འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་23ཉིན།

༄༅།།“སེམས་ཀྱི་ཉི་ཟླ”ཡི་རིག་གནས་སྤེལ་རེས་བྱེད་སྒོ་བལ་ཡུལ་དུ་བསྐྱོད་པ། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་23ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།“སེམས་ཀྱི་ཉི་ཟླ”ཡི་རིག་གནས་སྤེལ་རེས་བྱེད་སྒོ་བལ་ཡུལ་དུ་བསྐྱོད་པ།
   མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་གསར་འགྱུར་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་11ཚེས་20ཉིན། “མཛེས་སྡུག་ལྡན་པའི་ཡུན་ནན་སེམས་ཀྱི་ཉི་ཟླ”ཞེས་པའི་རིག་གནས་སྤེལ་རེས་ཀྱི་མུ་འབྲེལ་བྱེད་སྒོ་བལ་ཡུལ་ས་ཚུགས་ཀྱི་འགོ་ཚུགས་མཛད་སྒོ་བལ་ཡུལ་གྱི་རྒྱལ་ས་ཀ་ཏ་མན་རྡུ་དང་ཀྲུང་གོའི་ཁུན་མིང་། སེམས་ཀྱི་ཉི་ཟླ་གསུམ་དུ་དུས་མཉམ་དུ་འགོ་ཚུགས་ཏེ་རི་བོ་ཧི་མ་ལ་ཡ་བརྒལ་བའི“ལག་འཇུ”ཐེངས་ཤིག་མངོན་འགྱུར་བྱུང་།
    ད་ཐེངས་ཀྱི་བྱེད་སྒོ་ནི་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་མཛུབ་ཁྲིད་གནང་བ་དང་། ཀྲུང་གུང་ཡུན་ནན་ཞིང་ཨུ་དྲིལ་བསྒྲགས་པུའུ་ཡིས་གཙོ་གཉེར་བྱས་པ་དང་ཀྲུང་གུང་བདེ་ཆེན་ཁུལ་ཨུ་དྲིལ་བསྒྲགས་པུའུ་དང་། བདེ་ཆེན་ཁུལ་སྲིད་གཞུང་ཕྱི་དོན་གཞུང་ལས་ཁང་། ཀྲུང་གོ་གསར་འགྱུར་ཁང་བལ་ཡུལ་ཡན་ལག་ཁང་། བལ་ཀྲུང་སྨྱན་སྦྱོར་གླེང་སྟེགས། བལ་ཡུལ་ཀྲུང་གོའི་བོད་ལྗོངས་དཔེ་ཚོང་ཁང་བཅས་ཀྱིས་གཉེར་རོགས་བྱས་ཤིང་། ཀྲུང་གོ་གསར་འགྱུར་ཁང་ཡུན་ནན་ཡན་ལག་ཁང་དང་ཡུན་ནན་ཚགས་པར་ལས་རིགས་ཀྱི་རིག་གནས་མ་འཇོག་འཕེལ་རྒྱས་ཚད་ཡོད་ཀུང་སིས་སྒྲུབ་འགན་འཁུར་བ་རེད། ཐུན་མོང་མ་ཡིན་པའི་“སྤྲིན་ལམ་”གྱི་འགོ་ཚུགས་མཛད་སྒོ་སྤེལ་བ་ཕུད། ད་དུང་ཀ་ཏ་མན་རྡུ་དང་ཁུན་མིང་དུ་དུས་ཡུན་གཟའ་འཁོར་གཅིག་རིང་“ཀ་ཏ་མན་རྡུ་དུ་བསྐྱོད་པ་དང་། སེམས་ཀྱི་ཉི་ཟླར་རོལ་མྱོང་བྱེད་པའི”རིག་གནས་འགྲེམས་སྟོན་གཉེར་བ་རེད། 
   དེའི་ནང་ཀ་ཏ་མན་རྡུ་རུ་གཉེར་བའི་རིག་གནས་འགྲེམས་སྟོན་དེས་སེམས་ཀྱི་ཉི་ཟླའི་མཛེས་སྡུག་ལྡན་པའི་མཛེས་ལྗོངས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཕུལ་བྱུང་པར་ལེན་བརྩམས་ཆོས་དང་གཟུགས་འདས་རིག་གནས་ཤུལ་བཞག་ཐོན་རྫས། གསོལ་སྟོན་སོགས་འགྲེམས་སྟོན་བྱས་པ་བརྒྱུད། བལ་ཡུལ་མང་ཚོགས་ལ་སེམས་ཀྱི་ཉི་ཟླའི་མཛེས་པ་རོལ་བཅུག་པ་དང་། ཁུན་མིང་དུ་གཉེར་བའི་རིག་གནས་འགྲེམས་སྟོན་ཐོག་སྣུམ་ཚོན་རི་མོ་དང་པར་ལེན་བརྩམས་ཆོས་40ཙམ་འགྲེམས་སྟོན་བྱས་ནས་བལ་ཡུལ་གྱི་རང་བྱུང་མཛེས་ལྗོངས་དང་དེ་བཞིན་སྤྱི་ཚོགས་དང་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཉམས་འགྱུར་མངོན་པར་བྱས་ཡོད། 
   ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གི་ཆེད་བསྐོས་ཀྲུའུ་རེན་གཞོན་པ་ཕེང་པིན་གྱིས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་གསུངས་དོན། ལྷོ་ཕྱོགས་ཀྱི་དར་གོས་ཚོང་ལམ་དང་ཇ་རྟའི་གནའ་ལམ་གྱིས་ཡུན་ནན་དང་བལ་ཡུལ་ཕན་ཚུན་དམ་པོར་སྦྲེལ་ནས་ཕན་ཚུན་བརྗེ་རེས་དང་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ལོ་རྒྱུས་བཀོད་ཡོད། ད་ཆ་སྐམ་ལམ་དང་མཁའ་ལམ་ཤར་གཏོང་ཐུབ་ནས་ཡུན་ནན་དང་བལ་ཡུལ་བར་གྱི་བར་ཐག་ཐུང་དུ་ཕྱིན་ཡོད། ཀྲུང་བལ་མཛའ་མཐུན་མཉམ་ལས་ཀྱི་རྒྱབ་ལྗོངས་ཆེན་པོའི་འོག  ཡུན་ནན་དང་བལ་ཡུལ་བར་འགྲོ་འོང་མང་དུ་ཕྱིན་ནས་བརྗོད་མི་ཚར་བའི་བརྩེ་བ་དང་གཏམ་རྒྱུད་ཡོད། རིམས་ནད་ཀྱི་གནས་ཚུལ་འོག་འདི་ལྟ་བུའི“དུས་དང་བར་སྟོང་སྒྲོལ་བའི”རིག་གནས་སྤེལ་རེས་བྱས་ནས་མཛའ་གྲོགས་ཀྱི་རྩ་ཆེའི་འབྲེལ་བ་དང་ཕན་ཚུན་སེམས་ཁྲལ་བྱེད་སེམས་སྔར་ལས་མངོན་ཡོད། ལྷན་རྒྱས་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་དང་འབྲེལ་བ་ཡོད་པའི་སྲུང་སྐྱོབ་དམག་འཐབ་འདིར་རྒྱལ་ཁ་སྔ་ཙམ་འཐོབ་པར་སྙིང་ཐག་པ་ནས་སྨོན་འདུན་ཞུ་རྒྱུ་དང་། ལྷག་བསམ་ཟོལ་མེད་ངང་རིམས་ནད་མཇུག་རྫོགས་དུས་བལ་ཡུལ་གྱི་མི་རྣམས་མཛེས་སྡུག་གི་ཡུན་ནན་ལ་ཕེབས་རྒྱུར་གདན་དྲངས་པ་རེད། 
   བལ་ཡུལ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་རྒྱལ་ཕྲན་མཉམ་འབྲེལ་ཁང་གི་ཀྲུའུ་ཞི་ཏི་སྨིར་ཞི་ན་ཡིས་བཤད་རྒྱུར། རིག་གནས་འགྲེམས་སྟོན་བརྒྱུད་ཀྲུང་གོར་འཕེལ་རྒྱས་མྱུར་པོ་བྱུང་བ་དང་ལྷག་པར་དུ་མི་དམངས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བ་མཐོང་བྱུང་། མིག་སྔར་བལ་ཡུལ་ཀྲུང་གོས་གྲོས་འགོ་བཏོན་པའི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཧུར་ཐག་ཞུགས་བཞིན་ཡོད། རྒྱལ་ཁབ་གཉིས་པོས་རྒྱུན་ཆད་མེད་པར་མཉམ་ལས་དང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།  (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15830475.html) 
【1】  【2】
༄༅།།“སེམས་ཀྱི་ཉི་ཟླ”ཡི་རིག་གནས་སྤེལ་རེས་བྱེད་སྒོ་བལ་ཡུལ་དུ་བསྐྱོད་པ།