འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་3ཉིན།

༄༅།།“ཅིན་ཀན་ས་ཆ་གཉིས་ཀྱི་ཚན་རྩལ་ཆེད་མངགས་པ”ནི་དབུལ་སྒྲོལ་ལམ་བུའི་ཐོག་གི་“ལག་རོགས་
བཟང་པོ”ཡིན།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་03ཉིན། 13:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།“ཅིན་ཀན་ས་ཆ་གཉིས་ཀྱི་ཚན་རྩལ་ཆེད་མངགས་པ”ནི་དབུལ་སྒྲོལ་ལམ་བུའི་ཐོག་གི་“ལག་རོགས་
བཟང་པོ”ཡིན།
   མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན། 2020ལོ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་ཞིག་རེད། ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་བྱེད་རིང་། ཐེན་ཅིན་གྲོང་ཁྱེར་ཚན་རྩལ་ཅུས་དང་ཀན་སུའུ་ཞིང་ཆེན་ཚན་རྩལ་ཐིང་གིས་མཉམ་འབྲེལ་ཐོག“ཅིན་ཀན་ས་ཆ་གཉིས་ཀྱི་ཚན་རྩལ་ཆེད་མངགས་པ”ཁག་དང་པོར་ཁྱོན་མི145གཏན་འཁེལ་བྱས་ནས། ཀན་སུའུ་ཞིང་ཆེན་གྱི་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་སྤེལ་ལ་མི་འཇོན་ཐང་ཅན་གྱི་རྒྱབ་སྐྱོར་མཁོ་འདོན་བྱས་པ་རེད།
   “‘ཅིན་ཀན་ས་ཆ་གཉིས་ཀྱི་ཚན་རྩལ་ཆེད་མངགས་པ’ 145ནི་ཐེན་ཅིན་དང་ཐེན་ཅིན་གྱི་མཐོ་རིམ་སློབ་གླིང་དང་ཚན་ཞིབ་ཁང་སོགས་ལ་ཡོད་པའི་ཀྲུང་དབྱང་ཚན་པ་ནས་ཡོང་བ་ཡིན་ཞིང་། ཀན་སུའུ་ཡི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་། དབུལ་སྒྲོལ་འགག་སྒྲོལ། གྲོང་གསེབ་དར་སྤེལ་བཅས་ལ་དམིགས་ནས་ཞབས་ཞུ་བསྒྲུབས་པ་རེད”ཅེས་ཐེན་ཅིན་གྲོང་ཁྱེར་ཚན་རྩལ་ཅུས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་གྲོང་གསེབ་ཚན་རྩལ་ཁྲུའི་ཁྲུའུ་ཀྲང་ལིའུ་ཅན་ཅུན་གྱིས་བཤད།
    ནས་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གྱི་འབྲུ་རིགས་ལོ་ཏོག་གཙོ་བོ་རེད། འོན་ཀྱང་འདེབས་འཛུགས་ལག་རྩལ་རྗེས་ལུས་ཡིན་པ་དང་ཐོན་འབབ་རྟག་ཏུ་འཕེལ་མེད་སོར་གནས་སུ་ལུས་ནས་ས་གནས་དེ་གའི་བོད་རིགས་སྤུན་ཟླའི་ཡོང་འབབ་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད།
སྔར་ཡོད་ལག་རྩལ་རྗེས་ལུས་ཡིན་པས་སྔོན་ཐོན་ལག་རྩལ་ཁྱབ་གདལ་གཏོང་དགོས། ཐེན་ཅིན་ཞིང་ལས་སློབ་གླིང་ས་བོན་ཚན་རིག་དང་བཟོ་སྐྲུན་ཚན་ཁག་གི་ཀྲུའུ་རེན་ཀྲའོ་ཧྥེ་ཡིས་ལག་རྩལ་རོགས་སྐྱོར་ཚོགས་པ་སྣེ་ཁྲིད་དེ། འདེབས་འཛུགས་ཁུལ་མི་འདྲ་བའི་གཅིག་སྡུད་ཡུག་འབྲེལ་ཁུལ་དུ་རིམ་རྩིས་བྱས་ན་ནས་ཐོན་འཕར་ལག་རྩལ་འདུས་གྲུབ་དཔེ་སྟོན་རྟེན་གཞི་མུའུ་1500བསྐྲུན་པ་རེད། སྐྱེ་དངོས་ལག་རྩལ་གྱིས་རམ་འདེགས་བྱས་ཏེ་ནས་སོན་སྤུས་ལེགས་མཁོ་འདོན་བྱེད་ཀྱི་ཡོད།
    ད་ལོའི་ཟླ་9པར་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་དཔེ་སྟོན་རྟེན་གཞིར་ཞིབ་བཤེར་རྩིས་ལེན་བྱས་པ་རེད། ཡུལ་དངོས་ནས་ཐོན་ཚད་ཚོད་རྩིས་བྱས་པ་བརྒྱུད།དཔེ་སྟོན་ཞིང་ཁའི་མུའུ་རེའི་ཐོན་ཚད་སྤྱི་རྒྱ་224ཟིན། དེ་ནི་ས་གནས་དེ་གའི་ཆ་སྙོམས་རྨང་གཞིའི་མུའུ་རེའི་ཐོན་ཚད་སྤྱི་རྒྱ་150ལས་སྤྱི་རྒྱ་74མང་དུ་ཕྱིན་ཡོད་པ་རེད།
མུའུ་རེའི་ཐོན་ཚད་མཐོ་རུ་ཕྱིན་ནས་བོད་རིགས་སྤུན་ཟླའི་ཡོང་འབབ་ཀྱང་རང་ཤུགས་སུ་མང་དུ་འགྲོ་ཡོད།བཀའ་དྲིན་གྱི་བསམ་པ་མཚོན་པར་བྱ་ཆེད། ཀན་ལྷོ་ཁུལ་ཅོ་ནེ་རྫོང་ཤན་ཚང་ཤང་ལེང་ཁོའུ་གྲོང་ཚོའི་གྲོང་མི་ཨུ་ཡོན་ལྷན་ཁང་གིས་ཐེན་ཅིན་ཞིང་ལས་སློབ་གླིང་ལ་ཆེད་དུ་བཀའ་དྲིན་ཞུ་ཡིག་ཅིག་བྲིས་ཡོད།
   ང་ཚོས་བརྟག་དཔྱད་ཞིབ་འཇུག་བྱེད་རིང་། ལན་ཀྲོའུ་ས་མཐོའི་དབྱར་ཚལ་ཐོན་ལས་ལ་ཚད་ལྡན་ཅན་གྱི་འདེབས་གསོ་དོ་དམ་བྱ་ཐབས་མེད་པ་དང་། ནད་སྐྱོན་ཚབས་ཆེན་ལྡན་པ། ཞིང་སྨན་འབོར་ཆེན་སྤྱོད་པ་བཅས་ཀྱི་གནས་ཚུལ་དང་། དེ་དག་བཏུས་རྗེས་སོས་ཉར་མུ་འབྲེལ་ཟོག་འགྲེམས་ཀྱི་ཆུ་ཚད་དམའ་བ་དང་། ཟད་སྐྱོན་ཆེ་བ། ལས་སྣོན་རགས་ཙམ་དང་ལས་སྣོན་ཞིབ་ཚགས་བྱེད་པའི་ལག་རྩལ་སྒྲིག་ཆས་ཀྱི་ཆུ་ཚད་མཐོ་པོ་མེད་པ་བཅས་ཀྱི་གནད་དོན་གནས་ཡོད་པ་ཤེས་བྱུང་”ཞེས་ལི་ཅང་ཁོའོ་ཡིས་བཤད་པ་རེད།
    “ང་ཚོས་‘ལག་རྩལ་སྡེབ་སྒྲིག’བྱས་པ་བརྒྱུད། ལན་ཀྲོའུ་ས་མཐོའི་དབྱར་ཚལ་གསོག་འདྲེན་ཉར་གསུམ་གྱི་ལག་རྩལ་ལ་ཚད་བརྒལ་རང་བཞིན་གྱི་གྲུབ་འབྲས་ཐོབ་ཞིང་།སྲོལ་རྒྱུན་གྱི་སོས་ཉར་ལག་རྩལ་དང་བསྡུར་ན། གསོས་ཉར་དུས་ཡུན་30%ཡན་རིང་དུ་བཏང་ཡོད”ཅེས་ལི་ཅང་ཁོའོ་ཡིས་མུ་མཐུད་ནས་བཤད་པ་རེད།
    “མིག་སྔར་ཐེན་ཅིན་གྱི་ཞིང་ལས་ཚན་རྩལ་ཆེད་མངགས་པ་1000ལྷག་ཙམ་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་ལས་གནས་སུ་ཞུགས་ཡོད། སླད་ཕྱིན། དཔུང་ཁག་དེའི་ནང་མི་དེ་བས་མང་པོ‘ཅིན་ཀན་ས་ཆ་གཉིས་ཀྱི་ཚན་རྩལ་ཆེད་མངགས་པར’གྱུར་ནས་དབུལ་སྒྲོལ་ལམ་བུའི་ཐོག་གི་‘ལག་རོགས་བཟང་པོ’ཞིག་ཏུ་འགྱུར་རྒྱུ་རེད”ཅེས་ལིའུ་ཅན་ཅུན་གྱིས་བཤད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15831627.html)