མི་དམངས་དྲ་བ།

༄༅༎དཔེ་དེབ《ཞི་ཅིན་ཕིང་དང་གྲོགས་པོ་སློབ་ཆེན་སློབ་མ》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་21ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་19ཉིན་གློག་འཕྲིན་འབྱོར་གསལ། དཔེ་དེབ《ཞི་ཅིན་ཕིང་དང་གྲོགས་པོ་སློབ་ཆེན་སློབ་མ》ཉེ་ཆར་ཀྲུང་གོ་གཞོན་ནུ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཏེ་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།
     དེབ་དེའི་ནང་བཅར་འདྲི་ཁག་25ཕབ་འཇུག་བྱས་ཏེ་1983ལོའི་ཟླ་12ནས་2019ལོའི་ཟླ་7བར་བློ་མཐུན་ཞི་ཅིན་ཕིང་གིས་ཧོ་པེ་ཀྲེང་ཏིང་དང་། ཧྥུའུ་ཅན། ཀྲེ་ཅང་། ཧྲང་ཧའེ། ཀྲུང་དབྱང་བཅས་སུ་ལས་དོན་གནང་བར་ཕེབས་ཚུན། སློབ་ཆེན་སློབ་མ་ཚོ་དང་འགྲོ་འོང་དང་། སྤེལ་རེས། བསམ་ཚུལ་བརྗེ་རེས་བཅས་གནང་བའི་གཏམ་རྒྱུད་བཀོད་པ་དང་ཁོང་གིས་གཞོན་ནུ་དང་ལྷག་པར་དུ་སློབ་ཆེན་སློབ་མར་སྔར་རྒྱུན་བཞིན་དོ་སྣང་དང་། ཐུགས་ཁུར། བྱམས་སྐྱོང་བཅས་གནང་ལུགས་ཇི་མ་ཇི་བཞིན་ཟིན་ཐོ་བཀོད་ཡོད། དེབ་འདི་ནི་གཞོན་ནུའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱེད་པའི་ཀློག་དེབ་ཅིག་ཡིན་པས་དུས་རབས་གསར་པའི་གཞོན་ནུའི་ལས་དོན་ཡག་པོ་སྒྲུབ་པ་དང་དེང་རབས་གཞོན་ནུ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་རམ་འདེགས་བྱེད་པར་དཔེ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་ཡོད།

  
style="display:none;"