མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་དཔལ་འབྱོར་དུས་བབ་སྐོར་ལ་ས་གནས་སྲིད་གཞུང་ཁག་གཅིག་གི་འགན་ཁུར་བའི་
བརྙན་ལམ་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་24ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་། ནུས་ལྡན་རང་བཞིན། རྒྱུན་མཐུད་ཆོག་པའི་རང་བཞིན་བཅས་རྒྱུན་འཁྱོངས་ཀྱིས་གསོན་ཤུགས་དང་སྒུལ་ཤུགས་སྔར་བས་ཆེ་རུ་བཏང་ནས་དཔལ་འབྱོར་བརྟན་པོའི་ངང་སླར་གསོ་ཡོང་བ་དང་རྒྱུན་མཐུད་ངང་འཕར་བ་དང་དམངས་འཚོ་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་20ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ས་གནས་སྲིད་གཞུང་ཁག་གཅིག་གི་འགན་ཁུར་བའི་བརྙན་ལམ་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྟེ། དཔལ་འབྱོར་གྱི་དུས་བབ་ལ་དབྱེ་ཞིབ་གནང་བ་དང་སྦྲགས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་ཕེབས་པ་རེད།
     བཞུགས་མོལ་ཚོགས་འདུའི་ཐོག་ཧེ་ལུང་ཅང་ཞིང་ཆེན་དང་། ཧྲན་ཏུང་ཞིང་ཆེན། ཧུའུ་ནན་ཞིང་ཆེན། ཀོང་ཏུང་ཞིང་ཆེན། ཡུན་ནན་ཞིང་ཆེན་བཅས་སྲིད་གཞུང་གི་འགན་འཁུར་བློ་མཐུན་གྱིས་གཏམ་བཤད་སྤེལ་ཏེ། རྒྱལ་ཁབ་ཀྱི་འདི་ལོའི་གཞི་ཆེན་སྲིད་ཇུས་དང་ཁེ་ལས་ལ་དཀའ་ངལ་སེལ་རོགས་ཀྱི་བྱེད་ཐབས་ཀྱིས་ནུས་པ་གཙོ་བོ་བཏོན་པས། ས་གནས་ཁག་གི་དཔལ་འབྱོར་དང་ལས་ཞུགས་སོགས་ཀྱི་སྟོན་གྲངས་གཙོ་བོ་ཚང་མ་དུས་ཚིགས་རེ་རེ་བཞིན་བརྟན་ཐོག་ལེགས་འགྱུར་བྱུང་ཡོད་ཅེས་མགྲིན་གཅིག་ཏུ་བརྗོད་པ་མ་ཟད། ཚང་མས་ད་དུང་ས་གནས་དེ་གའི་གོམ་སྟབས་རྗེས་མའི་དཔལ་འབྱོར་འཕེལ་ཕྱོགས་ལ་དབྱེ་ཞིབ་བརྡར་གཅོད་བྱས་པ་མ་ཟད། རྒྱལ་ཁབ་ཀྱི་སྲིད་ཇུས་སོགས་ཀྱི་ཐད་ལ་གྲོས་འགོ་ཡང་བཏོན་པ་རེད།
     ལི་ཁེ་ཆང་གིས་གསུངས་དོན། འདི་ལོ་འགྲན་སློང་ཧ་ཅང་ཆེན་པོའི་མདུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་དཔལ་འབྱོར་སླར་གསོ་མགྱོགས་པོ་བྱུང་ཡོད། དེ་ནི་གོང་འོག་ཚང་མས་ཕྱར་བ་གྲུ་འདེགས་དང་དུས་ངལ་མཉམ་སེལ་བྱས་པའི་འབྲས་བུ་དང་། རྒྱལ་ཁབ་ཀྱི་གཞི་ཆེན་སྲིད་ཇུས་དུས་ཐོག་དང་འཕྲལ་ཐག་ཆོད་པ་དང་ནུས་ལྡན་ལུགས་མཐུན་བྱུང་བ། ཚད་དང་རན་པའི་སྲིད་ཇུས་ལག་བསྟར་བྱེད་ཤུགས་ལ་བརྟེན་ནས་ཐོབ་པའི་སྔོན་དཔག་ལས་བརྒལ་བའི་ཕན་འབྲས་བཅས་རེད། ས་གནས་ཁག་གིས་སྲིད་ཇུས་ལག་ལེན་བསྟར་རིང་རང་འགུལ་ངང་ཤུགས་སྣོན་བརྒྱབ་པས་ཁྲོམ་རའི་བྱེད་པོ་དུང་ཕྱུར་1ལྷག་ཙམ་གྱི་ངར་ཤུགས་འཕེལ་ཡོད། དེ་དང་ཆབས་ཅིག་དཔལ་འབྱོར་བརྟན་པོའི་ངང་སླར་གསོ་ཡོང་བ་དང་ལུགས་མཐུན་གྱི་ཁྱབ་ཁོངས་སླར་གསོ་ཐུབ་པར་སྐུལ་འདེད་གཏོང་བར་སྔར་བཞིན་དཀའ་སྤྱད་འབད་བརྩོན་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་སྐྱོང་བཅས་ཀྱི་བླང་བྱ་དག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་གྱི་ཕྱོགས་ཁག་ཁྲོད་ཁྱབ་པར་བྱེད་པ། ཀྲུང་དབྱང་དང་ས་གནས་དང་ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་སྔར་བས་འཕེལ་བར་བྱེད་པ་བཅས་ཀྱི་ཐོག་ནས་འདི་ལོའི་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་གཙོ་བོ་ལེགས་སྒྲུབ་ཡོང་བར་བྱས་ནས། དཔལ་འབྱོར་རྒྱུན་མཐུད་བརྟན་པོའི་ངང་འཕེལ་རྒྱས་དང་དམངས་འཚོ་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
     ལི་ཁེ་ཆང་གིས་བསྟན་གནང་དོན། མིག་སྔར་རྒྱལ་ཁབ་ཕྱི་ནང་གི་དུས་བབ་སྔར་བཞིན་རྙོག་འཛིང་ཆེ་ལ་ཛ་དྲག་པ་དང་། ངེས་གཏན་མེད་པའི་རང་བཞིན་ཧ་ཅང་ཆེན་པོ་གནས་ཡོད་པར་ངོས་འཛིན་གང་ལེགས་བྱས་ཏེ། དངོས་ཐོག་བདེན་འཚོལ་དང་དགེ་སྐྱོན་ཚང་མ་མཐོང་བར་བྱས་ནས་གོམ་སྟབས་རྗེས་མའི་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་དེ་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་། ནུས་ལྡན་རང་བཞིན། རྒྱུན་སྲིང་རང་བཞིན་བཅས་རྒྱུན་འཁྱོངས་བྱེད་དགོས། ལུགས་མཐུན་ངང་སྲིད་ཇུས་ལག་བསྟར་བྱེད་ཤུགས་སྟངས་འཛིན་དང་སྲིད་ཇུས་ལག་བསྟར་བྱེད་ཐབས་གདམ་ག་བྱེད་པ་མ་ཟད། འཚོལ་ཞིབ་བྱས་པའི་ཉམས་མྱོང་མུ་མཐུད་མཐའ་འཁྱོངས་ཀྱིས་འདི་ལོའི་སྤྱོད་གོ་ཆོད་པའི་ཐད་སྤྱོད་ལམ་སྲོལ་སོགས་སྒྱུར་བཅོས་བྱེད་ཐབས་མཐའ་འཁྱོངས་བྱེད་དགོས་རིགས་མཐའ་འཁྱོངས་བྱེད་དགོས། སྲིད་ཇུས་ཀྱི་ཤུགས་རྒྱག་ས་མུ་མཐུད་ཁྲོམ་རའི་བྱེད་པོ་དང་གཞི་རྩའི་དམངས་འཚོར་ཐད་ཀར་ཕྱོགས་ནས་སྲིད་ཇུས་གནད་སྨིན་ངང་སྤྱོད་དགོས། ལས་ཞུགས་བརྟན་པོ་དང་ནང་མཁོ་རྒྱ་ཆེར་གཏོང་རྒྱུར་ཤུགས་རྒྱག་དགོས། ལས་ཞུགས་ཐུབ་ན་ཡོང་འབབ་ཡོད་པ་དང་ཡོང་འབབ་ཡོད་ན་འཛད་སྤྱོད་ཡོད་པས། ལས་ཞུགས་སྔོན་ལ་བྱེད་པའི་སྲིད་ཇུས་ལག་ལེན་བསྟར་ཤུགས་ཆེ་རུ་བཏང་ནས་ལས་ཞུགས་ཀྱི་ལས་གནས་དེ་བས་མང་བ་གཏོད་དགོས། འགག་གནད་བསལ་ནས་འཛད་སྤྱོད་རྒྱུན་གཏན་ལྟར་སླར་གསོ་ཡོང་བར་སྐུལ་འདེད་གཏོང་བ་དང་ཞན་ཆ་བསལ་ནས་རིམ་པ་མང་བའི་འཛད་སྤྱོད་ཀྱི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་དགོས། སྲིད་གཞུང་གི་མ་དངུལ་གྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་ལ་མ་འཇོག་དང་ཐེ་ཞུགས་བྱ་རྒྱུའི་ལྕག་སྐུལ་བྱས་ནས་ནུས་ལྡན་གྱི་མ་འཇོག་གཞི་ཁྱོན་ཆེ་རུ་གཏོང་དགོས། སྲིད་གཞུང་གིས་ཟ་མཁས་འཐུང་མཁས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཁྲོམ་རའི་བྱེད་པོའི་དགོས་མཁོ་དང་དུས་བབ་ཀྱི་འགྱུར་ལྡོག་ལ་གཞིགས་ནས་དུས་ཐོག་ཏུ་སྲིད་ཇུས་ལེགས་སུ་དང་ཁྲོམ་རའི་སྔོན་དཔག་བརྟན་དུ་གཏོང་དགོས། ས་གནས་ཁག་གིས་ཡུལ་བབ་དང་བསྟུན་ནས་དམིགས་སའི་རང་བཞིན་གྱི་བྱེད་ཐབས་སྤྱད་དེ་ཁྲོམ་རའི་བྱེད་པོར་དཀའ་ངལ་སེལ་རོགས་བྱས་ནས་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་དགོས།

  
style="display:none;"