མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་རི་ཡ་ཏེའི་དབུ་ཚོགས་ཀྱི“སའི་གོ་ལར་སྲུང་སྐྱོང་བྱེད”
ཅེས་པའི་བརྗོད་དོན་གཙོ་བོའི་ཞར་བྱུང་ཚོགས་འདུའི་ཐོག་ཤིས་ཚིག་གསུངས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་24ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

འདི་ནི་ཟླ་11ཚེས་22ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་རི་ཡ་ཏེའི་དབུ་ཚོགས་ཀྱི“སའི་གོ་ལར་སྲུང་སྐྱོང་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་ཞར་བྱུང་ཚོགས་འདུའི་ཐོག་ཤིས་ཚིག་གསུངས་པ།

འདི་ནི་ཟླ་11ཚེས་22ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་རི་ཡ་ཏེའི་དབུ་ཚོགས་ཀྱི“སའི་གོ་ལར་སྲུང་སྐྱོང་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་ཞར་བྱུང་ཚོགས་འདུའི་ཐོག་ཤིས་ཚིག་གསུངས་པ།

     ■ སའི་གོ་ལ་ནི་ང་ཚོའི་ཐུན་མོང་གི་ཁྱིམ་གཞིས་ཡིན། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་ལག་གདང་སྦྲེལ་ནས་གནམ་གཤིས་ཁོར་ཡུག་ཁྱབ་ཁོངས་ཀྱི་འགྲན་སློང་ལ་ཁ་གཏད་བཅག་སྟེ་མཐིང་མདོག་གི་གོ་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས།
     ■ དགོངས་ཚུལ་ཁག་གསུམ་བཏོན་གནང་བ་སྟེ། གཅིག གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་ཤུགས་ཆེ་རུ་གཏོང་དགོས། གཉིས། དྭངས་གཙང་ནུས་རྒྱུའི་ཕྱོགས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། གསུམ། རང་བྱུང་ཁམས་ལ་བརྩི་འཇོག་བྱེད་པའི་སྣོད་བཅུད་མ་ལག་བསྐྲུན་དགོས།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་རི་ཡ་ཏེའི་དབུ་ཚོགས་ཀྱི“སའི་གོ་ལར་སྲུང་སྐྱོང་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་ཞར་བྱུང་ཚོགས་འདུའི་ཐོག་ཤིས་ཚིག་གསུངས་པ་རེད།
     ཞི་ཅིན་ཕིང་གིས་སའི་གོ་ལ་ནི་ང་ཚོའི་ཐུན་མོང་གི་ཁྱིམ་གཞིས་ཡིན། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་ལག་གདང་སྦྲེལ་ནས་གནམ་གཤིས་ཁོར་ཡུག་ཁྱབ་ཁོངས་ཀྱི་འགྲན་སློང་ལ་ཁ་གཏད་བཅག་སྟེ་མཐིང་མདོག་གི་གོ་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་དགོངས་ཚུལ་ཁག་གསུམ་བཏོན་གནང་བ་སྟེ།
     གཅིག གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཉི་ཤུ་ཚོགས་པས་མུ་མཐུད་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས》ཀྱི་མཛུབ་ཁྲིད་འོག་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི《ཕ་རི་སིའི་གྲོས་ཆོད》ཕྱོགས་ཡོངས་དང་ནུས་ལྡན་ངང་ལག་ལེན་བསྟར་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོས་རྒྱལ་ཁབ་ཀྱི་རང་རྟེན་ལེགས་སྐྱེས་འབུལ་ཤུགས་ཆེ་རུ་བཏང་ནས་དབྱང་གཉིས་ཐཱན་འགྱུར་འབུད་ཚད་2030ལོའི་གོང་དུ་ཚད་མཐོ་ཤོས་སུ་སླེབས་པ་དང་2060ལོའི་གོང་དུ་ཐཱན་སྙོམས་མངོན་འགྱུར་བརྩོན་ལེན་ཧུར་ཐག་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་བྱ་རྒྱུ་ཡིན།
     གཉིས། དྭངས་གཙང་ནུས་རྒྱུའི་ཕྱོགས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་རྗེས་ཀྱི་དུས་རབས་ཀྱི་ནུས་རྒྱུའི་ཐཱན་ཉུང་ཕྱོགས་སྒྱུར་ལ་རྒྱབ་སྐྱོར་བྱས་ནས་མི་ཚང་མས་རྒྱུན་མཐུད་ཆོག་པའི་ནུས་རྒྱུ་ལོངས་སུ་སྤྱོད་པའི་དམིགས་ཚད་མངོན་འགྱུར་བྱ་རྒྱུ་ཡིན། ཀྲུང་གོས་གོ་ལ་ཧྲིལ་པོའི་ཐོག་གི་དྭངས་གཙང་ནུས་རྒྱུའི་མ་ལག་ཆེ་ཤོས་བསྐྲུན་ནས་ནུས་རྒྱུ་དྭངས་གཙང་དང་ཐཱན་ཉུང་བདེ་འཇགས་ཕན་ཆེའི་ངང་སྤྱོད་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་འབྲེལ། ནུས་རྒྱུ་གསར་པ་དང་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་ཡིན།
     གསུམ། རང་བྱུང་ཁམས་ལ་བརྩི་འཇོག་བྱེད་པའི་སྣོད་བཅུད་མ་ལག་བསྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས་ས་ཆ་ཞན་འགྱུར་ཉུང་དུ་གཏོང་བ་དང་། བྱུ་རུའི་བྲག་རྡོ་སྲུང་སྐྱོང་བྱེད་པ། རྒྱ་མཚོའི་སྤོས་འགྱིག་གད་སྙིགས་གཙང་བཟོ་སོགས་ཁྱབ་ཁོངས་ཐད་ཀྱི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་མཉམ་ལས་ཟབ་ཏུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ་དེ་བས་བརྟན་པའི་གོ་ལ་ཧྲིལ་པོའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་ཕྱི་ལོའི་ཟླ་5པར་ཁུན་མིང་དུ་འཚོག་རྒྱུའི《སྐྱེ་དངོས་སྣ་མང་རང་བཞིན་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པར་ཞུགས་རྒྱུར་ལྷག་བསམ་ཟོལ་མེད་ངང་དགའ་བསུ་ཞུ་རྒྱུ་ཡིན་ལ། ཚོགས་ཆེན་གྱིས་འབྱུང་འགྱུར་དུས་སྐབས་ཤིག་རིང་གི་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་དམིགས་ཚད་བཟོ་ཆེད་བྱ་སྤྱོད་སྤེལ་རྒྱུའི་རེ་སྒུག་ཀྱང་བྱ་རྒྱུ་ཡིན། ང་ཚོས་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་དྭངས་གཙང་དང་མཛེས་སྡུག་ལྡན་པའི་འཛམ་གླིང་བསྐྲུན་དགོས།

  
style="display:none;"