མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་མི་སྣའི་
གླེང་མོལ་ཚོགས་འདུའི་ཐོག་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་21ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་11ཚེས་19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་རྣམ་པའི་ཐོག་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་མི་སྣའི་གླེང་མོལ་ཚོཌ་འདུར་ཞུགས་པ་མ་ཟད། འགོ་བརྗོད་དུ《འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་ནས་གཉིས་ཁེ་གཉིས་ཕན་ཡོང་བར་བྱེད》ཅེས་པའི་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ།

ཟླ་11ཚེས་19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་རྣམ་པའི་ཐོག་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་མི་སྣའི་གླེང་མོལ་ཚོཌ་འདུར་ཞུགས་པ་མ་ཟད། འགོ་བརྗོད་དུ《འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་ནས་གཉིས་ཁེ་གཉིས་ཕན་ཡོང་བར་བྱེད》ཅེས་པའི་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་རྣམ་པའི་ཐོག་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་མི་སྣའི་གླེང་མོལ་ཚོགས་འདུར་ཞུགས་པ་མ་ཟད། འགོ་བརྗོད་དུ《འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་ནས་གཉིས་ཁེ་གཉིས་ཕན་ཡོང་བར་བྱེད》ཅེས་འཁོད་པའི་བཞེད་དོན་གཙོ་བོའི་གཏམ་བཤད་གནང་སྐབས། འཛམ་གླིང་ནི་ཁ་འབྲལ་ཐབས་མེད་པའི་ལས་དབང་གཅིག་མཐུན་འདུས་གྲུབ་ཡིན་པས། རིམས་འགོག་གི་རྒྱལ་སྤྱིའི་མཉམ་ལས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ་འཛམ་གླིང་གི་དཔལ་འབྱོར་སླར་གསོར་སྐུལ་འདེད་གཏོང་དགོས། ཀྲུང་གོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་པ་དང་ཕྱི་ཕྱོགས་སུ་སྒོ་དབྱེ་མཐའ་འཁྱོངས་བྱས་ཏེ། འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་གཉིས་ཁེ་གཉིས་ཕན་ཡོང་བ་བྱས་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་དང་འཛམ་གླིང་ལ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་རིམས་ནད་ཐོན་པ་དེ་ཐོག་ནས། མིའི་རིགས་ཀྱི་ལས་དབང་བདེ་སྡུག་མཉམ་མྱོང་དང་རྒྱལ་ཁབ་ཁག་གི་ཁེ་ཕན་འབྲེལ་བ་དམ་ཟབ་ཡོད་ཅིང་། འཛམ་གླིང་ནི་ཁ་འབྲལ་ཐབས་མེད་པའི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཡིན་པ་སླར་ཡང་གསལ་བཤད་བྱས་ཡོད། རྒྱལ་ཁབ་ཁག་གིས་ལྟ་རེས་སྐྱོང་རེས་དང་ཕྱར་བ་གྲུ་འདེགས་ཀྱིས་རོགས་ཟླའི་སྙིང་སྟོབས་དར་སྤེལ་གཏོང་བ་སྲིད་ཇུས་འབྲེལ་གཏུག་དང་མཐུན་སྦྱོར་དམ་ཟབ་བྱེད་པ། རིམས་འགོག་གི་རྒྱལ་སྤྱིའི་མཉམ་ལས་ཁྱོན་ཡོངས་ནས་བྱེད་ཟབ་ཏུ་གཏོང་བ། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་མཐའ་འཁྱོངས་བྱེད་པ། རིམས་ནད་ལས་སྔ་ཙམ་རྣམ་པར་རྒྱལ་བའི་བརྩོན་ལེན་བཅས་བྱས་ཏེ། འཛམ་གླིང་གི་དཔལ་འབྱོར་སྟོབས་ལྡན་དང་། རྒྱུན་མཐུད་ཆོག་པ། དོ་སྙོམས། བསྟུན་མཁས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་འབད་བརྩོན་བྱེད་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་བརྟན་ཐོག་ཡར་འཕེལ་དང་ཡུན་རིང་ཡར་འཕེལ་གྱི་གཞི་རྩའི་རྣམ་པར་འགྱུར་ལྡོག་ཕྱིན་མེད། ང་ཚོས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཚན་རིག་དང་མཐུན་པའི་སྒོ་ནས་སྟངས་འཛིན་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་རྒྱུ་ཡིན་ལུགས་ནན་བཤད་གནང་བ་སྟེ།
     གཅིག་ནས་ང་ཚོས་ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་ཀྱི་གཞི་གནས་ལ་དམ་འཛིན་བྱས་ཏེ་རྒྱལ་དམངས་དཔལ་འབྱོར་གྱི་འཁོར་རྒྱུག་ཤར་གཏོང་ཡོང་བ་བྱེད་དགོས་ཤིང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། དགོས་མཁོས་མཁོ་སྤྲོད་ལ་སྐུལ་ཁྲིད་དང་མཁོ་སྤྲོད་ཀྱིས་དགོས་མཁོ་གཏོད་པའི་ཆུ་ཚད་དེ་བས་མཐོ་བའི་སྒུལ་རྣམ་དོ་སྙོམས་ཤིག་ཆགས་པར་བྱེད་དགོས།
     གཉིས་ནས་ང་ཚོས་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པར་སྐུལ་འདེད་གཏོང་དགོས་ཤིང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཏོན་ཏེ་ཐོན་ལས་འཁོར་འབྲེལ་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།
     གསུམ་ནས་ང་ཚོས་རྒྱུན་མཐུད་དེ་སྒྱུར་བཅོས་གཏིང་ཟབ་བྱས་ནས་ཁྲོམ་རའི་གསོན་ཤུགས་འདོན་སྤེལ་གང་ལེགས་བྱེད་དགོས་ཤིང་། བློ་སྟོབས་དེ་བས་ཆེ་བ་དང་བྱེད་ཐབས་དེ་བས་མང་བ་བཏོན་ནས་གཏིང་རིམ་གྱི་སྒྲིག་སྲོལ་དང་ལམ་སྲོལ་གྱི་བཀག་རྒྱ་བསལ་ཏེ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས།
     ཞི་ཅིན་ཕིང་གིས། ཀྲུང་གོ་སྔ་ས་ནས་འཛམ་གླིང་དཔལ་འབྱོར་དང་རྒྱལ་སྤྱིའི་མ་ལག་དང་མཉམ་འདྲེས་གཏིང་ཟབ་བྱུང་ཡོད། ང་ཚོས་བཏོད་པའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ནི་བཀག་སྡོམ་གྱི་རྒྱལ་ནང་གི་འཁོར་རྒྱུག་རྐྱང་པ་གཏན་ནས་མིན་པར། དེ་ནི་སྒོ་དབྱེ་དང་ཕན་ཚུན་སྐུལ་འདེད་ཐུབ་པའི་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་རེད་ཅེས་ནན་བཤད་གནང་བ་སྟེ།
     —— འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་འོག་ཀྲུང་གོའི་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་གང་ལེགས་ཐུབ་ནས་འཛམ་གླིང་རྒྱལ་ཁབ་ཁག་ལ་དགོས་མཁོ་དེ་བས་མང་བ་བསྐྲུན་རྒྱུ་ཡིན་ཞིང་། ང་ཚོས་འགག་སྒོའི་དཔྱ་ཁྲལ་དང་ལམ་ལུགས་རང་བཞིན་གྱི་མ་གནས་སྔར་བས་དམའ་རུ་བཏང་སྟེ། ནང་འདྲེན་ཚོང་དོན་གྱིས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་དཔེ་སྟོན་ཁུལ་ཁག་གཅིག་སྐྱེད་སྲིང་བྱས་ནས་རྒྱལ་ཁབ་ཁག་གི་སྤུས་ཚད་མཐོ་བའི་ཐོན་རྫས་དང་ཞབས་ཞུ་ནང་འདྲེན་རྒྱ་ཆེར་གཏོང་རྒྱུ་ཡིན།
     —— འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་འོག་ཀྲུང་གོའི་སྒོ་དབྱེའི་རྒྱལ་སྒོ་ཆེན་པོ་སྔར་བས་ཡངས་པོར་ཕྱེ་ནས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་རྒྱུ་ཡིན་ཞིང་། ཀྲུང་གོས་ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་ཆོག་འཐུས་མ་ཐོབ་གོང་གི་རྒྱལ་དམངས་ཐོབ་ཐང་ཐོག་བཀག་རྒྱ་གསལ་ཐོ་བསྣན་པའི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཕྱི་རྒྱལ་གྱིས་མ་དངུལ་བཏང་བའི་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོང་། ཞབས་ཞུའི་ལས་རིགས་ཕྱི་ཕྱོགས་སུ་སྒོ་མོ་དབྱེ་རྒྱ་གོ་རིམ་ལྡན་པའི་སྒོ་ནས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་མུ་མཐུད་གཏོད་རྒྱུ་དང་། རང་མོས་ཚོང་དོན་ཚོད་ལྟ་ཁུལ་ལ་སྒྱུར་བཅོས་ཀྱི་རང་བདག་དབང་ཆ་དེ་བས་ཆེ་བ་སྤྲོད་རྒྱུ་རེད། ཕྱོགས་མང་ཚོང་དོན་ལམ་སྲོལ་ལ་མུ་མཐུད་རྒྱབ་སྐྱོར་བརྟན་པོ་བྱས་ཏེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་མ་ལག་སྒྱུར་བཅོས་ནང་ཧུར་ཐག་ཞུགས་རྒྱུ་ཡིན།
     —— འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་འོག་ཀྲུང་གོས་ཕྱི་ཕྱོགས་མཉམ་ལས་བྱེད་ཟབ་ཏུ་བཏང་སྟེ། འཛམ་གླིང་རྒྱལ་ཁབ་ཁག་དང་གཉིས་ཕན་གཉིས་ཁེ་ཡོང་བ་བྱེད་རྒྱུ་ཡིན་ཞིང་། ང་ཚོས་རྒྱལ་སྤྱིའི་ལས་བགོས་ནང་ཧུར་ཐག་ཞུགས་ནས། གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་། མཁོ་སྤྲོད་འཁོར་འབྲེལ། རིན་ཐང་འཁོར་འབྲེལ་བཅས་ནང་དེ་བས་ནུས་ལྡན་ངང་མཉམ་འདྲེས་བྱེད་རྒྱུ་ཡིན། ཀྲུང་གོ་དང་མཉམ་ལས་བྱེད་འདོད་ཡོད་པའི་རྒྱལ་ཁབ་དང་། ས་ཁུལ། ཁེ་ལས་བཅས་ཡིན་ཕྱིན་ང་ཚོས་མཉམ་ལས་ཧུར་ཐག་བྱེད་རྒྱུ་ཡིན། ང་ཚོས་ཕྱོགས་མང་རིང་ལུགས་དང་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་མུ་མཐུད་མཐའ་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་པོའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་བཏང་སྟེ་ལྗང་མདོག་འཕེལ་རྒྱས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན།
     ཞི་ཅིན་ཕིང་གིས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་ནི་ང་ཚོའི་ཐུན་མོང་གི་ཁྱིམ་གཞིས་ཡིན། ན་ནིང་ངས་སྒོ་དབྱེ་བསྟུན་མཁས་དང་། གསར་གཏོད་འཕར་སྣོན། མཉམ་སྦྲེལ་མཉམ་མཐུད། མཉམ་ལས་གཉིས་ཁེ་བཅས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུའི་གྲོས་འགོ་བཏོན་པ་ཡིན། ང་ཚོས་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། ཕུགས་འདུན་རིམ་བཞིན་མངོན་འགྱུར་ཐུབ་པ་བྱས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་ཞེས་གསུངས་པ་རེད།
     མཇུག་ཏུ་ཞི་ཅིན་ཕིང་གིས། ནམ་ཞིག་རིམས་ནད་འཇགས་ནས་རྒྱལ་ཁ་ཐོབ་ངེས་རེད། ང་ཚོས་ལག་གདང་སྦྲེལ་ནས་བདེ་སྡུག་མཉམ་མྱོང་དང་ལྟ་རེས་སྐྱོང་རེས་བྱས་ཏེ་སྒོ་དབྱེ་མཉམ་ལས་མཐའ་འཁྱོངས་དང་ཕྱི་ནང་གི་འཁོར་རྒྱུག་ཤར་གཏོང་ཡོང་བ་བྱས་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་དང་འཛམ་གླིང་ལ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་པ་དང་མཉམ་དུ་ལོངས་སྤྱོད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

  
style="display:none;"