅོད་ནན་པོ་བྱས་པ་རེད།