འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་1ཉིན།

༄༅༎ཁྲོན་བོད་ལྕགས་ལམ་གྱི་གཡག་རྔ་ནས་ཉིང་ཁྲིའི་བར་གྱི་མཛེས་ལྗོངས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་01ཉིན། 15:37】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
དགེ་བསྙེན་རི་བོའི་མཚེའུ།
དགེ་བསྙེན་རི་བོའི་མཚེའུ།
     མི་དམངས་དྲ་བའི་འཕྲིན། དཀར་མཛེས་ཉིན་རེའི་ཚགས་པར་ཁང་ནས་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་8ཉིན། ཁྲོན་བོད་ལྕགས་ལམ(གཡག་རྔ་ནས་ཉིང་ཁྲི་བར་གྱི་དུམ་བུ)སྐྲུན་འགོ་ཚུགས་པའི་སྐུལ་སློང་ཚོགས་ཆེན་པེ་ཅིང་དང་ཁྲོན་བོད་ལྕགས་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭའི་གསེར་སྐྱེམས་ལའི་ཕུག་ལམ་དང་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་བཅས་ས་ཁུལ་གསུམ་དུ་བརྙན་ལམ་སྦྲེལ་མཐུད་ཀྱི་རྣམ་པའི་ཐོག་ནས་དུས་གཅིག་ཏུ་འཚོགས་པ་རེད། དེ་ནས་མཚོ་བོད་ལྕགས་ལམ་རྗེས་ཀྱི་བོད་ལྗོངས་སུ་བསྐྱོད་པའི“མཁའ་ལམ”གཉིས་པའི་འཛུགས་སྐྲུན་དེ་ལས་གྲྭ་ལག་བསྟར་བྱེད་པའི་དུས་མཚམས་སུ་སླེབས་པ་མཚོན་ཡོད།
     དཀའ་ཚེགས་ཧ་ཅང་ཆེ་བའི་རིམ་འདས་ལྕགས་ལམ་ལས་གྲྭ་ཞིག་ཡིན་པའི་ངོས་ནས་ཁྲོན་བོད་ལྕགས་ལམ་གྱི་གཡག་རྔ་ནས་ཉིང་ཁྲིའི་བར་གྱི་དུམ་བུ་རིམ་པ་བཞིན་སི་ཁྲོན་གཤོངས་ས་དང་། སི་ཁྲོན་ནུབ་རྒྱུད་ཀྱི་རི་མཐོའི་གྲོག་རོང་ཁུལ། སི་ཁྲོན་ནུབ་རྒྱུད་ཀྱི་རི་མཐོའི་རྩྭ་ཐང་ཁུལ། བོད་ལྗོངས་ཤར་ལྷོའི་འཕྲེད་བཅད་རི་ཁུལ། བོད་ལྗོངས་ལྷོ་རྒྱུད་ཀྱི་གྲོག་རོང་ཁུལ་བཅས་བརྒྱུད་དགོས།
     སྤྲིན་དཀར་གསེབ་ནས་བརྒྱུད་དེ་བརྗིད་ཆགས་གངས་རི་དང་གཤིབ་ནས་འགྲོ་བ་དང་། གཙང་པོ་ལང་ལོང་དུ་འབབ་བའི་ལུང་གཞུང་བརྒལ་ནས་ནོར་ལུག་དང་མཉམ་དུ་མུ་མཐའ་མེད་པའི་རྩྭ་ཐང་དུ་འཆམ་འཆམ་བྱེད……
     དེ་རིང་ཁྱོད་རང་ལ་ལམ་རྒྱུད་ཀྱི་མཛེས་ལྗོངས་ངོ་སྤྲོད་བྱས་ནས། སེམས་ཁམས་གསོ་བའི་ཡུལ་སྐོར་ཞིག་འགོ་བརྩམས་རྒྱུ་ཡིན་པས། ཤོག་ཡ།
     དོམ་ཁྲའི་ཁྱིམ་གཞིས་གཡག་རྔ།
     གཤིས་ཀ་འཇམ་ཞིང་གཅེས་པར་འོས་པའི་དོམ་ཁྲ་ལ་ལྟ་འདོད་དམ།
     གྲོང་ཁྱེར་གྱི་འདུ་འཛི་དང་རིང་དུ་བྲལ་ནས། གནའ་བོའི་སྲང་ལམ་དུ་བསྐྱོད་པ་ན། གྲོང་ཁྱེར་ཆུང་ཆུང་གི་ཆར་ཟིམ་ཁྲོད་དུ། ད་དུང་སྙན་ཞིང་འཇེབས་པའི་རྔ་མོང་གི་དྲིལ་བུའི་སྒྲ་ཐོས་ཐུབ་པ་དང་། ཇ་རྟའི་ཚོང་ལམ་ནས་ཡོང་བའི་ཇ་ལོའི་དྲི་ཞིམ་ཚོར་ཐུབ།
     གསར་བརྗེའི་གྲོང་ཁྱེར་གྲགས་ཅན་ལྕགས་ཟམ་ཁ།
     དམག་འཁྲུག་གི་མེ་ལྕེ་དྲག་ཏུ་འབར་བའི་ལོ་རབས།
     རྒྱལ་མོ་རྔུལ་ཆུའི་འགྲམ་དུ། དམར་དམག་གིས་ལྕགས་ཟམ་བླངས་པ་ནི་དཔའ་བོའི་ལོ་རྒྱུས་སྙན་ངག་ཅིག་ཏུ་གྱུར། དེ་གར་གསར་བརྗེའི་དྲན་ཤེས་ལ་དྲན་གསོ་ཞུ།
     སྟོན་དགུན་གྱི་དུང་དཀར་ལུང་བ་ནི་ཧ་ཅང་ཡིད་དབང་འཕྲོག་ས་ཞིག་རེད། རི་ལུང་ཀུན་ཏུ་ཁྱབ་པའི་ལོ་མ་དམར་པོ་ཚོན་མདངས་རྣམ་པར་བཀྲ་ཞིང་། ཁ་བ་ཆེན་པོ་འབབ་དུས་ཆུ་ཚན་ལ་ཞུགས་པ་ན། ཁྱད་ཆོས་མི་འདྲ་བ་ཞིག་མྱོང་ཐུབ།
     མཛའ་གཞས་གྲོང་ཁྱེར་དར་རྩེ་མདོ།
     གྲོང་ཁྱེར་ཆུང་ཆུང་འདིར་ཟླ་བར་ལྟ་ཞོར་དུ་རྒྱང་རིང་གི་གནས་རི་མིག་ལམ་ན་མཐོང་། འདི་ལྟ་བུའི་དྭངས་གསལ་གྱི་སེམས་ཁམས་ལས། ཁྱོད་ལ་བྱིས་དུས་སུ་སླེབས་པ་དང་འདྲ་བའི་ཚོར་བ་ཞིག་སྟེར།
     ཤ་ཁུ་ཚ་མོ་དཀར་ཡོལ་གང་འཐུང་རྗེས། ང་ཚོ་མུ་མཐུད་དུ་ལམ་དུ་ཆས། གཡང་གཟར་གྱི་རྒྱུ་ལ་རི་བོ་ལས་བརྒལ་བ་ན། པར་ལེན་གྱི་ཞིང་ཁམས་ར་རྔ་ཁ་ཡིན།
     སྟོན་དུས་རི་ལུང་ཀུན་ཏུ་ཁྱབ་པའི་ལོ་མ་དམར་པོ་དང་རབ་ཏུ་བཞད་པའི་རི་སྐྱེས་མེ་ཏོག འགྲེ་ལྡོག་ཅིག་བརྒྱབ་ན་ལུས་པོ་ཡོངས་ལ་མེ་ཏོག་གི་དྲི་ཞིམ་འཐུལ། མེ་ཏོག་རབ་ཏུ་བཀྲ་བའི་མཚམས་སུ་བྱིས་སྒྲུང་གི་ཞིང་ཁམས་སུ་སླེབས་པ་དང་འདྲ།
     ཆུ་འགྲམ་གྱི་གྲོང་ཁྱེར་ཉག་ཆུ་ཁ།
     ཉག་ཆུ་ཁ་ནི་ལོ་རྒྱུས་ཐོག་ཡར་ཀླུང་གཙང་པོའི་གྲུ་ཁ་གལ་ཆེན་གྱི་གྲས་ཤིག་ཡིན་ཞིང་། རྡོ་ནག་མཁར་འབུམ་གྱི་ངོ་མཚར་ཆེ་བའི་མ་ཎི་རྡོ་འབུམ་འགྲམ་དུ། བརྗིད་ཉམས་ལྡན་པའི་གངས་དཀར་རི་བོར་ལྟ་སྐོར་བྱས། སྐྲ་རིང་པོ་དང་། མིག་ཤེལ་ནག་པོ། གཟུགས་པོ་ཆེན་པོ། ལུས་ཧྲིལ་བོར་ལྭ་བ་ནག་པོ་གྱོན་པའི་ཁམས་པའི་ཕོ་རྒོད་ཀྱི་ཉམས་འགྱུར་མཐོང་ཐུབ།
     ནམ་མཁའི་གྲོང་ཁྱེར་ལི་ཐང་།
     ཉག་ཆུ་ཁ་བརྒལ་རྗེས་དབུགས་གཏོང་ལེན་བྱེད་པ་ཅུང་ཟད་བྲེལ་འཚུབ་ཆེ་སྲིད། རྒྱུ་མཚན་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4000ཡོད་པ་དང་། འཛམ་གླིང་གི་གྲོང་ཁྱེར་མཐོ་ཤོས་སུ་གྲགས་པའི་ལི་ཐང་དུ་སླེབས་པས་སོ༎ འདི་ནི་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་ཁྲོད་ཀྱི་ས་ཆ་དེ་རེད། ཁྲུང་ཁྲུང་དཀར་མོ་བྱམས་ཆེན་ཆོས་འཁོར་གླིང་ནས་འཕུར་བ་དང་། རི་ཚོགས་ཀྱིས་བསྐོར་བའི་འབུམ་ཡག་རྩྭ་ཐང་དུ་ཛ་དྲག་ཆེ་བའི་རྒྱལ་སྤྱིའི་རྟ་རྒྱུག་དུས་ཆེན་ལ་རོལ་བ།
     པི་ཝང་གི་ཕ་ཡུལ་འབའ་ཐང་།
     དྲི་ཞིམ་འཐུལ་བའི་ཇ་སྲུབ་མ་དང་། ཡུལ་དེའི་ཁྱད་ཆོས་ལྡན་པའི“མཐུན་སྒྲིལ་མོག་མོག”ལ་འབའ་ཐང་གི་སྐྱུར་ཁུ་སུར་པན་སྡེབ་པ་ན་དང་ག་འབྱེད་ཐུབ། བོད་རིགས་བུ་མོ་དང་ཕོ་གསར་ཚོ་དང་མཉམ་དུ་འབའ་བྲོ་ཞིག་འཁྲབ་པ་ནས་ལམ་བར་གྱི་ངལ་དུབ་ཚང་མ་མྱུར་དུ་སེལ་སྲིད། འདི་ནི་བྱང་ཕྱོགས་ཤམ་བྷ་ལ་ཡི་ཞིང་ཁམས་ལྟ་བུའི་དག་ཞིང་ཞིག་དང་འདྲ་ལ། དབྱིན་ཇིའི་རྩོམ་པ་པོ་ཧེར་ཏུན་གྱི་བརྩམས་སྒྲུང《མི་ཡུལ་གྱི་དག་པའི་ཞིང་ཁམས》ནང་བཀོད་པའི“སེམས་ཀྱི་ཉི་ཟླ”དང་འདྲ། འདི་ནི་མཚོ་ཕུ་ལུང་བ་ཡིན།
     གསང་བའི་ཡུལ་ཁམས་དཔལ་ཡུལ།
     དཔལ་ཡུལ་རྫོང་དུ་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་དེ། ནག་ལྷུང་མཚོ་རྒྱལ་ཁབ་འདམ་རའི་སྤྱི་གླིང་དང་། ས་དམར་རྒྱལ་རབས་ཀྱི་གནའ་ཤུལ། ངོ་མཚར་ཆེ་བའི་བྲག་རྡོའི་ཕ་རྒྱུད་རིག་གནས། མཛེས་སྡུག་ལྡན་པའི་ཧོར་སྤོའི་བོད་མི་རིགས་ལག་ཤེས་བཟོ་རྩལ་བཅས་ངོ་མཚར་ཆེ་བའི་རང་བྱུང་མཛེས་ལྗོངས་དང་གཏིང་ཟབ་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་འོ་ཆུ་ཇི་བཞིན་མཉམ་དུ་འདྲེས་ལ། ཞི་མཐུན་གཅིག་གྱུར་བྱུང་ནས་དཔལ་ཡུལ་གྱི་ཕུན་སུམ་ཚོགས་ལ་ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས་སུ་གྱུར་ཡོད།
     འདི་ནི་སི་ཁྲོན་མངའ་ཁོངས་ཀྱི་མཇུག་མཐའི་ས་ཚིགས་ཡིན། འབྲི་ཆུ་བརྒལ་བ་ན་གནས་མཆོག་བོད་ལྗོངས་ཡིན། གནའ་བོའི་ཇ་རྟ་འགྲུལ་ལམ་དེ་ད་ལྟར་བདེ་བགྲོད་གཞུང་ལམ་དུ་གྱུར་ཡོད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15831371.html)
【1】  【2】  【3】
རྟ་རྩལ་འགྲན་པ།
རྟ་རྩལ་འགྲན་པ།