མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་20ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ▶ དུས་ཚོད་རེའུ་མིག་གཞིར་བཟུང་ས་ཁོངས་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་མཐུན་དོན་འཁྱོལ་དང་ལག་བསྟར་བྱེད་པའི་རྒྱལ་ནང་གི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་རྒྱུར་དམ་འཛིན་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། སྤོམ་ཆེའི་འཛད་སྤྱོད་དང་གཙོ་གནད་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ་དང་གྲོང་གསེབ་ཀྱི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་བཀོད་སྒྲིག་གནང་བ། འཛད་སྤྱོད་རིམ་སྤོར་གྱི་དགོས་མཁོ་དང་འཚམ་པ་དང་། “དྲ་སྦྲེལ+ཡུལ་སྐོར”འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་གཏན་འཁེལ་གནང་བ། ཉེན་ཆེའི་ཆུ་མཛོད་ཀྱི་ཉེན་སེལ་བརྟན་གཏོང་གནས་ཚུལ་སྐོར་གྱི་སྙན་སེང་གསན་པ། ནུས་ལྡན་མ་འཇོག་བྱེད་རྒྱ་ཆེ་རུ་ཧུར་ཐག་བཏང་ནས་གནོད་འཚེ་སྔོན་འགོག་དང་ཆུ་མཁོ་འདོན་གྱི་འགན་ལེན་ནུས་པ་ཆེ་རུ་གཏོང་དགོས།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་18ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས། དུས་ཚོད་རེའུ་མིག་གཞིར་བཟུང་ས་ཁོངས་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་མཐུན་དོན་འཁྱོལ་དང་ལག་བསྟར་བྱེད་པའི་རྒྱལ་ནང་གི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་རྒྱུར་དམ་འཛིན་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། སྤོམ་ཆེའི་འཛད་སྤྱོད་དང་གཙོ་གནད་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ་དང་གྲོང་གསེབ་ཀྱི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་བཀོད་སྒྲིག་གནང་བ། འཛད་སྤྱོད་རིམ་སྤོར་གྱི་དགོས་མཁོ་དང་འཚམ་པ་དང་། “དྲ་སྦྲེལ+ཡུལ་སྐོར”འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་གཏན་འཁེལ་གནང་བ། ཉེན་ཆེའི་ཆུ་མཛོད་ཀྱི་ཉེན་སེལ་བརྟན་གཏོང་གནས་ཚུལ་སྐོར་གྱི་སྙན་སེང་གསན་པ། ནུས་ལྡན་མ་འཇོག་བྱེད་རྒྱ་ཆེ་རུ་ཧུར་ཐག་བཏང་ནས་གནོད་འཚེ་སྔོན་འགོག་དང་ཆུ་མཁོ་འདོན་གྱི་འགན་ལེན་ནུས་པ་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།
     ཚོགས་འདུའི་ཐོག ཆུ་ཚད་མཐོ་བའི་ལམ་ལུགས་རྣམ་པའི་སྒོ་དབྱེར་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཉིན་ཤས་གོང་མིང་རྟགས་བཀོད་པའི་ས་ཁོངས་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་མཐུན་ལས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་རྒྱལ་ཁབ་ཀྱིས་ཕྱོགས་མང་རིང་ལུགས་དང་རང་མོས་ཚོང་དོན་སྲུང་སྐྱོང་བྱེད་པའི་ཐུན་མོང་གི་འདོད་འདུན་མཚོན་ཡོད། འཛམ་གླིང་གི་རང་མོས་ཚོང་དོན་ཁུལ་ཆེ་ཤོས་འཛུགས་སྐྲུན་བྱེད་རྒྱུ་དེ་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་དུ་གཏོང་བ་དང་། འབྲེལ་ཡོད་རྒྱལ་ཁབ་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུར་ཕན་པ་ཡོད་ཅེས་བསྟན་པ་དང་། ཚོགས་འདུའི་ཐོག་འབྲེལ་ཡོད་སྡེ་ཚན་ལ་གྲོས་མཐུན་ནང་གཏན་འཁེལ་བྱས་པའི་དུས་ཚོད་རེའུ་མིག་གཞིར་བཟུང་གང་མགྱོགས་དོན་འཁྱོལ་བྱེད་པ་དང་། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་དམ་འཛིན་བྱེད་པ། གྲོས་མཐུན་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་བའི་རྒྱལ་ནང་གི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་པ། ཁས་ལེན་སྔ་ཙམ་དོན་འཁྱོལ་བྱེད་པ་བཅས་ལ་བརྟེན་ནས། ཕན་ཚུན་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རིང་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
     ཚོགས་འདུའི་ཐོག འཛད་སྤྱོད་ནི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གཙོ་བོ་ཡིན། འདི་ལོའི་འཛད་སྤྱོད་ལ་རིམས་ནད་ཀྱི་ཤུགས་རྐྱེན་ཚབས་ཆེན་ཕོག་པས་རྒྱུན་གཏན་གྱི་འཕར་སྣོན་སླར་གསོ་ཡོང་བར་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གཞིར་བཟུང་། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་བསྟར་བ་དང་། འཛད་སྤྱོད་ཆེ་རིགས་དང་གཙོ་གནད་འཛད་སྤྱོད་ལ་སྔར་བས་སྐུལ་འདེད་བཏང་ནས་གྲོང་གསེབ་ཀྱི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་དེ་བས་ཆེ་བ་འདོན་དགོས། དེ་ཡང་གཅིག་ནས་རླངས་འཁོར་འཛད་སྤྱོད་བརྟན་པོ་དང་རྒྱ་ཆེར་གཏོང་དགོས། ས་གནས་ཁག་གིས་ཉོ་སྒྲུབ་ཚོད་འཛིན་བྱེད་ཐབས་ལེགས་སྒྲིག་དང་ལེགས་སྒྱུར་ལ་སྐུལ་ལྕག་བྱས་ཏེ། འཁོར་རྟགས་སྤྲོད་མང་དུ་གཏོང་དགོས། རེས་འཁོར་གསར་པའི་གཞི་རིམ་དུ་རླངས་འཁོར་འཚོང་བ་དང་རྙིང་ཚབ་གསར་བརྗེ་བྱས་ནས། ཆ་རྐྱེན་འཛོམས་པའི་ས་ཁུལ་ལ་གྲོང་གསེབ་ཀྱི་ཡུལ་མིས་ཏུན་3.5དང་དེའི་མན་གྱི་ཟོག་འདྲེན་རླངས་འཁོར་དང་། མཇུག་རླངས་འབུད་ཚད་ཧྲེང་1.6དང་དེ་མན་གྱི་རླངས་འཁོར་ཉོ་བར་སྐུལ་ལྕག་བྱེད་པ་དང་། གྲོང་མིས་རྒྱལ་ཁབ་ཀྱི་རིམ་པ་གསུམ་པའི་མཇུག་རླངས་ཀྱི་ཚད་གཞི་དང་དེ་མན་གྱི་ཕྱིར་འབུད་ཚད་གཞིའི་རླངས་འཁོར་འདོར་རྒྱུ་མ་ཟད། རླངས་འཁོར་གསར་པ་ཉོས་ན་ཁ་གསབ་རོགས་དངུལ་སྤྲོད་དགོས། རླངས་འཁོར་འཇོག་ས་དང་གློག་གསོག་ཡོ་བྱད་སོགས་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། གཉིས་ནས་གློག་ཆས་དང་ཁྱིམ་ཆས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་དགོས། ཆ་རྐྱེན་ཡོད་པའི་ས་ཁུལ་གྱིས་གློག་ཆས་རྙིང་པ་དོར་ནས་ལྗང་མདོག་རིག་ནུས་ཀྱི་གློག་ཆས་དང་ཁོར་ཡུག་སྲུང་སྐྱོང་གི་ཁྱིམ་ཆས་ཉོ་བར་ཁ་གསབ་རོགས་དངུལ་སྤྲོད་རྒྱུར་སྐུལ་ལྕག་བྱེད་དགོས། གསུམ་ནས་བཟའ་བཏུང་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་དགོས། བཟའ་བཏུང་ཁེ་ལས་ཀྱིས་ཚལ་རིགས་ཕུན་སུམ་ཚོགས་སུ་བཏང་ནས་དྲ་ཐོག་དྲ་གཤམ་གྱི་གཉེར་སྐྱོང་བྱ་ཐབས་གསར་གཏོད་ལ་སྐུལ་ལྕག་བྱེད་དགོས། བཟའ་བཏུང་ཞབས་ཞུའི་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་། ཚོང་ར་ཅན་གྱི་བྱེད་སྟངས་ལ་བརྟེན་ནས་སྤུས་ལེགས་ཁྱད་ལྡན་བཟའ་བཏུང་འོས་སྦྱོར་ལ་རྒྱབ་སྐྱོར་བྱེད་དགོས། བཞི་ནས་རྫོང་ཁོངས་ཤང་གྲོང་གི་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བར་དམ་འཛིན་བྱས་ནས་གྲོང་གསེབ་ཀྱི་འཛད་སྤྱོད་ལ་སྐུལ་ཁྲིད་བྱེད་དགོས། རྫོང་ཁོངས་ཤང་གྲོང་གི་ཚོང་དོན་སྒྲིག་བཀོད་དང་གྲོང་ཚོའི་ཟོག་འགྲེམས་ས་ཚིགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། གྲོང་གསེབ་ལ་གཞི་ཚུགས་པ་དང་ཞིང་པ་དང་ཉེ་བཅར་བྱེད་པའི་འཚོ་བའི་འཛད་སྤྱོད་ཞབས་ཞུའི་ཕྱོགས་བསྡུས་སྒྲིག་གཞི་བསྐྲུན་རྒྱུར་རྒྱབ་སྐྱོར་བྱེད་དགོས། རྫུན་ལྷད་ཞན་གསུམ་གྱི་ཐོན་རྫས་ལ་ཁྲིམས་བཞིན་རྡུང་རྡེག་བཏང་ནས་གྲོང་གསེབ་ཀྱི་འཛད་སྤྱོད་ཁོར་ཡུག་ལེགས་སུ་གཏོང་དགོས་ཞེས་བསྟན་པ་རེད།
     ཚོགས་འདུའི་ཐོག ཡུལ་སྐོར་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད། རྒྱུན་གཏན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་འོག ཡུལ་སྐོར་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། ཚོགས་འདུའི་ཐོག“དྲ་སྦྲེལ+ཡུལ་སྐོར”གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་གཏན་འཁེལ་བྱས་ཤིང་། དེ་ཡང་གཅིག་ནས་རིག་ལྡན་ཡུལ་སྐོར་མཛེས་ལྗོངས་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང་། གློག་རྡུལ་ས་ཁྲ་དང་སྐད་གདངས་ལྟ་སྐོར་སྣེ་ཤན་སོགས་ཀྱི་ཞབས་འདེགས་ཁྱབ་གདལ་གཏོང་བ། ཁྱད་ལྡན་མཛེས་ལྗོངས་ཁུལ་གྱི་གྲངས་འཛིན་འགྲེམས་སྟོན་ཁང་སྐྲུན་པ་སོགས་བྱས་ནས། འགྲོ་ལམ་དང་ཡུལ་སྐོར་གསང་སྤྱོད་སོགས་གྲངས་འཛིན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། གཉིས་ནས་མཛེས་ལྗོངས་ཁུལ་གྱིས་དྲ་ཐོག་ཚོང་གཉེར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་མ་གཏོང་བ་དང་། སྤྲིན་ཚོམ་ཡུལ་སྐོར་སོགས་ལས་རྣམ་གསར་པ་འཕེལ་རྒྱས་ལ་ཁྲིད་སྟོན་བྱས་ནས། དྲ་སྦྲེལ་+ཡུལ་སྐོར་གྱི་ཁྱིམ་ཚང་མགྲོན་ཁང་ཚད་ལྡན་དང་འཕེལ་རྒྱས་ཀྱི་བྱ་ཐབས་འདོན་དགོས། རྒན་རྒོན་སོགས་དམིགས་བསལ་ཚོགས་སྤྱིར་དྲ་ཐོག་ཞབས་འདེགས་ཞུ་དགོས། གསུམ་ནས་བཟོད་སྒོམ་གཟབ་ནན་གྱི་ལྟ་སྐུལ་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཡུལ་སྐོར་བདེ་འཇགས་ལྟ་ཞིབ་ཚད་ལེན་དང་དྲ་ཐོག་གི་ཞུ་གཏུག་ཐག་གཅོད་ལ་ཤུགས་སྣོན་བརྒྱབ་ནས་མགོ་སྐོར་བསླུ་བྲིད་དང་། གཡོ་སྒྱུ་ཁྲམ་གསུམ་ལ་རྡུང་རྡེག་གཏོང་དགོས་ཞེས་བསྟན་པ་རེད།

  
style="display:none;"