འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་1ཉིན།

༄༅།།དངུལ་འཛིན་རིག་གནས་འཕེལ་རྒྱས་གླེང་སྟེགས་པེ་ཅིང་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་01ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན། “ལུགས་མཐུན་གྱི་མ་འཇོག་རིག་གནས་མཉམ་དུ་སྐྲུན་ཏེ་ཁྲོམ་རའི་ཁོར་ཡུག་ཡག་པོ་སྐྱེད་སྲིང་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་དངུལ་འཛིན་རིག་གནས་གླེང་སྟེགས་དང་2020ལོའི་རྒྱལ་ཡོངས་ཀྱི་སློབ་གསོའི་འགུལ་བརྙན་འགྲན་བསྡུར་ཆེ་མོར་བྱ་དགའ་སྤྲོད་པའི་མཛད་སྒོ་པེ་ཅིང་དུ་འཚོགས་ཤིང་། ད་རེས་ཀྱི་བྱེད་སྒོ་དེ་ཧྲེན་ཀྲེན་དངུལ་འཛིན་ཉོ་ཚོང་ཁང་དང་། མི་དམས་ཉིན་རེའི་ཚགས་པར་ཁང་གི《ཟུར་ཟ་དང་བསྟན་བཤིག》ཚགས་པར། དངུལ་འཛིན་དུས་སྐབས་ཚགས་པར་བཅས་ཀྱིས་མཉམ་དུ་གཉེར་བ་དང་། འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་། རབ་བཏགས་རི་མོ་མཁས་ཅན། མ་འཇོག་པའི་འཐུས་མི་སོགས་མི་300ཙམ་ད་རེས་ཀྱི་བྱེད་སྒོར་ཞུགས་ཡོད་པ་རེད།
   ད་རེས་ཀྱི་གླེང་སྟེགས་རིང་འཚོགས་པའི་གྲལ་སྒོར་གླེང་མོལ་ཁྲོད་ཚོགས་ཞུགས་སྐུ་མགྲོན་གྱིས་རིག་གནས་ཀྱི་ནུས་སྤྲོད་མ་རྩའི་ཁྲོམ་ར་དང་ལུགས་མཐུན་གྱི་མ་འཇོག་རིག་གནས་ཀྱི་དོན་སྙིང་སོགས་བརྗོད་དོན་གཙོ་བོར་དམིགས་ནས་གྲོས་བསྡུར་བྱས་པ་རེད། ཚོགས་ཞུགས་སྐུ་མགྲོན་ཚོས་ཡོངས་ཁྱབ་ངང་ངོས་འཛིན་བྱས་དོན། རིག་གནས་འཛུགས་སྐྱོང་ནི་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྲོག་ཤིང་གི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུ་དང་འབྲེལ་བ་ཡོད་པའི་རྨང་གཞིའི་འདུ་འགོད་ཅིག་ཡིན། འཐུས་སྒོ་ཚང་བའི་མ་རྩའི་ཁྲོམ་ར་ཞིག་གིས་འཐུས་སྒོ་ཚང་ཞིང་ཕན་ནུས་ལྡན་པའི་ལམ་ལུགས་ནན་པོར་བརྟེན་ནས། ཁྲོམ་རར“སྒྲིག་ལམ”བཟོ་དགོས་པ་མ་ཟད། སྐྱོན་བྲལ་དང་འཐུས་སྒོ་ཚང་བའི་མཉེན་པའི་རིག་གནས་ལ་བརྟེན་ནས་ཁྲོམ་རའི“རྨང་གཞི”བརྟན་དུ་གཏོང་དགོས། ཕྱོགས་ཁག་གིས་ལག་གདང་སྦྲེལ་ནས་མདུན་སྐྱོད་དང་ཐབས་མང་མཉམ་སྤྱོད་ཀྱིས་སྒོ་དབྱེ་མཉམ་ལས་ཀྱི་རྣམ་པའི་ཐོག་ནས་མ་འཇོག་པའི་ཁེ་དབང་སྲུང་སྐྱོང་བྱ་གཞག་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས།