འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་1ཉིན།

༄༅།།བསྟན་འཛིན་གྱི་ཕ་ཡུལ་ལི་ཐང་དྲ་ཐོག་ཏུ་གྲགས་པ། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་01ཉིན། 15:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བསྟན་འཛིན་གྱི་ཕ་ཡུལ་ལི་ཐང་དྲ་ཐོག་ཏུ་གྲགས་པ།
    མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་29ཉིན། གསར་འགོད་པས་ཞེ་ཁྲེན་དྲ་བ་ནས་ཤེས་རྟོགས་བྱུང་གསལ། བསྟན་འཛིན་གྱི་ཕ་ཡུལ་ལི་ཐང་ནི་ཟླ་11ཚེས་20ཉིན་ནས་སྐད་གྲགས་ཆོད་པ་དང་། ཟླ་11པའི་ཆེས་མཐའ་མཇུག་གི་གཟའ་འཁོར་ལ། དྲ་ཐོག་ཏུ་“ལི་ཐང་”བཤེར་འཚོལ་ཚད་གློ་བུར་དུ་620%འཕར་ཞིང་། དེ་ནི་རྒྱལ་སྟོན་དུས་ཆེན་ལས་ལྡབ་4བརྒལ་ཡོད། སི་ཁྲོན་ཞིང་ཆེན་རང་གི་ཡུལ་སྐོར་བ་ཕུད། ཀོང་ཏུང་དང་ཧྲང་ཏུང་། ཡུན་ནན། ཅང་སུའུ། པེ་ཅིང་། ཁྲུང་ཆིང་། ཧུའུ་ནན། ཧོ་ནན་སོགས་ཀྱི་ཡུལ་སྐོར་བས་ཀྱང་ལི་ཐང་བཤེར་འཚོལ་བྱས་ཡོད། ལི་ཐང་ནི་ལོ་གསར་སྐབས་ཡུལ་སྐོར་འགྲོ་སའི་གནས་ཤིག་ཏུ་འགྱུར་ཤས་ཆེ། 
   ཉེ་ཆར་བསྟན་འཛིན་དྲ་ཐོག་ཏུ་གྲགས་པས། རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཚད་སྨི་4000ཡོད་པའི་“ལི་ཐང་”རྫོང་ཀུན་ཀྱིས་མཐོང་ཡུལ་དུ་ཐོན་ཞིང་། མཛོ་དགེ་དང་གཟི་ཚ་སྡེ་དགུ། འདབ་པ་ཉི་སྟེང་། སྐུ་ལྷ་བཅས་ལ་འགྲོ་མྱོང་བའི་ཡུལ་སྐོར་བ་མང་པོས། བསྟན་འཛིན་གྱི་མཐོང་ལམ་ནས་དགེ་བསྙེན་གནས་རི་དང་མུ་མཐའ་མེད་པའི་འབུམ་ནག་རྩྭ་ཐང་། རྟ་དཀར་པོ་སོགས་མཐོང་ཡོད། གནས་འདི་ནི་ཡུལ་སྐོར་བ་རྒྱལ་ཁབ་གཞུང་ལམ་318ནས་འགྲོ་དུས་ངེས་པར་བརྒྱུད་དགོས་པའི་ས་ཆ་ཡིན་ཞིང་། ཁྲེང་ཏུའུ་ནས་སྒེར་འཁོར་བཏང་ན་ཆུ་ཚོད་9ཙམ་གྱིས་སླེབས་ཐུབ་པ་རེད། 
   རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4000ཡོད་པའི་ལི་ཐང་ལ་སྐར་མ་མཐོ་བའི་མགྲོན་ཁང་ཡོད། 
    ཟླ་11པའི་ཟླ་མཇུག་ནི། ལོ་གསར་ལ་ཡུལ་སྐོར་འགྲོ་མཁན་གྱིས་འཆར་འགོད་ཐག་གཅོད་པའི་དུས་རེད། “རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4000ཡོད་པའི་ལི་ཐང་ལའང་སྐར་མ་མཐོ་བའི་མགྲོན་ཁང་ཡོད་པ་ནི་བསམ་ཡུལ་ལས་འདས་་སོང་”ཞེས་དྲ་གྲོགས་ཤིག་གིས་ལི་ཐང་གུང་གསེང་མགྲོན་ཁང་གི་དྲ་ངོས་སུ་འདི་ལྟར་བྲིས་ཡོད། 
    བསྟན་འཛིན་གྱི་བརྙན་རིས་ནང་དུ་མངོན་པའི་“དགེ་བསྙེན་གནས་རི།”ནི་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཚད་སྨི་6240ཡོད་ཅིང་། ལི་ཐང་གི་མཛེས་ལྗོངས་ཁུལ་ཨང་2པ་དེ་རེད། དུས་མཚུངས་སུ། ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་དང་། ལི་ཐང་རྩྭ་ཐང་། ལི་ཐང་གནའ་གྲོང་གི་སྟོང་སྡེའི་མཛེས་ལྗོངས་ཁུལ། མཆོད་རྟེན་དཀར་པོའི་སྤྱི་གླིང་སོགས་ཀྱང་ལི་ཐང་གི་བཤེར་འཚོལ་ཆེ་ཤོས་ཀྱི་མཛེས་ལྗོངས་ཁུལ་དུ་གྱུར་ཡོད། 
   སྔ་དྲོར་ཁྲེང་ཏུའུ་ནས་ལམ་ལ་ཆས་ན་ཕྱི་དྲོར་ཁམས་པའི་ཕོ་གསར་གྱི་ཁྱིམ་ལ་འབྱོར། 
    གསར་འགོད་པས་ཞེ་ཁྲེན་དྲ་བའི་འཚོལ་བཤེར་ནས་ཤེས་རྟོགས་བྱུང་གསལ། མིག་སྔར་ལི་ཐང་གི་ཡུལ་སྐོར་རྣམས་གྲངས་ནི་སྐར་ཚོགས་པར་ལེན་དང་། མི་མེད་གནམ་གྲུའི་བརྙན་ཐུང་ཕབ་ལེན། རླངས་འཁོར་ལ་བསྟུན་ནས་པར་ཆས་སྒྲིག་སྦྱོར་བྱེད་པ། བོད་གོས་གྱོན་པ། ཇ་བསྲུབས་མ་བཟོ་བ། བོད་ཀྱི་ཟློས་གར་ལ་ལྟ་བ་སོགས་འདྲ་མིན་སྣ་ཚོགས་ཡོད་ཅིང་། ཁྲོན་ནུབ་ལམ་ཐིག་གི་ཡུལ་སྐོར་གྱི་ནང་དོན་སྔར་བས་ཕུན་སུམ་ཚོགས་པར་བཏང་ཡོད། 
    བསྟན་འཛིན་གྱི་དྭངས་གཙང་གི་ཕ་ཡུལ་ལ་གང་ལྟར་སླེབས་ཐུབ། 
    ལི་ཐང་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལ་གཏོགས་ཤིང་། དར་མདོ་དང་བར་ཐག་སྤྱི་ལེ་285ཡོད་པ་དང་། ཁྲེང་ཏུའུ་དང་བར་ཐག་སྤྱི་ལེ་654ཡོད། ཞེ་ཁྲེང་ཡུལ་སྐོར་གྱི་རིགས་གཅིག་མཁས་པས་ངོ་སྤྲོད་བྱས་པར་གཞིགས་ན། ཡུལ་སྐོར་བ་མང་པོས་ཁྲེང་ཏུའུ་ནས་ལམ་ལ་ཆས་པའི་ཉིན་5རིང་ཡུལ་སྐོར་འགྲོ་བའི་སྒེར་གྱི་ཚོགས་པ་བསྒྲིགས་པ་དང་། དེ་ནི་ལི་ཐང་དང་ར་རྔ་ཁ། འདབ་པ་ཉི་སྟེང་སོགས་ལ་གནས་གྲགས་ཅན་དག་ལ་རེ་རེ་བཞིན་སླེབས་ཐུབ། དེ་མིན། རིམས་ནད་རྗེས་སྒེར་འཁོར་བཏང་ནས་ཡུལ་སྐོར་ལ་འགྲོ་བ་དར་བས། ཡུལ་སྐོར་བ་གནམ་གྲུར་བསྡད་ནས་ཁྲེང་ཏུའུ་རུ་འབྱོར་རྗེས། ཁྲེང་ཏུའུ་ཧྲོང་ལིའུ་གནམ་གྲུ་ཐང་ནས་ཐད་ཀར་རླངས་འཁོར་གླས་ནས་རང་གིས་བཏང་ན་ཆུ་ཚོད་9ཙམ་གྱིས་ལི་ཐང་དུ་སླེབས་ཐུབ། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15831379.html)
༄༅།།བསྟན་འཛིན་གྱི་ཕ་ཡུལ་ལི་ཐང་དྲ་ཐོག་ཏུ་གྲགས་པ།
༄༅།།བསྟན་འཛིན་གྱི་ཕ་ཡུལ་ལི་ཐང་དྲ་ཐོག་ཏུ་གྲགས་པ།