འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་30ཉིན།

༄༅༎《ཨེན་ཁེ་སི་སྐུ་འཁྲུངས་ནས་ལོ་ངོ་200འཁོར་བའི》དྲན་གསོའི་སྦྲག་རྟགས་ཀྱི་པར་ཕུད་འགྲེམས་སྤེལ་མཛད་སྒོ་པེ་ཅིང་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་30ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཟླ་11ཚེས་28ཉིན། ཀྲུང་གོ་སྦྲག་སྲིད་ཀྱིས་འགྲེམས་སྤེལ་བྱས་པའི《ཨེན་ཁེ་སི་སྐུ་འཁྲུངས་ནས་ལོ་ངོ་200འཁོར་བའི》དྲན་གསོའི་སྦྲག་རྟགས་ཀྱི་པར་ཕུད་འགྲེམས་སྤེལ་མཛད་སྒོ་པེ་ཅིང་ཀྲུང་གོ་མཛེས་རྩལ་ཁང་དུ་འཚོགས་པ་རེད། 《ཨེན་ཁེ་སི་སྐུ་འཁྲུངས་ནས་ལོ་ངོ་200འཁོར་བའི》དྲན་གསོའི་སྦྲག་རྟགས་ཆ་ཚང་གཉིས་ཡོད་པ་དང་། སྦྲག་རྟགས་ཀྱི་དཔེ་རིས་ཀྱི་མིང་ལ་གཞོན་ནུའི་དུས་ཀྱི་ཨེན་ཁེ་སི་དང་ལས་ཀ་བྱེད་དུས་ཀྱི་ཨེན་ཁེ་སི་ཞེས་བརྗོད། སྦྲག་རྟགས་ཆ་ཚང་ལ་སྒོར་2.40ཡིན་པ་དང་། འཆར་གཞི་ལྟར་ན་འགྲེམས་སྤེལ་གྲངས་འབོར་ཁྲི་750ཟིན་རྒྱུ་རེད།