འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་23ཉིན།

༄༅༎གླུ་ལེན་གར་འཁྲབ་ཀྱིས་མེའོ་རིགས་ཀྱི་ལོ་གསར་བསུས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་21ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎གླུ་ལེན་གར་འཁྲབ་ཀྱིས་མེའོ་རིགས་ཀྱི་ལོ་གསར་བསུས་པ།
     ཉེ་དུས་ཀུའེ་ཀྲོའུ་ཞིང་ཆེན་ཆན་ཤར་ལྷོའི་མེའོ་རིགས་དང་ཏུང་རིགས་རང་སྐྱོང་ཀྲོའུ་ལེ་ཧྲན་རྫོང་དུ་མེའོ་རིགས་ཀྱི་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ་རེད། མེའོ་རིགས་ཀྱི་སྤུན་ཟླ་ཚོས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ཏེ་གླུ་ལེན་གར་འཁྲབ་ཀྱིས་སྲོལ་རྒྱུན་གྱི་དུས་ཆེན་དགའ་སྤྲོའི་ངང་བཏང་བ་རེད། མེའོ་རིགས་ཀྱི་ལོ་གསར་ནི་མེའོ་རིགས་ཀྱི་སྤུན་ཟླ་ཚོས་ཐོན་འབབ་བྱུང་བར་རྟེན་འབྲེལ་ཞུ་བ་དང་། མེས་པོར་མཆོད་འབུལ་ཞུ་བ། དྲིན་ཚོར་གྱི་བསམ་པ་འཆང་བ་སོགས་གཞི་གཅིག་གི་དུས་ཆེན་གཟབ་རྒྱས་ཤིག་རེད། འདི་ནི་མེའོ་རིགས་ཀྱི་མང་ཚོགས་ཚོ་མི་སྟོང་གི་སྒྲོག་ཙེ་རིང་པོའི་གསོལ་སྟོན་ལ་ཞུགས་བཞིན་པ།