མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་དཔལ་འབྱོར་དུས་བབ་ཀྱི་རིགས་གཅིག་མཁས་ཅན་དང་ཁེ་ལས་མཁས་ཅན་གྱི་
བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་20ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་དཔལ་འབྱོར་དུས་བབ་ཀྱི་རིགས་གཅིག་མཁས་ཅན་དང་ཁེ་ལས་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས། མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་གནང་བ་དང་འབྲེལ། གོམ་སྟབས་རྗེས་མའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་བསམ་འཆར་དང་གྲོས་འགོའང་གསན་པ་རེད།
     ལི་ཁེ་ཆང་གིས། འདི་ལོའི་དཔལ་འབྱོར་འཕེལ་རྒྱས་ལ་འཕྲད་པའི་དཀའ་ངལ་དམིགས་བསལ་དོད་པོ་ཡོད་པས་གྲུབ་འབྲས་འདི་འདྲ་ཐོབ་པ་ནི་ལས་སླ་པོ་ཞིག་གཏན་ནས་མིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ནས“བརྟན་པོ་དྲུག”གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་། “འགན་ལེན་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ། གཞི་ཆེན་སྙོམས་སྒྲིག་དང་གཞི་ཆུང་དགོས་མཁོ་ཟུང་འབྲེལ་དམ་ཟབ། ཁྲོམ་རའི་བྱེད་པོ་དང་ལྷག་དོན་དུ་ཁེ་ལས་འབྲིང་གྲས་དང་། ཕྲན་ཚེགས་ཁེ་ལས། སྒེར་གཉེར་ཚོང་དུད་བཅས་ལ་མངོན་གསལ་དོད་པོས་དམིགས་པ། ཐད་ཀར་དོན་འཁྱོལ་ཐུབ་པའི་ལམ་སྲོལ་གསར་གཏོད་ཀྱིས་ལག་ལེན་བསྟར་བ། ཁེ་ལས་ལ་རོགས་སྐྱོར་བྱས་ནས་དཀའ་ངལ་སེལ་རྒྱུ་དང་ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་རྒྱུ་གལ་ཆེ་མཉམ་དུ་འཛིན་པ། གཞི་ཆེན་སྲིད་ཇུས་ནུས་ལྡན་དང་དུས་ཐོག་ལུགས་མཐུན་ཡོང་བ་བཅས་བྱུང་བ་མ་ཟད། མ་རྩ་དུང་ཕྱུར་ཟིན་པའི་ཁྲོམ་རའི་བྱེད་པོས་འགྱུར་མེད་ཀྱི་སྟོབས་ཤུགས་ཆེན་པོ་མངོན་པར་བྱས་པ་དང་། མི་དམངས་མང་ཚོགས་ཚོས་ལས་ལ་བརྩོན་ཞིང་བྱ་བ་དངོས་སྒྲུབ་པ། ཕྱོགས་ཁག་གིས་འགག་སྒྲོལ་དཀའ་སེལ་བཅས་བྱས་སྟབས། དཔལ་འབྱོར་དང་ལས་ཞུགས་ཀྱི་གཞི་རྩའི་རྨང་གཞི་བརྟན་པོ་བྱུང་ཡོད། མིག་སྔར་རྒྱལ་ཁབ་ཕྱི་ནང་གི་དུས་བབ་སྔར་བཞིན་རྙོག་འཛིང་ཆེ་ལ་ཛ་དྲག་ཆེ་བར་བརྟེན་ཡིད་ཆེས་བརྟན་པོ་དགོས་ལ། དཀའ་ངལ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་གྲ་སྒྲིག་ཀྱང་གང་ལེགས་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་བཀོད་སྒྲིག་དོན་འཁྱོལ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ། འགྲན་སློང་བསུ་ཕོད་པ། རྒྱུན་གཏན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པ། དཔལ་འབྱོར་སླར་གསོའི་རང་བཞིན་གྱི་འཕེལ་ཕྱོགས་སྲ་བརྟན་དུ་གཏོང་བ། དཔལ་འབྱོར་འཁོར་རྒྱུག་ལུགས་མཐུན་བར་མཐོངས་སུ་སླར་གསོ་ཡོང་བར་སྐུལ་འདེད་གཏོང་བ། སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
     ལི་ཁེ་ཆང་གིས། གཞི་ཁྱོན་རང་བཞིན་གྱི་དཀའ་ངལ་སེལ་བའི་སྲིད་ཇུས་མུ་མཐུད་དོན་འཁྱོལ་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་གཞི་ཆེན་དཔལ་འབྱོར་གྱི་འཕེལ་ཕྱོགས་དང་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་གི་འགྱུར་ལྡོག་ལ་དབྱེ་ཞིབ་ནན་ཏན་བྱེད་པ་དང་། ཁྲོམ་རའི་བྱེད་པོ་གཙོ་བོ་དང་མི་དམངས་མང་ཚོགས་ཀྱི་འབོད་སྒྲ་ཉན་པ། གོམ་སྟབས་རྗེས་མའི་གཞི་ཆེན་སྲིད་ཇུས་ལ་སྤྱི་འདོམས་བསམ་གཞིགས་བྱེད་པ། སྲིད་ཇུས་ཀྱི་ནུས་ལྡན་རང་བཞིན་དང་རྒྱུན་མཐུད་རང་བཞིན་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྲིད་ཇུས་ཀྱི་ཐོན་ཁུངས་སྤྱོད་མཁོ་ཆེ་སར་སྤྱད་དེ། ཁྲོམ་རའི་བྱེད་པོ་དང་ལྷག་པར་དུ་ཁེ་ལས་འབྲིང་གྲས་དང་། ཕྲན་ཚེགས་ཁེ་ལས། སྒེར་གཉེར་ཚོང་དུད་བཅས་ལ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་རྒྱབ་སྐྱོར་བྱས་ཏེ་དམངས་འཚོ་འགན་ལེན་དང་ལེགས་སུ་ནུས་ལྡན་གཏོང་དགོས་ཞེས་གསུངས་པ་རེད།

  
style="display:none;"