འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་23ཉིན།

༄༅།།ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པ་བཙུགས་ནས་ལོ་ངོ་60འཁོར་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་23ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པ་བཙུགས་ནས་ལོ་ངོ་60འཁོར་བ།
    མི་དམངས་དྲ་བའི་འཕྲིན།ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་11ཚེས་20ཉིན། ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པ་བཙུགས་ནས་ལོ་ངོ་60འཁོར་བས་འབྲེལ་ཡོད་རྟེན་འབྲེལ་བྱེད་སྒོ་ཚེས་20ཉིན་ལྷ་ས་གྲོང་ཁྱེར་དུ་སྤེལ་ཞིང་། དེ་དང་དུས་མཉམ་དུ་ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པ(གྲོང་ཁྱེར་གཞས་གཏམ་ཚོགས་པ)ཡི་སྒོ་བྱང་བཀལ་བ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པ་ནི་1960ལོར་བཙུགས་ཤིང་། བོད་ཞི་བས་བཅིངས་འགྲོལ་ཐོབ་རྗེས་ཆེས་སྔ་ཤོས་སུ་བཙུགས་པའི་རིག་རྩལ་ཚོགས་པ་ཞིག་རེད། དེ་དུས་གླུ་གར་ཚོགས་པ་དེར་འཁྲབ་སྟོན་པ་20ལྷག་ལས་མེད་པར་ལས་ཞོར་དཔུང་ཁག་ཅིག་རེད། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་ཐུགས་ཁུར་འོག ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པ་རིམ་བཞིན་རྒྱ་བསྐྱེད་བྱུང་ཡོད། ད་ཆར། ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པ(གྲོང་ཁྱེར་གཞས་གཏམ་ཚོགས་པ)ཡི་སྒོ་བྱང་བཀལ་བའི་ཐོག་ནས་གླུ་གར་ཚོགས་པ་འདི་བོད་ལྗོངས་ཁོངས་སུ་གླུ་གར་དང་གཞས་མ་གཏམ་སྒྱུ་རྩལ་རིགས་ཆེན་པོ་གཉིས་ལྡན་པའི་ཆེད་ལས་ཚོགས་པ་གཅིག་པུར་གྱུར་ཞིང་། མིག་སྔར་སྒྲིག་ཁོངས་ནང་གི་འཁྲབ་སྟོན་པ་ཁྱོན་བསྡོམས་106ཡོད་པ་རེད།
    ལོ་ངོ་60ཡི་རིང་། ཚོགས་པ་དེས་སྔ་རྗེས་སུ་བོད་སྐད་པར་གཞིའི་《མའོ་ཀྲུའུ་ཞི་དང་ང་ཚོ་སེམས་པ་གཅིག་ཏུ་འབྲེལ》དང་《རིག་དངོས་ཀྱི་འབོད་སྒྲ》ཞེས་པ་སོགས་མང་ཚོགས་ཀྱི་འཚོ་བ་དང་ཟུང་དུ་སྦྲེལ་ཞིང་། དོན་དངོས་མཚོན་པ། དུས་རབས་ཀྱི་བརྗོད་བྱ་ལ་བསྟོད་གླུ་འབུལ་བའི་ཕུལ་བྱུང་བརྩམས་ཆོས་གྲགས་ཅན་མང་པོ་གསར་རྩོམ་བྱས་ནས། བོད་ལྗོངས་མི་དམངས་ལ་ཕུན་སུམ་ཚོགས་པའི་སྒྱུ་རྩལ་བརྩམས་ཆོས་བཞག་ཡོད་པ་རེད།
    ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པས་ཐོག་མཐའ་བར་གསུམ་དུ་གྲོང་གསེབ་ཏུ་བསྐྱོད་ནས་ཞིང་འབྲོག་མི་དམངས་ལ་འཁྲབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་བཞིན་ཡོད་ཅིང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་ཁྲི་120ལྷག་ཡོད་པའི་མཐོ་སྒང་གི་ས་གཞི་ཆེན་མོའི་ཐོག་ཏུ་ཁོང་ཚོའི་གླུ་སྐད་དང་ཞབས་བྲོའི་སྟངས་སྟབས་བཞག་ཡོད། ལོ་62ཡིན་པའི་ལྷག་པ་ཚེ་རིང་ནི་དེ་སྔོན་གླུ་གར་ཚོགས་པའི་འཁྲབ་སྟོན་པ་རེད། བྱེད་སྒོའི་སྤེལ་བའི་ཉིན་དེར། ཁོང་གིས་གླུ་གར་ཚོགས་པའི་བར་ཁྱམས་ཀྱི་གྱང་ངོས་ཀྱི་པར་ཞིག་མཐོང་བ་དང་མིག་ཆུ་འཁོར་ནས། “འདི་ནི་ང་ཚོ་གྲོང་གསེབ་ཏུ་འཁྲབ་སྟོན་བྱེད་པར་འགྲོ་དུས་ལམ་འགྲམ་དུ་ངལ་གསོ་བྱེད་སྐབས་ཀྱི་པར་རེད”ཟེར། གསར་འགོད་པས་པར་ཡི་ནང་མི་མང་པོ་ལམ་འགྲམ་གྱི་རྩྭ་ཐང་དུ་ངལ་གསོ་ནས་སྡོད་པ་དང་། རྒྱབ་ཏུ་འགྲུལ་སྐྱེལ་རླངས་འཁོར་དཀར་པོ་ཞིག་བཞག་ཡོད་པ་མཐོང་བ་རེད། 
   ཝེ་ཏུང་གིས། མ་འོངས་པར་གླུ་གར་ཚོགས་པས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོ་བཅངས་ཏེ། བརྗོད་བྱ་གསལ་ཞིང་ཀུན་སྤྱོད་བཟང་ལ་བརྩེ་བ་ལྡན་པའི་ཕུལ་བྱུང་བརྩམས་ཆོས་དེ་བས་མང་པོ་ཧུར་ཐག་གིས་གསར་རྩོམ་བྱས་ནས།དུས་རབས་གསར་པའི་གངས་ལྗོངས་མཐོ་སྒང་སྟེང་གི“དམར་པོའི་རིག་རྩལ་རྟ་དམག་ཧྲག་པོ”བྱ་རྒྱུ་ཡིན་ཞེས་བརྗོད།(བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15830493.html) 
【1】  【2】
༄༅།།ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པ་བཙུགས་ནས་ལོ་ངོ་60འཁོར་བ།