འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་26ཉིན།

༄༅།།ཀན་སུའུ་ཀན་ལྷོ་ཀྲོའུ་རུ“དམངས་ཕྱུག་ཀན་དར”གྱི་འཆད་ཁྲིད་རབ་དང་རིམ་པ་ལྟ་ཉན་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་26ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉིན་རེའི་ཀན་སུའུ་དྲ་བའི་ཐོག་གསར་འགྱུར་སྤེལ་བ་གཞིར་བཟུང་། ཉེ་ཆར། ཀན་སུའུ་ཞིང་ཨུད་རྩ་འཛུགས་པུའུ་དང་། ཞིང་ཨུད་དྲིལ་བསྒྲགས་པུའུ། ཞིང་ཨུད་ཏང་གི་སློབ་གྲྭ་བཅས་ཀྱིས་ཐུན་མོང་ཐོག་གཉེར་བའི་ཀན་སུའུ་ཞིང་ཆེན་གྱི་འགོ་ཁྲིད་ལས་བྱེད་པའི“དམངས་ཕྱུག་ཀན་དར”གྱི་འཆད་ཁྲིད་རབ་དང་རིམ་པའི་2020ལོའི་འཆད་ཁྲིད་ཐེངས་12པ་དེ་བྱས་པ་རེད། ཀན་ལྷོ་ཀྲོའུ་ཨུད་དྲིལ་བསྒྲགས་པུའུ་དང་ཀྲོའུ་ཨུད་ཏང་གི་སློབ་གྲྭ་སོགས་ཀྲོའུ་ཡི་ཐད་གཏོགས་འབྲེལ་ཡོད་ཚན་པའི་འགན་འཁུར་བས་ཀན་ལྷོ་ཡན་ལག་ཚོགས་ར་ནས་ལྟ་ཉན་བྱས་པ་རེད།
   སི་ཁྲོན་སློབ་ཆེན་གྱི་འབུམ་རམས་པའི་སློབ་དཔོན་དང་ཁྲེང་ཏུའུ་ཤེས་སྤྱོད་ཤེས་བྱའི་བདག་དབང་ཞིབ་འཇུག་ཁང་གི་ཡོན་ཀྲང་ཀྲང་ཐིང་ཡོན་གདན་ཞུསལྟར《རིག་གནས་ཀྱི་གདེང་ཚོད་དང་ཀན་སུའུ་ཡི་པར་དབང་ཐོན་ལས་འཕེལ་རྒྱས》ཀྱི་ཆེད་དོན་སྙན་ཞུ་བྱས་ཤིང་། ཁོང་གིས་སྙན་ཞུའི་ནང་པར་དབང་ཐོན་ལས་འཕེལ་རྒྱས་ཀྱི་རྒྱལ་ཁབ་ཕྱི་ནང་གི་རྣམ་པ་ངོ་སྤྲོད་བྱས་པ་དང་། རྒྱལ་ཁབ་ཕྱི་ནང་གི་པར་དབང་ཐོན་ལས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་དང་། འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན། དེ་བཞིན་པར་དབང་ཐོན་ལས་འཕེལ་རྒྱས་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་བཅས་ལ་དབྱེ་ཞིབ་བྱས་པ་དང་སྦྲགས་ད་དུང་ཞིང་ཆེན་གྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་ཀན་སུའུ་ཡི་པར་དབང་ཐོན་ལས་འཕེལ་རྒྱས་ཐད་ཀན་སུའུ་ཞིང་ཆེན་གྱི་པར་དབང་ཐོན་ལས་ལྷན་ཚོགས་འཛུགས་རྒྱུ་དང་ཞིང་ཆེན་དང་གྲོང་ཁྱེར་གྱི་པར་དབང་སྐྱོང་གསོ་ཁང་བསྐྲུན་རྒྱུ་སོགས་ཀྱི་གྲོས་འགོ་17བཏོན་པ་རེད།