མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་དབུ་ཚོགས་ཐེངས་བཅོ་ལྔ་པའི་དུས་མཚམས་
གཉིས་པའི་ཚོགས་འདུར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་24ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་11ཚེས་22ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་བརྙན་ལམ་རྣམ་པའི་ཐོག་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་དབུ་ཚོགས་ཐེངས་བཅོ་ལྔ་པའི་དུས་མཚམས་གཉིས་པའི་ཚོགས་འདུར་ཞུགས་ནས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གནད་དོན་སྐོར་གྱི་གཟིགས་ཚུལ་གཙོ་གནད་ཐོག་རྒྱས་བཤད་གནང་བ།

ཟླ་11ཚེས་22ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་བརྙན་ལམ་རྣམ་པའི་ཐོག་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་དབུ་ཚོགས་ཐེངས་བཅོ་ལྔ་པའི་དུས་མཚམས་གཉིས་པའི་ཚོགས་འདུར་ཞུགས་ནས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གནད་དོན་སྐོར་གྱི་གཟིགས་ཚུལ་གཙོ་གནད་ཐོག་རྒྱས་བཤད་གནང་བ།

     ■ བསྟུན་མཁས་རང་བཞིན་དང་། རྒྱུན་མཐུད་ཆོག་པ། མཉེན་ཤུགས་ལྡན་པ་བཅས་ཀྱི་འབྱུང་འགྱུར་གཏོད་པར། གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་བྱ་གཞག་ལ་སྐུལ་འདེད་རྒྱུན་ཆད་མེད་པར་གཏོང་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེན་པོ་ཡིན། ཏོག་གསར་གློ་ཚད་རིམས་ནད་ཀྱི་རྡབ་རྡེག་མདུན་དུ། ང་ཚོས་སྔོན་ཆད་ཀྱི་དུས་གང་རུང་ཞིག་ལས་ཀྱང་ལྷག་པའི་སྒོ་ནས་ཏན་ཏིག་གི་བྱ་ཐབས་འདོན་དགོས། གཅིག འཕེལ་རྒྱས་སྔོན་འཇོག་གི་འདུ་ཤེས་མཐའ་འཁྱོངས་བྱེད་དགོས། གཉིས། ཕྱོགས་ཡོངས་དོ་སྙོམས་ཀྱི་སྲིད་ཇུས་བྱེད་ཐབས་སྤྱོད་དགོས། གསུམ། རྒྱལ་སྤྱིའི་དཔལ་འབྱོར་གྱི་ཁོར་ཡུག་བཟང་པོ་སྐྲུན་དགོས།
     ■ ཀྲུང་གོས་ལོ་10ཡི་སྔ་སྣུར་དུ་དབུལ་པོ་དབུལ་རྐྱང་མེད་པ་བཟོ་བའི་དམིགས་ཚད་མངོན་འགྱུར་ཐུབ་ཉེར་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ལྷག་ཙམ་སོང་རིང་། ཀྲུང་གོའི་མི་འབོར་དུང་ཕྱུར་7ལྷག་ཙམ་དབུལ་སྒྲོལ་ཐུབ་ནས་འཛམ་གླིང་གི་དབུལ་པོ་ཉུང་གཏོང་ལ་ལེགས་སྐྱེས་འབུལ་ཚད་70%ལྷག་ཙམ་ཟིན་ཡོད། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་དབུལ་སྒྲོལ་དང་ཐུན་མོང་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱེད་འདོད་ཡོད།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་22ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་བརྙན་ལམ་རྣམ་པའི་ཐོག་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་དབུ་ཚོགས་ཐེངས་བཅོ་ལྔ་པའི་དུས་མཚམས་གཉིས་པའི་ཚོགས་འདུར་ཞུགས་ནས། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གནད་དོན་སྐོར་གྱི་གཟིགས་ཚུལ་གཙོ་གནད་ཐོག་རྒྱས་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས། བསྟུན་མཁས་རང་བཞིན་དང་། རྒྱུན་མཐུད་ཆོག་པ། མཉེན་ཤུགས་ལྡན་པ་བཅས་ཀྱི་འབྱུང་འགྱུར་གཏོད་པར། གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་བྱ་གཞག་ལ་སྐུལ་འདེད་རྒྱུན་ཆད་མེད་པར་གཏོང་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེན་པོ་ཡིན། ཏོག་གསར་གློ་ཚད་རིམས་ནད་ཀྱི་རྡབ་རྡེག་མདུན་དུ། ང་ཚོས་སྔོན་ཆད་ཀྱི་དུས་གང་རུང་ཞིག་ལས་ཀྱང་ལྷག་པའི་སྒོ་ནས་ཏན་ཏིག་གི་བྱ་ཐབས་འདོན་དགོས།
     གཅིག འཕེལ་རྒྱས་སྔོན་འཇོག་གི་འདུ་ཤེས་མཐའ་འཁྱོངས་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱེད་རྒྱུ་སྣེ་ཁྲིད་དུ་བྱས་ནས། འཕེལ་རྒྱས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ལྷོ་བྱང་འཕེལ་རྒྱས་ཀྱི་ཧེ་བག་ཆུང་དུ་གཏོང་དགོས།
     གཉིས། ཕྱོགས་ཡོངས་དོ་སྙོམས་ཀྱི་སྲིད་ཇུས་བྱེད་ཐབས་སྤྱོད་དགོས། གནད་སྨིན་ཇུས་འདོན་གྱིས་རིམས་ནད་ཀྱིས་རྐྱེན་པས་དབུལ་པོ་རང་ལོག་ལ་ཁ་གཏད་གཅོག་དགོས། བུ་ལོན་དུས་འགྱངས་ཀྱི་གྲོས་འགོ་དོན་འཁྱོལ་བྱེད་པ་དང་འབྲེལ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་དགོས་ངེས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་རྒྱབ་སྐྱོར་མུ་མཐུད་བྱས་ནས་རྨང་གཞིའི་སྒྲིག་བཀོད་དང་མཉམ་སྦྲེལ་མཉམ་མཐུད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།
     གསུམ། རྒྱལ་སྤྱིའི་དཔལ་འབྱོར་གྱི་ཁོར་ཡུག་བཟང་པོ་སྐྲུན་དགོས། སྒོ་ཁྲལ་དང་སྒོ་ཁྲལ་མིན་པའི་བཀག་རྒྱ་ཆུང་དུ་གཏོང་བ་དང་། ཚོང་དོན་ལ་བརྟེན་ནས་དབུལ་པོ་ཉུང་གཏོང་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེ་བས་ལེགས་པའི་སྒོ་ནས་གོ་ལ་ཧྲིལ་པོའི་ཁྲོམ་ར་ཆེ་མོའི་ནང་མཉམ་འདྲེས་ཐུབ་རྒྱུར་རོགས་རམ་བྱེད་དགོས། གྲངས་གཞིའི་དབུལ་པོ་ཉུང་གཏོང་གི་ནུས་པ་འདོན་སྤེལ་བྱས་ནས་ཁེ་ལས་འབྲིང་ཆུང་དང་། བུད་མེད། གཞོན་ནུ་སོགས་ཉམས་ཞན་ཚོགས་སྤྱིར་དབུལ་སྒྲོལ་ཕྱུག་འགྱུར་གྱི་གོ་སྐབས་དེ་བས་མང་བ་སྐྲུན་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། ཀྲུང་གོས་ལོ་10ཡི་སྔ་སྣུར་དུ་དབུལ་པོ་དབུལ་རྐྱང་མེད་པ་བཟོ་བའི་དམིགས་ཚད་མངོན་འགྱུར་ཐུབ་ཉེར་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ལྷག་ཙམ་སོང་རིང་། ཀྲུང་གོའི་མི་འབོར་དུང་ཕྱུར་7ལྷག་ཙམ་དབུལ་སྒྲོལ་ཐུབ་ནས་འཛམ་གླིང་གི་དབུལ་པོ་ཉུང་གཏོང་ལ་ལེགས་སྐྱེས་འབུལ་ཚད་70%ལྷག་ཙམ་ཟིན་ཡོད། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་དབུལ་སྒྲོལ་དང་ཐུན་མོང་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་འཛམ་གླིང་སྐྲུན་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
     ཚོགས་ཞུགས་འགོ་ཁྲིད་མི་སྣས། རྒྱལ་ཁབ་ཉི་ཤུ་ཚོགས་པས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རིམས་ནད་ཁྱད་བསད་བྱེད་རྒྱུར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དཔལ་འབྱོར་སླར་གསོ་དང་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བ། གྲངས་འཛིན་ཧེ་བག་ཆུང་དུ་གཏོང་བ། དབུལ་པོ་མེད་པར་བཟོ་བ། བུད་མེད་དང་གཞོན་ནུར་སློབ་གསོ་དང་ལས་ཞུགས་ཀྱི་གོ་སྐབས་དེ་བས་མང་བ་སྤྲོད་པ། 2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱེད་པ་བཅས་ལ་བརྟེན་ནས། བསྟུན་མཁས་རང་བཞིན་གྱི་འཕེལ་རྒྱས་ཡོང་བ་བྱེད་དགོས། ཐཱན་འབུད་ཚད་ཉུང་དུ་གཏོང་བ་དང་། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། གནམ་གཤིས་འགྱུར་ལྡོག་དང་སྣོད་བཅུད་ཁོར་ཡུག་ཇེ་སྡུག་ཏུ་འགྲོ་བ་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཁ་གཏད་གཅོག་དགོས་ཞེས་བརྗོད་པ་རེད།
     དབུ་ཚོགས་ཐོག《རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་ལི་ཡ་ཏེའི་དབུ་ཚོགས་ཀྱི་བསྒྲགས་གཏམ》ལ་གྲོས་འཆམ་བྱུང་བ་རེད།

ཟླ་11ཚེས་22ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་བརྙན་ལམ་རྣམ་པའི་ཐོག་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་དབུ་ཚོགས་ཐེངས་བཅོ་ལྔ་པའི་དུས་མཚམས་གཉིས་པའི་ཚོགས་འདུར་ཞུཌ་ནས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གནད་དོན་སྐོར་གྱི་གཟིགས་ཚུལ་གཙོ་གནད་ཐོག་རྒྱས་བཤད་གནང་བ།
ཟླ་11ཚེས་22ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་བརྙན་ལམ་རྣམ་པའི་ཐོག་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་དབུ་ཚོགས་ཐེངས་བཅོ་ལྔ་པའི་དུས་མཚམས་གཉིས་པའི་ཚོགས་འདུར་ཞུཌ་ནས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གནད་དོན་སྐོར་གྱི་གཟིགས་ཚུལ་གཙོ་གནད་ཐོག་རྒྱས་བཤད་གནང་བ།

  
style="display:none;"