འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་20ཉིན།

༄༅༎ཡུན་ནན་གྱི་རྫོང(གྲོང་ཁྱེར)དབུལ་པོ་མཇུག་ཤོས་9རྫོང་དབུལ་པོའི་གྲལ་ནས་བུད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་20ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ཁུན་མིང་ནས་གློག་འཕྲིན་འབྱོར་གསལ། ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གི་དྲ་ཚིགས་གཙོ་བོའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་11ཚེས་14ཉིན་ཡུན་ནན་ཞིང་ཆེན་སྲིད་གཞུང་གིས《ཀྲེན་ཞུང་སོགས་རྫོང་དང་གྲོང་ཁྱེར་9རྫོང་དབུལ་པོའི་གྲལ་ནས་བུད་པར་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ) བཀྲམ་སྟེ། ཀྲེན་ཞུང་རྫོང་དང་ཧུའེ་ཙེ་རྫོང་སོགས་རྫོང(གྲོང་ཁྱེར)དབུལ་པོ་9རྫོང་དབུལ་པོའི་གྲལ་ནས་བུད་པའི་ཁྱབ་བསྒྲགས་བྱས་ཤིང་། མིག་སྔའི་བར་ཡུན་ནན་གྱི་རྫོང་དབུལ་པོ་88རྫོང་དབུལ་པོའི་གྲལ་ནས་བུད་པ་དང་མང་ཚོགས་དབུལ་པོ་དབུལ་པོ་དབུལ་རྐྱང་གི་གནས་ལས་གྲོལ་བ་རེད།
     《བརྡ་ཐོའི》ནང་ཀྲེན་ཞུང་སོགས་རྫོང་དང་གྲོང་ཁྱེར་9དབུལ་པོའི་རྫོང་ནས་བུད་རྗེས། དབུལ་ཞྭ་ཕུད་ཀྱང་འགན་འཁྲི་མི་འདོར་བ་དང་། དབུལ་ཞྭ་ཕུད་ཀྱང་སྲིད་ཇུས་མི་འདོར་བ། དབུལ་ཞྭ་ཕུད་ཀྱང་རོགས་སྐྱོར་མི་འདོར་བ། དབུལ་ཞྭ་ཕུད་ཀྱང་ལྟ་འདོམས་མི་འདོར་བ་བཅས་ཀྱི་བླང་བྱ་དོན་འཁྱོལ་ནན་ཏན་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་འགན་འཁྲི་དང་། སྲིད་ཇུས། ལས་དོན་བཅས་ཀྱི་དོན་འཁྱོལ་ལ་མུ་མཐུད་ཤུགས་སྣོན་རྒྱག་པ། རྒྱུན་མཐུད་འགག་སྒྲོལ་གྱི་རྣམ་པ་རྒྱུན་འཁྱོངས། དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་འགྲོ་བར་རྒྱུན་མཐུད་སྐུལ་འདེད་གཏོང་བ། ངལ་རྩོལ་ནུས་ཤུགས་དབུལ་པོ་ལས་ཞུགས་བརྟན་པོ་ཡོང་བར་དམ་འཛིན་ཡག་པོ། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་པ། དབུལ་པོ་རང་ལོག་སྔོན་འགོག་དང་ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་ལམ་སྲོལ་སྔར་བས་འཐུས་ཚང་དང་དོན་འཁྱོལ་བཅས་བྱས་ཏེ། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་དབུལ་པོ་རང་ལོག་དང་དབུལ་པོར་བསྒྱུར་བར་སྔོན་འགོག་ནུས་ལྡན་བྱེད་དགོས། ཚོད་སྐོར་ཞིབ་བཤེར་བྱེད་རིང་ཤེས་རྟོགས་ཐུབ་པའི་གནད་དོན་ལ་མཐོང་ཆེན་དང་ཕྱོགས་ཡོངས་ནས་དག་ཐེར་བྱེད་པ་དང་། གཅིག་ཤེས་ཀུན་གྲོལ་དང་འཕྲལ་སྒྲུབ་འཕྲལ་བཅོས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་ལ་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།