མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན·དྲ་སྦྲེལ་འཕེལ་རྒྱས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་25ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་23ཉིན་གློག་འཕྲིན་འབྱོར་གསལ། འཛམ་གླིང་དྲ་སྦྲེལ་ཚོགས་ཆེན·དྲ་སྦྲེལ་འཕེལ་རྒྱས་གླེང་སྟེགས་ཟླ་11ཚེས་23ཉིན་ཀྲེ་ཅང་ཝུའུ་གྲོང་རྡལ་དུ་འགོ་ཚུགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
     ཞི་ཅིན་ཕིང་གིས་དེང་སྐབས་ཀྱི་འཛམ་གླིང་ཐོག་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་སྒྱུར་བཅོས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་སོང་ནས་གྲངས་འཛིན་ལག་རྩལ་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱེད་བཞིན་ཡོད། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན་རྒྱང་ཁྲིད་སྨན་བཅོས་དང་། དྲ་ཐོག་སློབ་གསོ། མཉམ་སྤྱོད་ལས་སྟེགས། མཐུན་སྦྱོར་གཞུང་ལས་སོགས་བེད་སྤྱོད་རྒྱ་ཁྱབ་བྱུང་ནས་དྲ་སྦྲེལ་གྱིས་རྒྱལ་ཁབ་ཁག་གི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་འཁོར་སྐྱོད་འགན་སྲུང་བྱེད་པ། རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ནུས་པ་གལ་ཆེན་འདོན་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་ཁག་དང་མཉམ་དུ་ཆ་འཕྲིན་གསར་བརྗེའི་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་དང་གསར་གཏོད་བྱེད་པ་དང་། གྲངས་འཛིན་མཉམ་ལས་ཀྱི་རྣམ་པ་གསར་པ་གཏོད་པ། དྲ་རྒྱའི་བདེ་འཇགས་ཀྱི་རྣམ་པ་གསར་པ་གཏོད་པ། དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་པ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པ་བཅས་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

  
style="display:none;"