འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་1ཉིན།

༄༅༎བོད་དུ་རླངས་འཁོར་ཉོ་སྒྲུབ་ཀྱི་ཁྲལ་དངུལ་ལག་ཐོགས་ཁ་པར་གྱི་APPནས་སྐྱེལ་ཐུབ་ཀྱི་ཡོད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་01ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་སའི་གྲོང་མི་ཉི་མ་ལྷག་སྒྲོན་གྱིས་ལག་ཐོགས་ཁ་པར་གྱི་སྒུལ་བདེའི་ཁྲལ་སྒྲུབ་ཀྱི་APP“རླངས་འཁོར་ཉོ་སྒྲུབ་ཀྱི་ཁྲལ་དངུལ་སྐྱེལ་བར”བརྟེན་ནས་རང་ཉིད་ཀྱི་རླངས་འཁོར་ལ་རླངས་འཁོར་ཉོ་སྒྲུབ་ཀྱི་ཁྲལ་དངུལ་སྒོར་ཁྲི་2.6ལྷག་ཙམ་བདེ་བླག་ངང་སྐྱེལ་ཐུབ་པ་དེ་ཐོག་ནས་རང་ལྗོངས་སུ་རླངས་འཁོར་ཉོ་སྒྲུབ་ཀྱི་ཁྲལ་དངུལ་ལག་ཐོགས་ཁ་པར་གྱི་APPནས་སྐྱེལ་ཐུབ་པ་མཚོན་ཡོད།
     རླངས་འཁོར་ཉོ་སྒྲུབ་ཀྱི་ཁྲལ་དངུལ་ལག་ཐོགས་ཁ་པར་གྱི་APPནས་ཐོག་མར་སྐྱེལ་མཁན་འཁོར་བདག་ཉི་མ་ལྷག་སྒྲོན་གྱིས“ལས་དོན་མི་སྣའི་རོགས་རམ་འོག་སྐར་མ་5ཡང་མ་འགོར་བར་ཁྲལ་དངུལ་སྐྱེལ་བ་དང་དཔང་ཡིག་ལེན་པ་བཅས་ལེགས་སྒྲུབ་ཐུབ་བྱུང་། དེ་ཙམ་མ་ཟད་དེ་གར་དཔྱ་ཁྲལ་སྐྱེལ་མ་ཐག་འཁོར་རིགས་དོ་དམ་སུའོ་རུ་དཔྱ་ཁྲལ་སྐྱེལ་བའི་ཆ་འཕྲིན་འབྱོར་གྱི་ཡོད་པས་ཁྲལ་དོན་སྡེ་ཚན་དང་འཁོར་རིགས་དོ་དམ་སུའོ་རུ་སྐྱོད་མི་དགོས་པར་དངོས་འབྲེལ་སྟབས་བདེ་པོ་འདུག”ཅེས་བཤད།
     ཤེས་རྟོགས་བྱུང་བར་གཞིགས་ན། “འབྲེལ་གཏུག་མི་བྱེད་པའི”ཁྲལ་སྒྲུབ་ཞབས་ཞུའི་བླང་བྱ་མུ་མཐུད་དོན་འཁྱོལ་བྱེད་པ་དང་། “གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ། ཁྲལ་འཇལ་མཁན་གྱི་ཁྲལ་སྒྲུབ་ཀྱི་མྱོང་བ་མཐོ་རུ་ཏན་ཏིག་བཅས་གཏོང་ཆེད། རང་ལྗོངས་ཀྱི་ཁྲལ་དོན་ལས་སྒོ་དང་ལག་རྩལ་སོགས་སྡེ་ཚན་གྱིས་ཕྱོགས་མང་མཉམ་འགུལ་བྱས་ནས་ལག་ཐོགས་ཁ་པར་གྱི་སྒྲུལ་བདེའི་ཁྲལ་སྒྲུབ་ཀྱི་APP“རླངས་འཁོར་ཉོ་སྒྲུབ་ཀྱི་ཁྲལ་དངུལ་སྐྱེལ་བའི”བྱེད་འཐུས་རང་བཞིན་གྱི་དབྱེ་ཞིབ་གཏིང་ཟབ་བྱས་པ་མ་ཟད། བྱེད་ནུས་གསར་སྤེལ་བྱེད་རྒྱུར་ཡང་སྐུལ་འདེད་ཧུར་ཐག་བཏང་ཡོད། དེ་དང་ཆབས་ཅིག་ཟླ་11ཚེས་1ཉིན་ལག་ཐོགས་ཁ་པར་གྱི་སྒུལ་བདེའི་ཁྲལ་སྒྲུབ་APP“རླངས་འཁོར་ཉོ་སྒྲུབ་ཀྱི་ཁྲལ་དངུལ་སྐྱེལ་བ”དངོས་སུ་དྲ་ཐོག་ཏུ་སྤྱོད་འགོ་ཚུགས་པ་དེ་ཐོག་ནས་རང་ལྗོངས་ཀྱི་རླངས་འཁོར་ཉོ་སྒྲུབ་ཀྱི་ཁྲལ་དངུལ་སྐྱེལ་བའི་ཐད“རང་འདེམས་མཐའ་སྣེ་དང་། དྲ་བ། དུད་སྣེ། ལག་ཐོགས་ཁ་པར་གྱི་APPབཅས་ཟུང་དུ་འབྲེལ་བའི”སྣ་མང་ཅན་གྱི་སྒྲུབ་གཉེར་རྣམ་པ་ཆགས་པ་མཚོན་ཡོད།