འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་1ཉིན།

༄༅༎ནུས་རྒྱུ་ཕྱོགས་སྒྱུར་རིམ་སྤོར་བྱས་ནས་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་ལ་རམ་འདེགས་བྱེད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་01ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་མཚོ་སྔོན་ཞིང་ཆེན་ས་ཁོངས་ནང་གི་རྨ་ཆུའི་སྟོད་རྒྱུད་ཀྱི་ལི་ཅ་འགག་གློག་ཁང་ནས་ཆུ་གློད་བཞིན་པ།
འདི་ནི་མཚོ་སྔོན་ཞིང་ཆེན་ས་ཁོངས་ནང་གི་རྨ་ཆུའི་སྟོད་རྒྱུད་ཀྱི་ལི་ཅ་འགག་གློག་ཁང་ནས་ཆུ་གློད་བཞིན་པ།
     “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་གཙོ་གནད་ཀྱི་ནུས་རྒྱུའི་ཐོན་ལས་རྟེན་གཞི་གསར་པ་འཛུགས་སྐྲུན་བྱ་རྒྱུ་འཐབ་ཇུས་ཀྱི་དམིགས་ཚད་དུ་བརྩིས་ནས། ནུས་རྒྱུ་གསར་པའི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་གཙོ་གནད་དུ་སྐྱེད་སྲིང་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཆན་ཝ་ཁྲི་སྟོང་རིམ་པའི་བསྐྱར་སྐྱེའི་ནུས་རྒྱུའི་རྟེན་གཞི་བཏོད་ཡོད། མིག་སྔའི་བར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་བསྐྱར་སྐྱེའི་ནུས་རྒྱུ་སྒྲིག་སྦྱོར་གྱི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་1500ལས་བརྒལ་བ་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡི་བསྐྱར་སྐྱེའི་ནུས་རྒྱུ་སྒྲིག་སྦྱོར་གྱི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་1000ལས་བརྒལ་ཡོད། ཆན་ཝ་ཁྲི་སྟོང་རིམ་པའི་བསྐྱར་སྐྱེའི་ནུས་རྒྱུའི་རྟེན་གཞིར་བརྟེན་ནས་མཚོ་སྔོན་ཞིང་ཆེན་གྱིས་ནུས་མང་གསབ་རེས་དང་འདུས་གྲུབ་ལེགས་གཏོང་གི་ནུས་རྒྱུ་གཙང་མའི་མ་ལག་སྔར་ལས་ལྷག་པ་བསྐྲུན་ཏེ། ནུས་རྒྱུ་གཙང་མའི་དཔེ་སྟོན་ཞིང་ཆེན་མགྱོགས་མྱུར་བཏོད་དེ་ནུས་རྒྱུ་གཙང་མའི་ལྗང་མདོག་ཕྱོགས་སྒྱུར་རིམ་སྤོར་ཐུབ་པ་བྱ་རྒྱུ་རེད།
འདི་ནི་ཟླ་11ཚེས་26ཉིན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་གི་དར་ཐང་དུ་ཆན་ཝ་ཁྲི་30ཟིན་པའི་འོད་ཤུགས་རྣམ་གྲངས་བསྐྲུན་ཡུལ་དུ་བཟོ་པས་གློག་གི་སྒྲིག་ཆས་སྒྲིག་སྦྱོར་བྱེད་བཞིན་པ།
འདི་ནི་ཟླ་11ཚེས་26ཉིན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་གི་དར་ཐང་དུ་ཆན་ཝ་ཁྲི་30ཟིན་པའི་འོད་ཤུགས་རྣམ་གྲངས་བསྐྲུན་ཡུལ་དུ་བཟོ་པས་གློག་གི་སྒྲིག་ཆས་སྒྲིག་སྦྱོར་བྱེད་བཞིན་པ།