འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་23ཉིན།

༄༅༎རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧྲང་ཧའེ་གྲོང་ཁྱེར་ཕུའུ་ཏུང་ཁུལ་གསར་དུ“ལས་རིགས་གཅིག་ལ་ལག་ཁྱེར་གཅིག”གི་
སྒྱུར་བཅོས་ཚོད་ལྟ་བྱེད་རྒྱུའི་མཆན་བཀོད་བཀའ་ལན་དང་མོས་མཐུན་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་21ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཙུང་ལི་ལི་ཁེ་ཆང་གི་ཆོག་མཆན་ཐོབ་པ་བརྒྱུད། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཧྲང་ཧའེ་གྲོང་ཁྱེར་ཕུའུ་ཏུང་ཁུལ་གསར་དུ“ལས་རིགས་གཅིག་ལ་ལག་ཁྱེར་གཅིག”གི་སྒྱུར་བཅོས་ཚོད་ལྟ་བྱས་ནས། ལས་རིགས་ཀྱི་ཆོག་འཐུས་མ་གནས་དམའ་རུ་ཤུགས་ཆེན་གཏོང་བའི་སྤྱིའི་ཇུས་གཞིའི་སྐོར་གྱི་མཆན་བཀོད་བཀའ་ལན》(གཤམ་དུ《མཆན་བཀོད་བཀའ་ལན》ཞེས་བསྡུ་རྒྱུ)བཀྲམ་ནས། ཧྲང་ཧའེ་གྲོང་ཁྱེར་ཕུའུ་ཏུང་ཁུལ་གསར་དུ“ལས་རིགས་གཅིག་ལ་ལག་ཁྱེར་གཅིག”གི་སྒྱུར་བཅོས་ཚོད་ལྟ་བྱ་རྒྱུར་མོས་མཐུན་བྱས་པ་དང་། ཚོད་ལྟའི་དུས་ཡུན་མཆན་བཀོད་བཀའ་ལན་ཐོབ་པའི་ཉིན་ནས་2022ལོའི་ལོ་མཇུག་བར་ཡིན་པ་རེད།
     《མཆན་བཀོད་བཀའ་ལན》ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། སྒྱུར་བཅོས་མ་ལག་འདུས་གྲུབ་དང་། མཐུན་སྦྱོར། ནུས་ཆེ་བཅས་ཀྱི་ཐད་ཕུའུ་ཏུང་གིས་སྔོན་ལ་ལག་བསྟར་ཚོད་ལྟ་དང་། འཚོལ་ཞིབ་ཧུར་ཐག ཉམས་མྱོང་གསར་གཏོད་བཅས་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱེད་པ། ཁྲོམ་རའི་བྱེད་པོ་དམིགས་བསལ་གཏན་འཁེལ་གྱི་ལས་རིགས་གཉེར་སྐྱོང་ནང་ཞུགས་པ་དང་འབྲེལ་བ་ཡོད་པའི་ཆོག་འཐུས་ལག་ཁྱེར་མང་པོ་ལས་རིགས་གཅིག་གི་ཕྱོགས་བསྡུས་ཆོག་འཐུས་ལག་ཁྱེར་ལ་ཟླ་སྒྲིལ་བྱེད་པ། “ལག་ཁྱེར་གཅིག་གིས་གཉེར་སྐྱོང་ཆོག་པ”བྱེད་པ། ལས་རིགས་ཀྱི་ཆོག་འཐུས་མ་གནས་དམའ་རུ་ཤུགས་ཆེན་གཏོང་བ། རྒྱལ་སྤྱིའི་རྩེར་སོན་གྱི་ཚོང་གཉེར་ཁོར་ཡུག་གཏོད་པ་བཅས་བྱས་ནས། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ“འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེའི”སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང“ཞུགས་འཐུས་ལས་ལས་གཉེར་བྱེད་མི་ཆོག་པའི”སྣང་ཚུལ་དེ་བས་ལེགས་པའི་སྒོ་ནས་སེལ་ཆེད་འདྲ་བཟོ་དང་ཁྱབ་སྤེལ་ཆོག་པའི་ཉམས་མྱོང་ཁག་གཅིག་གསོག་འཇོག་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
     《མཆན་བཀོད་བཀའ་ལན》ནང་། ཁྲོམ་རར་ཞུགས་འཐུས་ཀྱི་ཕྱོགས་མང་ཞིབ་མཆན་འགོད་པ་དང་ཁྲོམ་རའི་བྱེད་པོས་དོ་སྣང་ཆེན་པོ་བྱེད་པའི་ལས་རིགས་ལ་དམིགས་ཏེ། ལས་རིགས་ཀྱི་ཕྱོགས་བསྡུས་ཆོག་འཐུས་ལམ་ལུགས་འཛུགས་དགོས། ཚོད་ལྟའི་ལས་རིགས་སུ་ལས་རིགས་དོ་དམ་གཏན་འཁེལ་བྱེད་མཁན་སྣེ་ཁྲིད་སྡེ་ཚན་དང་མཐུན་སྦྱོར་སྡེ་ཚན་ལ“གཅིག་འཐུས་སྣེ་ཁྲིད”ཐུབ་པ་བྱེད་དགོས། ལས་རིགས་ཁག་གི་ཞིབ་བཤེར་མཆན་འགོད་ཀྱི་རྣམ་གྲངས་ཁག་ལ་གསེད་བཀྲོལ་བྱེད་པའི་ལས་དོན་ཕྱོགས་ཡོངས་ལ་ཁྱབ་པ་བྱས་ཏེ། ཁྲོམ་རའི་བྱེད་པོར་གནད་ལ་འཁེལ་ཞིང་སྟབས་བདེ་བའི་ལས་སྒྲུབ་ཕྱོགས་སྟོན་ཞབས་འདེགས་ཞུ་བ་དང་། ཁྲོམ་རར་ཞུགས་འཐུས་ལམ་ལུགས་ཀྱི་སློབ་སྦྱོང་གི་མ་གནས་དམའ་རུ་ཤུགས་ཆེན་བཏང་ནས། “མཐེབ་གཅིག་ཕྱོགས་སྟོན”ཐུབ་པ་བྱེད་དགོས། ལས་རིགས་གཅིག་མཚུངས་ཀྱི་ཆོག་འཐུས་ཆ་རྐྱེན་ཚང་མ་ཚད་ལྡན་ཅན་གྱི་འདུས་གྲུབ་བྱས་ནས“རྐྱང་གཅིག་གསལ་བརྗོད”ཐུབ་པ་བྱེད་དགོས། རེ་ཞུའི་རེའུ་མིག་མང་པོ་གཅིག་ལ་བསྒྲིལ་ནས“རེའུ་མིག་གཅིག་གིས་རེ་ཞུ”ཐུབ་པ་བྱེད་དགོས། རེ་ཞུ་གཅིག་གྱུར་བདག་སྤྲོད་བྱེད་པ་དང་། སྡེ་ཚན་ཁག་གིས་མཉམ་འབྲེལ་ཞིབ་མཆན་བཀོད་དེ“ཚད་གཅིག་ཞིབ་མཆན”ཐུབ་པ་བྱེད་དགོས། ཆོག་འཐུས་ལག་ཁྱེར་མང་པོ་ལས་རིགས་གཅིག་གི་ཆོག་འཐུས་ལག་ཁྱེར་ལ་སྒྲིལ་བ་དང་། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་གོ་ཆོད་པ་བྱས་ནས“ལག་ཁྱེར་གཅིག་གིས་གཉེར་སྐྱོང་ཐུབ་པ”བྱེད་དགོས། དྲ་ཐོག་ཚོང་དོན་དང་། སྟབས་བདེའི་ཚོང་ཁང་། སྒོ་རྩིས་ཚོང་ཁང་། གསོལ་མགྲོན་ཁང་། མགྲོན་ཁང་སོགས་ལས་རིགས་31བདམས་ནས“ལས་རིགས་གཅིག་ལ་ལག་ཁྱེར་གཅིག”གི་སྒྱུར་བཅོས་ཚོད་ལྟའི་ནང་བཅུག་སྟེ། ལེ་ལག་ཚང་བའི་སྒོ་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་སྡེ་ཚན་གྱིས་ལག་ལེན་བསྟར་འགན་འཁུར་བའི་སྲིད་འཛིན་ཆོག་འཐུས་སོགས་དོན་ཚན་25ཧྲང་ཧའེ་གྲོང་ཁྱེར་ཕུའུ་ཏུང་ཁུལ་གསར་གྱིས་བདག་སྤྲོད་དང་ལག་ཁྱེར་སྤྲོད་པའི་ལས་དོན་སྒྲུབ་པར་མངགས་བཅོལ་བྱེད་རྒྱུ་རེད་ཅེས་བཏོན་ཡོད་པ་རེད།