འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་30ཉིན།

༄༅༎རང་རྒྱལ་གྱི་རང་བརྟེན་ཉིང་གློག་རབས་གསུམ་པའི“ཧྭ་ལུང་རྟགས་ཅན་དང་པོ”གོ་ལ་ཧྲིལ་པོའི་རྡུལ་ཕྲན་
ནུས་འདོན་སྒྲིག་ཆས་ཐོག་མ་དྲ་སྦྲེལ་ལེགས་གྲུབ་བྱུང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་30ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎རང་རྒྱལ་གྱི་རང་བརྟེན་ཉིང་གློག་རབས་གསུམ་པའི“ཧྭ་ལུང་རྟགས་ཅན་དང་པོ”གོ་ལ་ཧྲིལ་པོའི་རྡུལ་ཕྲན་
ནུས་འདོན་སྒྲིག་ཆས་ཐོག་མ་དྲ་སྦྲེལ་ལེགས་གྲུབ་བྱུང་བ།
     འདི་ག་ཚགས་པར་ཁང་དུ་ཧྥུའུ་ཀྲོའུ་ནས་ཟླ་11ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན་གྱི་ཆུ་ཚོད་0དང་སྐར་མ་41ཐོག་རང་རྒྱལ་གྱི་རང་བརྟེན་ཉིང་གློག་རབས་གསུམ་པའི“ཧྭ་ལུང་རྟགས་ཅན་དང་པོ”གོ་ལ་ཧྲིལ་པོའི་རྡུལ་ཕྲན་ནུས་འདོན་སྒྲིག་ཆས་ཐོག་མ་སྟེ། ཀྲུང་གོ་ཉིང་གློག་ཚོགས་པ་ཧྥུའུ་ཆིང་ཉིང་གློག་གི་འཕྲུལ་ཚན་5པ་ཐོག་མར་དྲ་སྦྲེལ་ལེགས་གྲུབ་བྱུང་བ་རེད། འཕྲུལ་ཚན་དེའི་ལག་རྩལ་གྱི་སྟོན་གྲངས་ཁག་ཚང་མ་ཇུས་འགོད་ཀྱི་བླང་བྱ་དང་འཚམ་པ་དང་འཁོར་རྒྱུག་ཡག་པོ་ཡོད་པས། རྗེས་མཐུད་ཀྱི་འཕྲུལ་ཚན་ཚོང་ལས་ལས་རིགས་སུ་སྤྱོད་པར་རྨང་གཞི་བརྟན་པོ་བཏིང་ཡོད། “ཧྭ་ལུང་རྟགས་ཅན་དང་པོ”ནི་རང་རྒྱལ་ལ་རང་བརྟེན་ཤེས་བྱའི་བདག་དབང་ཡོངས་སུ་ལྡན་པའི་རབས་གསུམ་པའི་ཉིང་གློག་ལག་རྩལ་ཞིག་ཡིན་ཞིང་། འཆར་གཞི་ལྟར་ན་སྤྱོད་ཡུན་ལོ་60ཡིན་པ་དང་། རྡུལ་ཕྲན་ནུས་འདོན་སྒྲིག་ཆས་ལ་ཉིང་ལྷེབ་177སྤྱོད་རྒྱུ་ཇུས་འགོད་བྱས་པ། རྡུལ་ཕྲན་ནུས་འདོན་སྒྲིག་ཆས་ཀྱི་ཉིང་ལྷེབ་ཟླ་18ལ་བརྗེ་སྒྱུར་བྱེད་པ། གློག་ཁང་སྤྱོད་ཚད་90%ཟིན་གྱི་ཡོད་པས་བདེ་འཇགས་ཐད་རྒྱལ་སྤྱིའི་བདེ་འཇགས་ཀྱི་ཚད་གཞི་མཐོ་ཤོས་སུ་སླེབས་ཀྱི་ཡོད།
     འདི་ནི“ཧྭ་ལུང་རྟགས་ཅན་དང་པོ”གོ་ལ་ཧྲིལ་པོའི་རྡུལ་ཕྲན་ནུས་འདོན་སྒྲིག་ཆས་ཧྥུའུ་ཆིང་ཉིང་གློག་གི་འཕྲུལ་ཚན་5པའི་བཟོ་ཁང་ཡིན་པ།