འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་1ཉིན།

༄༅།།ལྗང་མདོག་ནི་མཚོ་སྔོན་འཕེལ་རྒྱས་ཀྱི་ཚོན་མདོག་གཙོ་བོ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་01ཉིན། 15:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ལྗང་མདོག་ནི་མཚོ་སྔོན་འཕེལ་རྒྱས་ཀྱི་ཚོན་མདོག་གཙོ་བོ་ཡིན་པ།
    མི་དམངས་དྲ་བའི་འཕྲིན། མུ་མཐའ་མེད་པའི་གཙང་གསུམ་ཆུ་འགོ་ལ་ཐུར་ལྟ་བྱེད་དུས། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ནི་ས་གཞི་ཆེན་པོའི་ཁྲག་རྩ་བཞིན་དུ་གྲམས་ཡོད། 
   འབབ་ཐག་རིང་ལ་ལང་ལོང་དུ་རྒྱུ་བ། 
    མཚོ་སྔོན་གྱི་ས་གཞི་ཆེན་པོར་བསྐྱོད་པ། 
   སྔོ་ཐིང་ཐིང་གི་ཙོང་ཆུའི་རོང་ཁུལ་དང་བྱ་བྱེའུ་དང་ཉ་མོས་རོལ་རྩེད་བྱེད་བཞིན་པའི་མཚོ་སྔོན་པོ། ནགས་ཚལ་སྟུག་པོའི་མདོ་ལ་རི་བོ། 
   སྣོད་བཅུད་ཀྱི་མཛེས་ལྗོངས། ཞི་མཐུན་གྱི་མཛེས་ལྗོངས། 
   གནས་གང་ས་གང་དུ་ལྗང་མདོག་འཕེལ་རྒྱས་ཀྱི་གསོན་ཤུགས་ལྡན།
   གནས་འདི་ནི་ཡ་གླིང་གི་གཙང་ཆེན་དང་ཆུ་ཆེན་ཆེས་འབེལ་ལ་གཅིག་འདུས་ཀྱི་ས་ཆ་ཞིག་རེད། སྨི་གྲུ་བཞི་མ་ཁྲི་72ཀྱི་ས་གཞི་ཐོག མཚོ་དང་མཚེའུ་5000ལྷག་ཁྱབ་ཡོད་ཅིང་། ཆུ་བོ་4200ལྷག་བབས། ལོ་ལྟར་སྨད་རྒྱུད་དུ་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་600ལྷག་ཙམ་འདྲེན་གྱི་ཡོད་པ་དང་ལོ་ལྟར་ཆུ་བྱ་ཁྲི་30ཙམ་མཚོ་སྔོན་པོར་འཚོ་སྡོད་བྱེད་ཀྱི་ཡོད། གནས་འདིར། ས་མཐོའི་སྣོད་བཅུད་མ་ལག་བརྟན་ཤོས་དང་། སྣོད་བཅུད་ནུས་པ་ཆ་ཚང་ཤོས། སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་ཤོས་བཅས་ཀྱི་རང་བྱུང་སྣོད་བཅུད་ཁྱུ་ཚོགས་ཤིག་དང་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་རེད། 
   མཚོ་སྔོན་དུ་ལྗང་མདོག་ནི་བདེ་སྐྱིད་ལྡན་པའི་ཚོན་མདོག་རེད་ལ། དེ་བས་མཛེས་སྡུག་ལྡན་པའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཀྱང་རེད། མཚོ་སྔོན་གྱིས་སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་གྱི་རིན་ཐང་མངོན་པ་དང་གསེར་རི་དངུལ་རིར་རིན་ཐང་ལྡན་པ་བྱ་ཆེད་འབད་འབུངས་བྱེད་བཞིན་ཡོད། 
   ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་“ལེགས་གཅིག་མཐོ་གཉིས་”ལ་སྐུལ་འདེད་བཏང་ནས། སྔོ་ཞིང་དྭངས་པའི་རི་ཆུ་དང་། སྤུས་ཚད་མཐོ་བའི་འཚོ་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་བརྟེན་ནས། མཛེས་སྡུག་ལྡན་པའི་མཚོ་སྔོན་གསར་པ་ཞིག་སྐྲུན་བཞིན་ཡོད། 
   ལྗང་མདོག་སྣོད་བཅུད། ལྗང་མདོག་མི་ཆོས། ལྗང་མདོག་གྲོང་རྡལ། ལྗང་མདོག་མཛེས་ལྗོངས་ཁུལ་བཅས་ནི་མཐོ་སྒང་གི་ས་གཞི་ཆེན་པོའི་ཚོན་མདོག་གཙོ་བོར་འགྱུར་བཞིན་ཡོད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15831399.html)
【1】  【2】  【3】
༄༅།།ལྗང་མདོག་ནི་མཚོ་སྔོན་འཕེལ་རྒྱས་ཀྱི་ཚོན་མདོག་གཙོ་བོ་ཡིན་པ།