འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་20ཉིན།

༄༅།།རབ་མཛེས་མཚོ་སྔོན་ནས་མཐོ་སྒང་གི་རི་དྭགས་དང་འཕྲད་པ། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་20ཉིན། 14:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྩྭ་ཐང་རེད།
འདི་ནི་མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྩྭ་ཐང་རེད། 
   མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་11ཚེས་18ཉིན། མཚོ་བོད་མཐོ་སྒང་ནི་གྲང་ངར་ཆེ་ཞིང་གསོ་རླུང་དཀོན་ལ་ནམ་གཤིས་ངན་ཡང་ཚེ་སྲོག་འཚོ་མི་ཐུབ་ས་ཞིག་མ་རེད། དེ་ལས་ལྡོག་སྟེ། གནས་འདི་ནི་གོ་ལ་ཧྲིལ་བོའི་ཚེ་སྲོག་སྣ་མང་འཛོམས་པའི་རི་སྐྱེས་སྲོག་ཆགས་ཀྱི་དག་ཞིང་རེད། མཚོ་བོད་མཐོ་སྒང་ནི་མིག་སྔར་ཕྱི་རོལ་ དུ་རི་སྐྱེས་སྲོག་ཆགས་མཐོང་ཚད་ཆེ་ཤོས་ཀྱི་ས་ཁུལ་ཅིག་རེད། དགུན་དུས་སུ་“རབ་མཛེས་མཚོ་སྔོན”དུ་བསྐྱོད་པའི་ལམ་དུ་ཁྱེད་རང་རི་སྐྱེས་སྲོག་ཆགས་དང“མཛེས་སྡུག་གི་ཐུག་འཕྲད”ཐེངས་ཤིག་བྱེད་སྲིད། 
   གསར་འགོད་པས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ནས་མཐོང་གསལ། གཞུང་ལམ་འགྲམ་དུ་རྐྱང་དང་གཙོད་སོགས་རི་དྭགས་ཁྱུ་བྱས་ནས་རྩྭ་ཐང་དུ་རྒྱུ་བའམ་རྩྭ་ཟ་བཞིན་འདུག་ལ། མཚམས་རེར་ཡར་འགྲོ་མར་འགྲོ་བྱེད་པའི་མི་ཚོའི་མིག་ལམ་ནས་བརྒྱུད་འགྲོ།
    ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་དུ། ས་གཞི་ཁ་བས་གཡོགས་ཡོད་ནའང་ག་ས་གང་དུ་གསོན་ཉམས་ལྡན་འདུག  ཁྲ་ཞིག་གློག་སྡོང་ཐོག་བབས་ནས་དོགས་ཟོན་དང་བཅས་རྐང་འོག་གི་ས་གཞི་ལ་ཐུར་ལྟ་བྱེད་བཞིན་འདུག  ཨ་བྲ་ཞིག་གི་སྔོ་རྩྭ་ཁམ་གང་བཟུང་ནས་ཕྱིར་རང་གི་ཚང་ལ་ལོག་བཞིན་འདུག  ཁྲ་དེ་གློ་བུར་དུ་འཕུར་ཞིང་། ལྡིང་སྐོར་བྱེད་བཞིན་སྔོ་སང་སང་གི་མཁའ་དབྱིངས་སུ་མཛེས་སྡུག་ལྡན་པའི་གཞི་དབྱིབས་ཤིག་བྲིས་ནས་འཕུར། 
   གངས་བྱིའུ་འགའ་གློ་བུར་དུ་རྩྭ་གསེང་ནས་ལྡིང་སྐོར་དང་བཅས་ཡར་འཕགས་ཤིང་རིམ་བཞིན་མཁའ་དབྱིངས་སུ་འཕུར་ནས་ཐག་རིང་གི་ལ་ཁའི་ཉི་འོད་ནང་འཕུར། 
   སྦྲེ་ཞིག་གིས་སོས་དལ་བག་ཕེབས་ཀྱིས་ཟས་འཚོལ་བཞིན་གངས་ཀླུང་འདི་ལ་རྐང་རྗེས་གསལ་པོ་རེ་འཇོག་བཞིན་ཡོད།  དེ་ལྟར་གང་སར་མཐོང་རྒྱུ་ཡོད་པའི་མཐོ་སྒང་གི་རི་དྭགས་འདི་དག་གིས་དགུན་དུས་ཀྱི་མཐོ་སྒང་ལ་ཚེ་སྲོག་གི་གསོན་ཤུགས་བསྩལ་ཡོད། 
   མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་དུ། ཡུལ་དེའི་མང་ཚོགས་ཀྱིས་སྟོངས་ལ་ཉེ་བའི་གསའ་ རྫོང་མཁར་དུ་འགྲོ་འོང་བྱེད་བཞིན་པ་ཐེངས་འགར་མཐོང་ཡོད། 
   གཙང་གསུམ་ཆུ་འགོ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་རིམ་བཞིན་སྐུལ་འདེད་གཏོང་བ་དང་བསྟུན། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ནུས་པ་མུ་མཐུད་དུ་ཤུགས་ཇེ་ཆེར་བཏང་བས། གཙང་གསུམ་ཆུ་འགོའི་“རི་ཆུ་ནགས་ཚལ་ས་ཞིང་མཚེའུ་རྩྭ་ཐང་”ཉིན་རེར་བཞིན་ཚེ་སྲོག་གཞི་གཅིག་ཅན་ཏུ་གྲུབ་བཞིན་འདུག་པ་དང་། ལེགས་པའི་ཕྱོགས་སུ་འགྱུར་ལྡོག་འགྲོ་བཞིན་པ་དེས་ཡུལ་དེའི་འབྲོག་པ་ཚོས་རིམ་བཞིན་སྣོད་བཅུད་སྲུང་སྐྱོང་གི་རང་རྟོགས་ཚད་མཐོན་པོར་གྱུར་པ་ལ་སྐུལ་འདེད་བྱེད་བཞིན་འདུག  ཡུལ་དེའི་མང་ཚོགས་དང་གླིང་སྣེའི་སྐྱེ་དངོས་ཕན་ཚུན་མཉམ་འཚོ་མཉམ་གནས་བྱེད་བཞིན་འདུག 
   གསར་འགོད་པས་ཤེས་རྟོགས་བྱུང་གསལ། གཙང་གསུམ་ཆུ་འགོ་སྤྱི་གླིང་ནང་དུ་ཁྱོན་བསྡོམས་རི་སྐྱེས་སྲོག་ཆགས་རིགས་125ཡོད་པ་དང་། མང་ཤོས་ནི་མཚོ་བོད་མཐོ་སྒང་གི་དམིགས་བསལ་སྲོག་ཆགས་རིགས་ཡིན་ལ། རིགས་རྒྱུད་ཀྱི་ཁ་གྲངས་མང་བ་ཡོད། འབྲེལ་ཡོད་སྙན་ཞུ་ལས་མངོན་གསལ། གཙང་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཁུལ་དུ་སྣོད་བཅུད་སྲུང་སྐྱོང་དང་བསྐྱར་གསོ་ཡི་ཕན་ནུས་ཚད་ནི་ཉིན་རེར་བཞིན་མངོན་གསལ་ཡིན་ཞིང་། ཆུའི་ཐོན་ཁུངས་འབོར་ཚད་ཀྱང་ཇེ་མཐོ་འགྲོ་བཞིན་པ་དང་། སྔོ་ཁེབས་ཚད་ཀྱང་མངོན་གསལ་ངང་ཇེ་མཐོར་འགྲོ་ཞིང་། སྐྱེ་དངོས་སྣ་མང་རང་བཞིན་མངོན་གསལ་ངང་ཇེ་མང་འགྲོ་བ། རི་སྐྱེས་སྲོག་ཆགས་ཀྱི་རིགས་ཀྱང་ཇེ་མང་འགྲོ་བ། ཁ་གྲངས་ཀྱང་སླར་གསོ་རང་བཞིན་ངང་ཇེ་མང་དུ་འགྲོ་བཞིན་ཡོད། 
   ཕྱིར་ལོག་པའི་ལམ་བར་དུ། སྦྲེ་ཞིག་བཅར་འདྲིའི་རླངས་འཁོར་སྔོན་ནས་བསྐྱོད་ཅིང་། རབ་གསལ་ནང་འཛུལ་རྗེས། ཁ་ཕྱིར་འཁོར་ནས་ང་ཚོ་མགྲོན་པོ་རྣམས་ལ་བལྟས་ནས་བསྡད། དུས་ཐུང་རིང་ཕན་ཚུན་ལ་བལྟས་རྗེས་དལ་མོར་རྩྭ་ཐང་དུ་ལོག་སོང་། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15830387.html) 
【1】  【2】
འདི་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནས་པར་བླངས་པའི་གཙོད་རེད།
འདི་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནས་པར་བླངས་པའི་གཙོད་རེད།