འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་1ཉིན།

༄༅༎བོད་རང་སྐྱོང་ལྗོངས་རིམ་པའི་ཞིང་ལས་ཚན་རྩལ་གླིང་ཁུལ་ཁག་དང་པོ་ལ་ཆོག་མཆན་ཐོབ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་01ཉིན། 11:34】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
པར་རིས་ནི་ཆབ་མདོའི་མཚན་ལྗོངས་ཡིན།
པར་རིས་ནི་ཆབ་མདོའི་མཚན་ལྗོངས་ཡིན།
     མི་དམངས་དྲ་བའི་འཕྲིན། ཀྲུང་གོ་བོད་ལྗོངས་དྲ་བ་ནས་གནས་ཚུལ་འབྱོར་གསལ། བོད་རང་སྐྱོང་ལྗོངས་ཞིང་ལས་ཚན་རྩལ་གླིང་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད། བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་ཆབ་མདོའི་ཁུལ་གསར་ཞིང་ལས་ཚན་རྩལ་གླིང་ཁུལ་དང་མངའ་རིས་མཚོ་ཆེན་ཞིང་ལས་ཚན་རྩལ་གླིང་ཁུལ་ལ་བོད་རང་སྐྱོང་ལྗོངས་རིམ་པའི་ཞིང་ལས་ཚན་རྩལ་གླིང་ཁུལ་ཁག་དང་པོའི་ཆོག་མཆན་སྤྲད་ཡོད་ཅིང་། འཛུགས་སྐྲུན་གྱི་དུས་འཁོར་ལོ་གསུམ་ཡིན།
     བོད་རང་སྐྱོང་ལྗོངས་རིམ་པའི་ཞིང་ལས་ཚན་རྩལ་གླིང་ཁུལ་གཉིས་འཛུགས་སྐྲུན་བྱ་བ་དེས་དེའི་དཔེ་སྟོན་དང་། གཞན་སྒྱུར། ཁྱབ་འགྱེད། སྐུལ་ཁྲིད་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ས་ཁོངས་དང་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱ་རྒྱུ་དང་། ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་སྒུལ་ནུས་གསར་པ་འདོན་སྤྲོད་བྱ་རྒྱུ་རེད།
     བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས“སྲིད་གཞུང་གིས་ཁྲིད་སྟོན་དང་། ཁྲོམ་རས་འཁོར་སྐྱོད་གཉེར་བ། སྤྱི་ཚོགས་ཞུགས་པ། ཞིང་འབྲོག་མང་ཚོགས་ལ་ཕན་པ་ཐོབ་པ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས། ཆབ་མདོ་དང་མངའ་རིས་ཀྱི་ཞིང་ལས་ཚན་རྩལ་གླིང་ཁུལ་འཛུགས་སྐྲུན་བྱ་བར་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གླིང་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་གཏོང་བ། རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་གླིང་ཁུལ་དེ་དག་དེང་རབས་ཞིང་ལས་ཀྱི་གྲུབ་འབྲས་འགྲེམས་སྟོན་དཔེ་སྟོན་བྱེད་ས་དང་། ཚན་རྩལ་གསར་གཏོད་གཞན་སྒྱུར་ཁྱབ་གདལ་གཏོང་ས། ཞིང་ལས་གསར་དར་ཐོན་ལས་སྐྱེད་སྲིང་བྱེད་ས། ཤེས་ལྡན་མི་སྣ་གསོ་སྐྱོང་དང་ལག་རྩལ་གསོ་སྦྱོང་བྱེད་ས་བཅས་སུ་འགྱུར་བ་བྱས་ཐོག དེང་རབས་ཞིང་འབྲོག་ལས་རིགས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་ཡོང་བ་བྱེད་རྒྱུ་རེད།