འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་1ཉིན།

༄༅།།བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་དོན་འགྲུབ་
ཀྱིས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་01ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཐོག་ཏུ་སྤེལ་བའི་གནས་ཚུལ་ཏེ། བོད་རང་སྐྱོང་ལྗོངས་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱི་གནས་ཚུལ་སྤེལ་བར་གཞིགས་ན། བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་དོན་འགྲུབ་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱེད་པའི་དོགས་གནས་ཡོད་པས་མིག་སྔར་རང་སྐྱོང་ལྗོངས་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།
   ཚེ་རིང་དོན་འགྲུབ་ཀྱི་ལོ་རྒྱུས་མདོར་བསྡུས།
    ཚེ་རིང་དོན་འགྲུབ། ཕོ། བོད་རིགས། 1962ལོའི་ཟླ་12པར་སྐྱེས། གཞིས་ཀ་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ནས་ཡིན་པ། 1978ལོའི་ཟླ་8པར་ལས་ཀར་ཞུགས་པ་དང་། 1984ལོའི་ཟླ་8པར་ཀྲུང་གོའི་གུང་ཁྲན་ཏང་ནང་དུ་ཞུགས། ཆེད་སྦྱོང་སློབ་གཉེར་བརྒྱུད་རིམ་ལྡན།
    1978ལོའི་ཟླ་8པ་ནས་1990ལོའི་ཟླ་12པར། བོད་རང་སྐྱོང་ལྗོངས་རིན་སྤུངས་རྫོང་སྤྱི་བདེ་ཅུས་ཀྱི་ལས་བྱེད་པ་ཡིན།
    1990ལོའི་ཟླ་12པ་ནས་1993ལོའི་ཟླ་5པར། བོད་རང་སྐྱོང་ལྗོངས་གཉའ་ལམ་རྫོང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡིན།
    1993ལོའི་ཟླ་5པ་ནས་1995ལོའི་ཟླ་12པར། བོད་རང་སྐྱོང་ལྗོངས་གཉའ་ལམ་རྫོང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཡིན།
    1995ལོའི་ཟླ་12པ་ནས་1997ལོའི་ཟླ་5པར། བོད་རང་སྐྱོང་ལྗོངས་པ་སྣམ་རྫོང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཡིན།
    1997ལོའི་ཟླ་5པ་ནས་2000ལོའི་ཟླ་10པར། བོད་རང་སྐྱོང་ལྗོངས་པ་སྣམ་རྫོང་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཡིན།
    2000ལོའི་ཟླ་10པ་ནས་2003ལོའི་ཟླ་12པར། བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་ས་ཁུལ་གཞིས་ཀ་རྩེ་གྲོང་ཁྱེར་གྲོང་ཨུའི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི།སྤྱི་བདེ་ཅུས་ཏང་ཨུ་ཧྲུའུ་ཅི་དང་ཅུས་ཀྲང་ཡིན།
    2003ལོའི་ཟླ་12པ་ནས་2005ལོའི་ཟླ་3པར། བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་ས་ཁུལ་གཞིས་ཀ་རྩེ་གྲོང་ཁྱེར་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་ཡིན།
    2005ལོའི་ཟླ་3པ་ནས་2008ལོའི་ཟླ་11པར། བོད་རང་སྐྱོང་ལྗོངས་གམ་པ་རྫོང་ཨུ་ཡི་ཧྲུའུ་ཅི་གཞོན་པ་ཡིན།
    2008ལོའི་ཟླ་11པ་ནས་2011ལོའི་ཟླ་12པར། བོད་རང་སྐྱོང་ལྗོངས་གམ་པ་རྫོང་ཨུ་ཧྲུའུ་ཅི་ཡིན།
    2011ལོའི་ཟླ་12པ་ནས་2014ལོའི་ཟླ་12པར། བོད་རང་སྐྱོང་ལྗོངས་གམ་པ་རྫོང་ཨུའི་ཧྲུའུ་ཅི་ཡིན། (ཁུལ་རིམ་པ་གཞོན་པ། )
    2014ལོའི་ཟླ་12པ་ནས་2015ལོའི་ཟླ་6པར། བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། བསམ་གྲུབ་རྩེ་ཆུས་ཨུའི་ཧྲུའུ་ཅི་གཞོན་པ་དང་ཆུས་ཀྲང་ཡིན།
    2015ལོའི་ཟླ་6པ་ནས་2018ལོའི་ཟླ་11པར། བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། རྣམ་གླིང་རྫོང་ཨུའི་ཧྲུའུ་ཅི་ཡིན།
    2018ལོའི་ཟླ་11པ་ནས་ད་བར། བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཡིན།