འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་30ཉིན།

༄༅༎དུས་ཚིགས་གསུམ་པར་རང་རྒྱལ་གྱི་དངུལ་སྨར་མིན་པའི་གཏོང་སྤྲོད་ཅུང་འཕར་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་30ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གོ་མི་དམངས་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། འདི་ལོའི་དུས་ཚིགས་གསུམ་པར་རང་རྒྱལ་དངུལ་ཁང་གི་རྩིས་ཁྲའི་གྲངས་འབོར་ཅུང་འཕར་བ་དང་དངུལ་སྨར་མིན་པའི་གཏོང་སྤྲོད་ལས་སྒོའི་གྲངས་འབོར་ཅུང་འཕར་ཏེ་གཏོང་སྤྲོད་མ་ལག་གི་ལས་སྒོའི་གྲངས་འབོར་གྱི་འཕར་ཚད་རྒྱུན་འཁྱོངས་ཐུབ་ནས་རྒྱལ་ཡོངས་ཀྱི་གཏོང་སྤྲོད་མ་ལག་གི་འཁོར་རྒྱུག་སྤྱིར་ན་བརྟན་པོ་ཡོད་པ་རེད།
     གྲངས་གཞི་ལས་མངོན་པར། དུས་ཚིགས་གསུམ་པར་རྒྱལ་ཡོངས་དངུལ་ཁང་གིས་དངུལ་སྨར་མིན་པའི་གཏོང་སྤྲོད་ལས་སྒོ་དུང་ཕྱུར་1000.57གཉེར་ནས་མ་དངུལ་སྒོར་དུང་ཕྱུར་ཁྲི་1043.22ཟིན་པ་དེ་དུས་མཚུངས་ལས་11.47%དང་12.66%འཕར་ཡོད། དུས་ཚིགས་གསུམ་པའི་དུས་མཇུག་བར་རྒྱལ་ཡོངས་དངུལ་ཁང་གི་གཱ་སྤྱོད་ཚད་དང་སྤྲོད་ཚད་དུང་ཕྱུར་87.98ཟིན་པ་དེ་ཟླ་གོང་མའི་དུས་མཚུངས་ལས་1.62%འཕར་བ་དང་འཕར་ཚད་དུས་ཚིགས་གོང་མའི་དུས་མཇུག་ལས་བརྒྱ་ཆའི་གྲངས་0.11འཕར་ཡོད་པ་རེད།
     དེ་དང་ཆབས་ཅིག་རང་རྒྱལ་གྱི་སྒུལ་བདེའི་གཏོང་སྤྲོད་ལས་སྒོའི་གྲངས་འབོར་རྒྱུན་མཐུད་ངང་འཕར་བའི་རྣམ་པ་ཐོན་ཡོད། དུས་ཚིགས་གསུམ་པར་དངུལ་ཁང་གིས་གློག་རྡུལ་གཏོང་སྤྲོད་ལས་སྒོ་དུང་ཕྱུར་649.77གཉེར་བ་དེར་མ་དངུལ་སྒོར་དུང་ཕྱུར་ཁྲི་696.44ཟིན་ཡོད། དེའི་ནང་དྲ་ཐོག་གི་གཏོང་སྤྲོད་ལས་སྒོ་དུང་ཕྱུར་242.44གཉེར་ནས་མ་དངུལ་སྒོར་དུང་ཕྱུར་ཁྲི་551.60ཟིན་པ་དེ་དུས་མཚུངས་ལས་12.56%དང་11.29%འཕར་ཡོད། སྒུལ་བདེའི་གཏོང་སྤྲོད་ལས་སྒོ་དུང་ཕྱུར་344.95གཉེར་ནས་མ་དངུལ་སྒོར་དུང་ཕྱུར་ཁྲི་116.74ཟིན་པ་དེ་དུས་མཚུངས་ལས་26.48%དང་35.57%འཕར་ཡོད་པ་རེད།