འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་1ཉིན།

༄༅།།ཟླ་བའི་ལྷ་མོ་ཨང་ལྔ་པ་རྟགས་ཅན་གྱི་འཚོལ་ཞིབ་ཐིག་ལེན་ཡོ་བྱད་སླར་ཡང་བཀག་འཐེན་
གྱིས་སྒོར་དབྱིབས་ཟླ་བསྐོར་འཁོར་ལམ་དང་ཉེ་སར་འཕུར་སྐྱོད་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་01ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ནི་དཀྱུས་ཞེང་དཔངས་གསུམ་གྱི་ལད་ཟློས་འགུལ་རིས་རི་མོ་ཡིན་པ།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་29ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་11ཚེས་29ཉིན་གྱི་ཆུ་ཚོད་20དང་སྐར་མ་23ཐོག་ཟླ་བའི་ལྷ་མོ་ཨང་ལྔ་པ་རྟགས་ཅན་གྱི་འཚོལ་ཞིབ་ཡོ་བྱད་དེ་ཟླ་བ་དང་ཉེ་སར་སླར་ཡང་བཀག་འཐེན་བྱས་ནས་འཕུར་སྐྱོད་འཁོར་ལམ་དེ་འཇོང་དབྱིབས་ཟླ་སྐོར་འཁོར་ལམ་ནས་སྒོར་དབྱིབས་ཟླ་བསྐོར་འཁོར་ལམ་དང་ཉེ་སར་བསྒྱུར་པ་རེད།
   དེ་རྗེས། ཟླ་བའི་ལྷ་མོ་ཨང་ལྔ་པ་རྟགས་ཅན་གྱི་འཚོལ་ཞིབ་ཡོ་བྱད་ཀྱིས་གོ་སྐབས་དང་བསྟུན་ནས་ས་འབབ་ཡོ་བྱད་དང་དགུང་འཕུར་ཡོ་བྱད་ཀྱི་སྡེབ་སྒྲིག་ཕུང་པོ་དེ་འཁོར་ལམ་ཡོ་བྱད་དང་ཕྱིར་ལོག་ཡོ་བྱད་དང་ཁ་གྱེས་རྒྱུ་དང་། ས་འབབ་ཡོ་བྱད་དང་དགུང་འཕུར་ཡོ་བྱད་ཀྱི་སྡེབ་སྒྲིག་ཕུང་པོ་དེ་ཟླ་བའི་གོ་ལའི་མདུན་ཕྱོགས་སུ་དལ་འབབ་ཀྱིས་འཆར་གཞི་ལྟར་ཟླ་ངོས་སུ་རང་འགུལ་ངང་མ་དཔེ་འཚོལ་བ་སོགས་ཀྱི་ལས་དོན་སྤེལ་རྒྱུ་རེད།