མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་མི་སྣའི་དངོས་གཞི་
མིན་པའི་ཚོགས་འདུ་ཐེངས་ཉེར་བདུན་པར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་22ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་11ཚེས་20ཉིན་གྱི་དགོང་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་བདུན་པར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

ཟླ་11ཚེས་20ཉིན་གྱི་དགོང་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་བདུན་པར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་20ཉིན་གྱི་དགོང་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་བདུན་པར་ཞུགས་པ་དང་འབྲེལ། 《ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་ཡང་གནང་བ་རེད།
     ཞི་ཅིན་ཕིང་གིས་བསྟན་གནང་དོན། མིག་སྔར། འཛམ་གླིང་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་ལ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པ་དང་། ཏོག་གསར་གློ་ཚད་རིམས་ནད་ལས་འཕེལ་ཕྱོགས་དེ་དེ་བས་མགྱོགས་སུ་ཕྱིན་ཡོད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་མཉམ་ལས་འབྱུང་འགྱུར་གྱི་ལམ་བུའི་ཐོག་ཇི་ལྟར་བསྐྱོད་རྒྱུ་དེ་ས་ཁུལ་གྱི་འཕེལ་རྒྱས་དང་། མི་དམངས་ཀྱི་བདེ་རྩ། འཛམ་གླིང་གི་འབྱུང་འགྱུར་བཅས་དང་འབྲེལ་བ་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ང་ཚོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་2020ལོའི་རྗེས་ཀྱི་མཉམ་ལས་ཀྱི་འདོད་འདུན་འགོ་འཛུགས་ས་གསར་པ་ཞིག་ལ་བརྩིས་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་མཉམ་ལས་ཀྱི་དུས་མཚམས་གསར་པ་ཕྱེ་སྟེ། སྒོ་དབྱེ་བསྟུན་མཁས་དང་། གསར་གཏོད་འཕར་སྣོན། མཉམ་སྦྲེལ་མཉམ་མཐུད། མཉམ་ལས་གཉིས་ཕན་བཅས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་གཏོད་དགོས།
     གཅིག སྒོ་དབྱེ་བསྟུན་མཁས་མཐའ་འཁྱོངས་བྱེད་དགོས། ཞི་བདེ་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཕྱོགས་མང་རིང་ལུགས་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་གཏོད་རྒྱུ་མཐའ་འཁྱོངས་བྱེད་པ། འཛམ་གླིང་ཚོང་དོན་རྩ་འཛུགས་ལྟེ་བར་བྱས་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་གཡོ་འགུལ་སྤུ་ཙམ་མེད་པར་རྒྱབ་སྐྱོར་བྱེད་པ། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་རང་མོས་ཚོང་དོན་ཁུལ་སྔ་ཙམ་སྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས་ས་ཁོངས་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད་ལ་མིང་རྟགས་འགོད་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ། ཕྱོགས་ཡོངས་དང་ཡར་ཐོན་གྱི་ཞི་བདེ་རྒྱ་མཚོ་ཆེ་མོ་སྒྲོལ་བའི་རོགས་ཟླའི་འབྲེལ་བའི་གྲོས་ཆོད་ནང་ཞུགས་རྒྱུར་ཡང་བསམ་བློ་ཧུར་ཐག་གཏོང་རྒྱུ་ཡིན། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་སྤུས་ཚད་མཐོ་བའི་འཕར་སྣོན་འཐབ་ཇུས་དང་བསྟུན་མཁས་བྱ་སྤྱོད་ཀྱི་གྲོས་རིམ་མུ་མཐུད་དོན་འཁྱོལ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་བསྟུན་མཁས་རང་བཞིན་གྱི་ཚོང་དོན་དང་མ་འཇོག་བགྲོ་གླེང་ཚོགས་འདུ་འཚོག་རྒྱུ་ཡིན།
     གཉིས། གསར་གཏོད་འཕར་སྣོན་མཐའ་འཁྱོངས་བྱེད་དགོས། ལག་རྩལ་གསར་པའི་ཁྱབ་སྤེལ་དང་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། དཔལ་འབྱོར་བཅོས་སྐྱོང་འཐུས་སྒོ་ཚང་དུ་བཏང་ནས། སྒོ་དབྱེ་དང་། དྲང་གཞག་དྲང་བདེན། མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་སྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས་རིག་ལྡན་གྲོང་ཁྱེར་གྱི་མཛུབ་ཁྲིད་རྩ་དོན་བཟོ་རྒྱུར་སྐུལ་འདེད་གཏོང་བ་དང་། ཕྱོགས་ཁག་གིས་གྲངས་འཛིན་ལག་རྩལ་གྱི་རིམས་འགོག་དང་དཔལ་འབྱོར་སླར་གསོའི་ཉམས་མྱོང་མཉམ་སྤྱོད་བྱེད་པའི་གྲོས་འགོ་འདོན་པ། གྲངས་འཛིན་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་འབོད་སྐུལ་བྱེད་པ། གྲངས་འཛིན་དཔལ་འབྱོར་གྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བཅས་བྱེད་རྒྱུ་ཡིན། ཕྱི་ལོར་ཀྲུང་གོ་ཕྱོགས་ཀྱིས་ད་དུང་གྲངས་འཛིན་གྱི་དབུལ་པོ་ཉུང་གཏོང་གི་བགྲོ་གླེང་ཚོགས་འདུ་འཚོག་རྒྱུ་ཡིན།
     གསུམ། མཉམ་སྦྲེལ་མཉམ་མཐུད་མཐའ་འཁྱོངས་བྱེད་དགོས། མི་དང་། དངོས་ཟོག མ་དངུལ། གྲངས་གཞི་བཅས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་ཐུབ་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་མི་སྣ་འགྲོ་སྐྱོད་ཀྱི“མྱུར་བགྲོད་ལམ་བུ”དང་དངོས་ཟོག་གི“ལྗང་མདོག་བགྲོད་ལམ”འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་སྟེ། གོ་ལ་ཧྲིལ་པོ་དང་ས་ཁུལ་གྱི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བདེ་འཇགས་ཤར་བགྲོད་ངང་འཁོར་སྐྱོད་ཐུབ་རྒྱུར་སྲུང་སྐྱོང་བྱེད་འདོད་ཡོད། ཕྱོགས་ཁག་གི་འཕེལ་རྒྱས་འཆར་འགོད་དང་མཉམ་སྦྲེལ་མཉམ་མཐུད་ཀྱི་གྲོས་འགོ་འབྲེལ་མཐུད་ཡོང་བར་སྐུལ་འདེད་བཏང་སྟེ“རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་པོས་མཉམ་དུ་སྐྲུན་དགོས།
     བཞི། མཉམ་ལས་གཉིས་ཕན་མཐའ་འཁྱོངས་བྱེད་དགོས། ཕན་ཚུན་ཡིད་ཆེས་དང་། བསྟུན་མཁས། མཉམ་ལས། གཉིས་ཕན་བཅས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བ་དང་། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་འདུ་ཤེས་བཟུང་ནས་ས་ཁོངས་མཉམ་ལས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། གྲོས་མོལ་གཅིག་མཐུན་བྱུང་བའི་རྨང་གཞིའི་ཐོག་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། འགལ་བ་དང་རྩོད་གཞི་ཐག་གཅོད་འོས་འཚམ་བྱེད་པ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་མཉམ་ལས་ཀྱི་ཡང་དག་པའི་ཁ་ཕྱོགས་སྲུང་སྐྱོང་བཅས་བྱེད་པར་བརྟེན་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་བརྟན་ལ་ཡུན་རིང་འཕེལ་རྒྱས་ཡོང་བར་བྱེད་དགོས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་རིམས་འགོག་སྨན་ཁབ་དང་། སྤྱི་པའི་འཕྲོད་བསྟེན། ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱས་ནས་རིམས་འགོག་མཉམ་ལས་དང་དཔལ་འབྱོར་སླར་གསོར་རོགས་རམ་བྱེད་རྒྱུ་ཡིན།
     མཇུག་ཏུ་ཞི་ཅིན་ཕིང་གིས། ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ཕྱོགས་ཁག་དང་མཉམ་དུ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ཞི་བདེ་དར་རྒྱས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་གཏོད་མཉམ་སྤྱོད་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་དམིགས་ཚད་ཕྱོགས་སུ་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
     མ་ལེ་ཞི་ཡའི་ཙུང་ལི་མུའུ་ཞི་ཏེན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཚོགས་འདུའི་བརྗོད་དོན་གཙོ་བོ་ནི“མི་དམངས་ཀྱི་མི་མངོན་པའི་སྟོབས་ཤུགས་འཕེལ་བར་བྱས་ནས། སྲ་བརྟན་དང་དར་རྒྱས་ཀྱི་འབྱུང་འགྱུར་མཉམ་སྤྱོད་བྱེད”ཅེས་པ་དེ་རེད། ཚོགས་ཞུགས་དཔལ་འབྱོར་སྒྲིག་གཞི་ཁག་གི་འགོ་ཁྲིད་མི་སྣས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པ་དང་2020ལོའི་རྗེས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མཉམ་ལས་འདོད་འདུན་ལ་དམིགས་ནས་ལྟ་ཚུལ་བརྗེ་རེས་གཏིང་ཟབ་བྱས་པ་དང་སྦྲགས། དགེ་མཚན་ལྡན་པའི་ཐུན་མོང་གི་ངོས་འཛིན་ཡང་བྱུང་བ་རེད།
     འགོ་ཁྲིད་མི་སྣས། ཏོག་གསར་གློ་ཚད་རིམས་ནད་ཀྱི་འགྲན་སློང་མདུན་དུ། ཕྱོགས་ཁག་གིས་མཐུན་པ་ཡོང་ཐབས་བྱེད་པ་ལས་མི་མཐུན་པ་འདོར་དགོས་ཤིང་། མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། རིམས་འགོག་སྨན་ཁབ་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ། མི་སྣ་འགྲོ་སྐྱོད་དང་དངོས་ཟོག་འཁོར་རྒྱུག་ལ་སྟབས་བདེ་སྐྲུན་པ་བཅས་བྱས་ཏེ་གང་མགྱོགས་ཉམས་ཉེན་ལས་རྣམ་པར་རྒྱལ་བ་དང་དཔལ་འབྱོར་སླར་གསོ་དང་འཕར་སྣོན་ཡོང་བར་བྱེད་དགོས། འདྲ་མཉམ་གྱི་རོགས་ཟླ་དང་། ཐུན་མོང་གི་འགན་འཁྲི། ཕན་ཚུན་བརྩི་འཇོག གཉིས་ཁེ་གཉིས་ཕན་བཅས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་ཀྱིས་ཚོང་དོན་མ་འཇོག་དང་། ཚན་རྩལ་གསར་གཏོད། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། མཉམ་སྦྲེལ་མཉམ་མཐུད་ཟབ་ཏུ་གཏོང་དགོས། འཛམ་གླིང་ཚོང་དོན་རྩ་འཛུགས་སྒྱུར་བཅོས་ལ་རྒྱབ་སྐྱོར་དང་། ཕྱོགས་མང་རིང་ལུགས་དང་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་སྲུང་སྐྱོང་བྱས་ནས། རང་མོས་དང་། སྒོ་དབྱེ། དྲང་གཞག མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཁ་གསལ་ལ་སྔོན་དཔག་ཐུབ་པའི་ཚོང་དོན་མ་འཇོག་ཁོར་ཡུག་སྐྲུན་དགོས། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་རང་མོས་ཚོང་དོན་ཁུལ་གྱི་འཕེལ་རིམ་ལ་སྐུལ་འདེད་བཏང་ནས་2040ལོར་སྒོ་དབྱེ་དང་། གསོན་ཤུགས། སྲ་བརྟན། ཞི་བདེ་བཅས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ཐུན་མོང་སྒྲིག་གཞི་སྐྲུན་རྒྱུར་གཞོལ་རྒྱུ་ཡིན་ཞེས་བརྗོད་པ་རེད།

ཟླ་11ཚེས་20ཉིན་གྱི་དགོང་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་བདུན་པར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། འདི་ནི་ཚོགས་ཞུགས་དཔལ་འབྱོར་སྒྲིག་གཞི་ཁག་གི་འགོ་ཁྲིད་མི་སྣ་དང་འཐུས་མིས《2040ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་པུའུ་ཐེ་ལ་ཅ་ཡའི་འདོད་འདུན》ལ་གྲོས་འཆམ་བྱུང་བ་དང་འབྲེལ། དྲ་ཐོག་ཏུ་ལྷན་ཞུགས་སྐུ་པར་བསྐྱོན་པ།
ཟླ་11ཚེས་20ཉིན་གྱི་དགོང་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་བདུན་པར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། འདི་ནི་ཚོགས་ཞུགས་དཔལ་འབྱོར་སྒྲིག་གཞི་ཁག་གི་འགོ་ཁྲིད་མི་སྣ་དང་འཐུས་མིས《2040ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་པུའུ་ཐེ་ལ་ཅ་ཡའི་འདོད་འདུན》ལ་གྲོས་འཆམ་བྱུང་བ་དང་འབྲེལ། དྲ་ཐོག་ཏུ་ལྷན་ཞུགས་སྐུ་པར་བསྐྱོན་པ།

  
style="display:none;"