འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་1ཉིན།

༄༅།།གོ་ལ་ཧྲིལ་པོའི་ཡུལ་དུས་ཀྱི་རིག་ནུས་བཀོལ་སྤྱོད་མ་ལག་ཐོག་མ་ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་01ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཆན་ཞུན་ཝེ་ཀྲེ་དྲ་རྒྱ་ཚད་ཡོད་ཀུང་སིས་ཚེས་24ཉིན་གོ་ལ་ཧྲིལ་པོའི་ཡུལ་དུས་ཀྱི་རིག་ནུས་བཀོལ་སྤྱོད་མ་ལག་ཐོག་མ་ཁྱབ་བསྒྲགས་བྱས་པ་དང་། དེའི་མིང་ལ“ཁུ་ནུའི་མེ་ལོང”ཞེས་བཏགས་ཡོད། མ་ལག་དེས་གྲོང་ཁྱེར་རིམ་པའི་གཞི་ཁྱོན་ཆེ་བའི་ཡུལ་དུས་ཤེས་ཚོར་དང་། རྩིས་རྒྱག མཉམ་རུབ་བཅས་ཐུབ་རྒྱུ་མ་ཟད། ཁྱབ་ཆེ་བ་དང་གཅིག་གྱུར་གྱི་ཡུལ་དུས་ཀྱི་རྨང་གཞིའི་སྟེང་ཧ་ཅང་གནད་སྨིན་གྱི་སྐབས་བསྟུན་གནས་གཏན་འཁེལ་དང་། ཧ་ཅང་གསལ་བའི་སྒུལ་རྣམ་ས་བཀྲ ཡང་དག་པའི་དུས་ཚོད་བཅས་ཀྱི་དུས་མཉམ་ནུས་པ་མཁོ་འདོན་བྱེད་ཐུབ་པ་ལས། གྲོང་ཁྱེར་གྱི་གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་གསར་པ་རིམ་གྱིས་འགྲུབ་རྒྱུ་རེད།