འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་30ཉིན།

༄༅༎ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཚོང་དོན་ཁུལ་ཕྱོགས་ཡོངས་ནས་
བསྐྲུན་ཏེ་ལོ་10འཁོར་བའི་ཆེད་དོན་གླེང་སྟེགས་འཚོགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་30ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ནན་ཉིང་ནས་ཟླ་11ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་28ཉིན་གྱི་སྔ་དྲོ། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཚོང་དོན་ཁུལ་ཕྱོགས་ཡོངས་ནས་བསྐྲུན་ཏེ་ལོ་10འཁོར་བའི་ཆེད་དོན་གླེང་སྟེགས་ཀོང་ཤིས་ནན་ཉིང་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་སུ་གྲུབ་འབྲས་ཐོབ་པའི་ངང་འཚོགས་པ་རེད།
     ད་ཐེངས་ཀྱི་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི“ལག་གདང་སྦྲེལ་ནས་སྒོ་དབྱེ་གཏིང་ཟབ་དང་མཉམ་འདྲེས་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཁྲོམ་ར་ཆེན་པོ་མཉམ་དུ་སྐྲུན”ཞེས་པ་འདི་ཡིན་པ་དང་། ཚོགས་ཞུགས་སྐུ་མགྲོན་ཚོས་སྡེ་ཚན་གྱི་བྱ་སྤྱོད་དང་། རིཌ་གཅིག་མཁས་ཅན་གྱི་མཐོང་ཕྱོགས། ཁེ་ལས་ཀྱི་འབོད་སྒྲ་བཅས་རིམ་པ་གསུམ་ནས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཚོང་དོན་ཁུལ་རིམ་པ་སྤོར་བའི《གྲོས་ཆོད་ཡི་གེ》ལ་ཕྱོགས་ཡོངས་ནས་ནུས་པ་ཐོན་རྗེས། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་ཚུལ་སྐོར་ལ་གྲོས་བསྡུར་གཏིང་ཟབ་བྱས་པ་མ་ཟད། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ས་ཁོངས་ཀྱི་ཁྲོམ་ར་ཆེན་པོ་མཉམ་འདྲེས་བྱེད་རིང་དང་འབྲེལ་བ་ཡོད་པའི་རྨང་གཞིའི་སྒྲིག་བཀོད་མཉམ་སྦྲེལ་མཉམ་མཐུད་དང་། ལེགས་ལྡན་ཐོན་ལས་མཉམ་ལས། མ་དངུལ་བསྡུ་སྒྲིལ་ལ་རྒྱབ་སྐྱོར། ཁྲོམ་རའི་སྒོ་དབྱེ་སོགས་འགག་རྩའི་རང་བཞིན་གྱི་གནད་དོན་ལ་དམིགས་ནས་སྤེལ་རེས་གང་ལེགས་བྱས་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། 2010ལོར་ཕྱོགས་ཡོངས་ནས་བསྐྲུན་པ་ནས་2019ལོར་རིམ་པ་སྤོར་བའི《གྲོས་ཆོད་ཡི་གེ》ལ་ཕྱོགས་ཡོངས་ནས་ནུས་པ་ཐོན་པའི་བར། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཚོང་དོན་ཁུལ་གྱི་འཕེལ་རྒྱས་ཀྱི་ཕན་པ་ཟམ་མི་ཆད་པར་ཐོན་ནས་ཕྱོགས་གཉིས་ཀྱི་དངོས་ཟོག་དང་ཞབས་ཞུའི་ཚོང་དོན་མགྱོགས་མྱུར་འཕར་བ་དང་། ཐོན་ལས་སྦྲེལ་ཐག་དང་རིན་ཐང་གི་སྦྲེལ་ཐག་མཉམ་འདྲེས་གཏིང་ཟབ་ཐུབ་ཡོད། རང་མོས་ཚོང་དོན་ཁུལ་གྱིས“རྫོཌ་ལྡན་ལོ་བཅུ”ཡི་རིང་མི་འབོར་དུང་ཕྱུར་19ལ་ཕན་པ་བསྐྲུན་པ་མ་ཟད། འཛམ་གླིང་དཔལ་འབྱོར་ལ་སྒུལ་ཤུཌ་ཆེན་པོའང་མཁོ་འདོན་བྱས་པས། དེ་ནི་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་དཔེ་མཚོན་ཞིག་ལ་གྱུར་ཡོད། མིག་སྔར། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་རྫོགས་ལྡན་དུས་འཁོར་གསར་པར་སླེབས་པ་མ་ཟད། ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་མཐུན(RCEP)ལ་མིང་རྟགས་བཀོད་མ་ཐག་ཡིན་པས། གླེང་སྟེགས་དེ་དམིགས་བསལ་གྱི་དུས་སྐབས་འདིར་འཚོགས་པར་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་ཡོད།