འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་23ཉིན།

༄༅༎སི་ཁྲོན་གྱི་རྔ་པ་དང་དཀར་མཛེས་སོགས་ནས་གློག་ཁང་ཆུང་གྲས་4700ལྷག་ཙམ་ལེགས་བཅོས་དང་མེད་པར་བཟོས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་21ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་སི་ཁྲོན་ཞིང་ཆེན་ཆུ་བེད་ཐིང་ནས་ཤེས་རྟོགས་བྱུང་བར། ཆུ་སྟོད་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་འབྲི་ཆུའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་ཆེད། སི་ཁྲོན་གྱིས་གློག་ཁང་ཆུང་གྲངས་4774ལེགས་བཅོས་དང་མེད་པར་བཟོས་ཡོད།
     སི་ཁྲོན་ཞིང་ཆེན་ཆུ་བེད་ཐིང་གིས་བསྡོམས་རྩིས་བྱས་པར་གཞིགས་ན། སི་ཁྲོན་དུ་གློག་ཁང་ཆུང་གྲས་5025ཡོད་ཅིང་། ལེགས་བཅོས་དང་མེད་པར་བཟོ་བའི་གློག་ཁང་4774ཡི་ཁྲོད་ནས་གློག་ཁང་1091མེད་པར་བཟོས་པ་དང་3683ལེགས་བཅོས་བྱེད་ཁོངས་སུ་བཅུག་ཡོད། ལེགས་བཅོས་དང་མེད་པར་བཟོས་པ་དེ་དག་ཞིབ་མཆན་འཐུས་ཚང་དང་། ཁོར་ཡུག་སྲུང་སྐྱོང་། ཆུ་ལེན་ཆོག་འཐུས། ས་སྤྱོད་སྔོན་ཞིབ། ནགས་ས་བསྡུ་སྤྱོད(བཟུང་བ) ཆུ་ཐོན་སྐྱེ་དངོས་ལ་ཐེབས་པའི་ཤུགས་རྐྱེན་ལ་གདེང་འཇོག་སོགས་འགྲོ་ལུགས་6699དང་འབྲེལ་བ་ཡོད་པ་དང་མིག་སྔར་འགྲོ་ལུགས་5883གཉེར་ཟིན་པ་རེད།
     སི་ཁྲོན་ནི་ཆུ་བོ་མང་ལ་ཆུའི་ཐོན་ཁུངས་འབེལ་བའི་ཞིང་ཆེན་ཆེན་པོ་ཞིག་ཡིན་ཞིང་། ཞིང་ཆེན་ཡོངས་སུ་ཆུ་བོ་ཆེ་ཆུང་ཁྱོན་བསྡོམས་7415ཡོད་པ་དང་ཆུའི་ཐོན་ཁུངས་ཀྱི་སྤྱི་འབོར་སྨི་རྒྱ་དཔང་དུང་ཕྱུར་2616ཟིན་གྱི་ཡོད། དེ་དང་ཆབས་ཅིག་སི་ཁྲོན་ནི་ཆུ་གློག་གི་ཞིང་ཆེན་ཆེན་པོ་ཞིག་ཡིན་ཞིང་། ཞིང་ཆེན་ཡོངས་སུ་གློག་ཁང་གཅིག་གི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་5ལས་ཉུང་བའི་གློག་ཁང་5025ཡོད་པ་དང་། གློག་འདོན་འཕྲུལ་འཁོར་ཆ་ཚང་ནས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་ཁྲི་1558.59ཟིན་གྱི་ཡོད་པས། སི་ཁྲོན་གྱི་གློག་ཁང་ཆུང་གྲས་ལེགས་བཅོས་དང་མེད་པར་བཟོ་བའི་ལས་འགན་ཧ་ཅང་ལྕི་པོ་ཡོད་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། ད་བར་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་དང་། དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ། ལེང་ཧྲན་དབྱིས་རིགས་རང་སྐྱོང་ཀྲོའུ་བཅས་སུ་ལེགས་བཅོས་དང་མེད་པར་བཟོ་བའི་ཁོངས་སུ་བཅུག་པའི་གློག་ཁང་1573ཡོད་ཅིང་། མིག་སྔར་འགྲོ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་པ་2695ཡོད་པའི་ཁྲོད་ནས་འགྲོ་ལུགས་2046འཐུས་སྒོ་ཚང་དུ་བཏང་ཟིན་པ་དང་། མེད་པར་བཟོ་དགོས་པའི་གློག་ཁང་339ཡོད་པའི་ཁྲོད་238མེད་པར་བཟོས་ཟིན་པ་རེད། གཞན་ཡང་སི་ཁྲོན་ཞིང་ཆེན་གྱི་རྨ་ཆུ་རྒྱུག་ཁུལ་དུ་གློག་ཁང་ཆུང་གྲས་2ཡོད་པ་དང་མིག་སྔར་ཚང་མ་ལེགས་བཅོས་བྱས་ཟིན་པ་རེད།
     “སི་ཁྲོན་གྱི་ཆུ་འདྲེན་རྣམ་པའི་གློག་ཁང་4242ཀྱི་རྐྱེན་པས་ཆུ་ལམ་ཁག་གཅིག་གི་ཆུ་ཉུང་དུ་ཕྱིན་པའམ་ཡང་ན་ཆུ་བོ་ཆད་ཡོད། གློག་ཁང་ཆུང་གྲས་ནི་ཐོག་མཐའ་བར་གསུམ་དུ་སི་ཁྲོན་གྱི་ཆུ་བོའི་སྣོད་བཅུད་ལ་ཚོད་འཛིན་བཟོ་བའི་རྒྱུ་རྐྱེན་གལ་ཆེན་གྱི་གྲས་ཤིག་རེད” “སི་ཁྲོན་གྱིས་གློག་ཁང་ཆུང་གྲས་བཅོས་སྒྲིག་ནན་པོ་བྱས་ཏེ་ད་ལྟ་རང་སོར་བཞག་པའི་གློག་ཁང་ལ་གལ་ཏེ་ཕྱིས་བྱུང་བླང་བྱ་དང་མ་འཚམ་པའི་གནས་ཚུལ་ཐོན་ཕྱིན་ད་དུང་ལེགས་བཅོས་བྱེད་དགོས་པའི་བཀའ་གཏོང་རྒྱུ་དང་། ད་ལྟ་ལེགས་བཅོས་བྱེད་ཁོངས་སུ་བཅུག་པ་རྣམས་གལ་ཏེ་འབྲེལ་ཡོད་འགྲོ་ལུགས་དུས་ཐོག་ཏུ་འཐུས་སྒོ་ཚང་དུ་བཏང་མེད་ཕྱིན་མེད་པར་བཟོ་ངེས”ཞེས་སི་ཁྲོན་ཞིང་ཆེན་ཆུ་བེད་ཐིང་གི་ཐིང་ཀྲང་གཞོན་པ་ཝང་ཧྭ་ཡིས་བརྗོད།