འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་1ཉིན།

༄༅།།ཟླ་དང་པོ་ནས་བཅུ་པ་བར་སྤྱིར་བཏང་ཁྲལ་འཇལ་མཁན་གྱི་ཐེམ་གྲངས་ཟླ་རེར་ཆ་སྙོམས་དུད་ཚང་
ཁྲི་8.8དངོས་སུ་འཕར་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་01ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཉེ་དུས་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་གསལ། འདི་ལོའི་ཟླ་དང་པོ་ནས་བཅུ་པ་བར། སྤྱིར་བཏང་ཁྲལ་འཇལ་མཁན་གྱི་ཐེམ་གྲངས་ཟླ་རེར་ཆ་སྙོམས་དུད་ཚང་ཁྲི་8.8དངོས་སུ་འཕར་བ་དང་ཆ་སྙོམས་ཟླ་རེར་0.86%འཕར་ནས་བརྟན་པོའི་ངང་འཕར་རྒྱུ་མངོན་འགྱུར་ཐུབ་ཡོད།
   “ལྷག་དོན་དུ་དུས་ཚིགས་གཉིས་པ་ཚུན་དུ། ཐོན་སྐྱེད་སྒྲིག་ལམ་གོ་རིམ་ལྡན་པའི་ངང་སླར་གསོ་བྱུང་བ་དང་སྦྲགས། སྤྱིར་བཏང་ཁྲལ་འཇལ་མཁན་གྱི་ཐེམ་གྲངས་ཟླ་རེར་ཆ་སྙོམས་དུད་ཚང་ཁྲི་10.5དངོས་སུ་འཕར་བ་དང་ཆ་སྙོམས་ཟླ་རེར་1.01%འཕར་ནས་སྤྱིར་ན་ན་ནིང་གི་དུས་མཚུངས་ཆུ་ཚད་དུ་སླེབས་ཡོད། དེ་ཐོག་ནས་རང་རྒྱལ་གྱི་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་དང་རྒྱུན་མཐུད་ལེགས་འགྱུར་གྱི་རྣམ་པ་སྔར་བས་བརྟན་དུ་འགྲོ་ཚུལ་མངོན་པ་མ་ཟད། ད་དུང་རང་རྒྱལ་དཔལ་འབྱོར་གྱི་མཉེན་ཤུགས་དང་གཏིང་ཤུགས་ཀྱང་མངོན་ཡོད”ཅེས་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་དངོས་ཟོག་དང་ངལ་ནུས་ཁྲལ་འབབ་སིའི་སི་ཀྲང་ཞེ་ཝུན་གྱིས་བརྗོད།
   རང་རྒྱལ་གྱི་ཁྲལ་འབབ་རིགས་ཆེན་པོ་ཞིག་ཡིན་པའི་གནས་ཐང་འཕར་ཁྲལ་དེ་དངོས་ཟོག་དང་ཞབས་ཞུའི་ཁྱབ་ཁོངས་ཚང་མར་ཁྱབ་པ་མ་ཟད། ད་དུང་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་སུ་ཁྱབ་པ་དང་། ཁྲལ་རིན་གཉིས་གཅོག་གི་ཁྲལ་འབབ་རིགས་གཙོ་བོ་ཞིག་ཀྱང་ཡིན། ད་ཕན་ལོ་ཤས་རིང་གནས་ཐང་འཕར་ཁྲལ་སྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ་དང་སྦྲགས། རང་རྒྱལ་གྱིས་གནས་ཐང་འཕར་ཁྲལ་གྱི་ཁྲལ་འབབ་ཚད་གཞི་ཐེངས་མང་དམའ་རུ་བཏང་བ་མ་ཟད། ཚབ་འཐེན་ཁྱབ་ཁོངས་ཆེ་རུ་གཏོང་བ་སོགས་ཀྱི་བྱེད་ཐབས་མཉམ་དུ་བཏོན་པས། གནས་ཐང་འཕར་ཁྲལ་གྱི་ཁྲལ་འཇལ་མཁན་གྱི་ཁུར་པོ་རྒྱུན་ཆད་མེད་པར་ཡང་དུ་ཕྱིན་ནས་ཁེ་ལས་ཀྱི་འཕེལ་རྒྱས་འདོད་འདུན་དང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། གནས་ཐང་འཕར་ཁྲལ་གྱི་ཁྲལ་རིགས་ལ་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་དང་སྤྱིར་བཏང་གི་ཁྲལ་འཇལ་མཁན་གཉིས་སུ་དབྱེ་བ་དང་། དེའི་ཁྲོད་སྤྱིར་བཏང་ཁྲལ་འཇལ་མཁན་ནི་ལོར་དཔྱ་ཁྲལ་སྒོར་ཁྲི་500ཡན་འཇལ་མཁན་གྱི་ཁྲལ་འཇལ་མཁན་ཡིན་པ་དང་དེའི་གཞི་ཁྱོན་བལྟོས་བཅས་ཀྱིས་ཆེ་བ་དང་གཉེར་སྐྱོང་ཡང་བརྟན་པོ་ཡོད། གནས་ཐང་འཕར་ཁྲལ་གྱི་ཁྲལ་འཇལ་མཁན་ཐེམ་གྲངས་ཧྲིལ་པོའི་20%ཡང་མ་ཟིན་རུང་། གནས་ཐང་འཕར་ཁྲལ་གྱི་ཁྲལ་འབབ་ཀྱི་97%ཙམ་གྱི་ཁྲལ་འཇལ་གྱི་ཡོད། དེར་བརྟེན་སྤྱིར་བཏང་གི་ཁྲལ་འཇལ་མཁན་གྱི་གྲངས་འབོར་དང་གཉེར་སྐྱོང་བྱེད་སྟངས་འགྱུར་ལྡོག་འགྲོ་ཚུལ་དེ་ཕྱོགས་གཞན་ཞིག་ནས་རང་རྒྱལ་དཔལ་འབྱོར་གྱི་འཕེལ་རྒྱས་ཆུ་ཚད་དང་འཁོར་སྐྱོད་བྱས་ཚུལ་མངོན་གྱི་ཡོད།