འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་20ཉིན།

༄༅།།མཚོ་སྔོན་གྱིས། རྫོང་དང་ཤང་གྲོང་ཚོ་བཅས་ལ་ཁྱབ་པའི་རིམ་གསུམ་ཟོག་འགྲེམས་མ་ལག་
རིམ་བཞིན་བསྐྲུན་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་20ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར་ཞིང་ཆེན་ཡོངས་སུ་ཁྱོན་བསྡོམས་རྫོང་རིམ་པའི་ཞབས་ཞུ་ལྟེ་གནས་29དང་། ཤང་གྲོང་རིམ་པའི་དྲ་ཐོག་ཚོང་དོན་ཕྱོགས་བསྡུས་ཞབས་ཞུ་ས་ཚིགས་233 གྲོང་ཚོ་རིམ་པའི་དྲ་ཐོག་ཚོང་དོན་ཕྱོགས་བསྡུས་ཞབས་ཞུ་ས་ཚིགས་1464བསྐྲུན་པ་དང་། རྫོང་གྲོང་ས་ཁོངས་ལྟེ་གནས་སུ་བྱས་ནས་ཤང་གྲོང་དང་གྲོང་ཚོར་ཁྱབ་པའི་རིམ་གསུམ་ཟོག་འགྲེམས་མ་ལག་རིམ་བཞིན་ཆགས་ཡོད།
    ཉེ་བའི་ལོ་ཤས་རིང་། དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་སྤེལ་བའི་ཕྱོགས་བསྡུས་དཔེ་སྟོན་རྣམ་གྲངས་སྤེལ་འགོ་ཚུགས་པ་དང་བསྟུན་ནས་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་ཀྱི་གསོན་ཤུཌ་ཟམ་མི་ཆད་པར་འཕེལ་ཡོད། 2015ལོ་ནས་བཟུང་ཞིང་ཆེན་ཡོངས་སུ་ཁག་ལྔའི་རྫོང(གྲོང་ཁྱེར་དང་ཆུས)41ཏུ་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་སྤེལ་བའི་ཕྱོགས་བསྡུས་དཔེ་སྟོན་ལས་དོན་འགོ་ཚུགས་པ་དང་། རིམ་རྩིས་བྱས་ན་ཀྲུང་དབྱང་གི་ནོར་སྲིད་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་7.3བརྩོན་ལེན་བྱས་ནས་ཞིང་ཆེན་ཡོངས་ཀྱི་རྫོང་དབུལ་པོ་ཚང་མར་ཁྱབ་པ་བྱས་ཡོད། ལས་དོན་འདི་སྤེལ་བའི་བརྒྱུད་རིམ་ནང་། གྲོང་གསེབ་དྲ་ཐོག་ཚོང་དོན་ཞབས་ཞུ་ས་ཚིགས་མེད་པ་ནས་ཡོད་པའི་བར་དང་། ཆུང་བ་ནས་ཆེ་བའི་བར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་། ཟོག་འགྲེམས་སྡེབ་སྐྱེལ་དྲ་རྒྱ་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ། སྐུལ་ཁྲིད་ནུས་པ་རིམ་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། མདུན་གྱི་ཁག་ཐེངས་བཞིའི་རྫོང་29ཡིས་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་སྤེལ་བའི་དཔེ་སྟོན་འཛུཌ་སྐྲུན་བྱས་པ་བརྒྱུད། རིམ་རྩིས་བྱས་ན་ཞིང་འབྲོག་ཐོན་ཟོག་ཁྲོམ་རར་བཏོན་པའི་རིན་གོང་སྒོར་དུང་ཕྱུར་4ཟིན་གྱི་ཡོད།
   “རྫོང་ཁོངས་ཀྱི་དྲ་ཐོག་ཚོང་དོན་གྱི་སྤྱི་པའི་ཞབས་ཞུ་ཡན་ལག་ལྟེ་གནས་དང་གྲོང་གསེབ་དྲ་ཐོག་ཚོང་དོན་ཞབས་ཞུ་ས་ཚིགས་འཛུགས་སྐྲུན་དང་སྒྱུར་བཀོད་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱ་ཆེད། ང་ཚོས་ད་དུང་ད་ཡོད་ཀྱི་དྲ་ཐོག་ཚོང་དོན་གྱི་སྤྱི་པའི་ཞབས་ཞུ་ལྟེ་གནས་དང་། ཤང་གྲོང་དུ་ཞབས་ཞུ་ས་ཚིགས་ཡོད་པ། གྲོང་ཚོར་ཞབས་ཞུ་ས་ཚིགས་ཡོད་པ་བཅས་ཀྱི་འཛུགས་སྐྲུན་དམིགས་ཚད་ལ་གཞིགས་ནས། གྲོང་གསེབ་ཀྱི་ཟོག་འགྲེམས་སྡེབ་སྐྱེལ་ལྟེ་གནས་དང་གྲོང་གསེབ་ཀྱི་དྲ་ཚིགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་དང་། ཞིང་ལས་ཐོན་ཟོག་གི་གྲང་ཕྲེང་འཐུས་སྒོ་ཚང་དུ་བཏང་སྟེ། གྲོང་གསེབ་ཀྱི་ཟོག་འགྲེམས་སྡེབ་སྐྱེལ་གྱི་ཐོག་མའི་འགག་གནད་དང་མཐའ་མའི་འགག་གནད་ཐག་གཅོད་ཧུར་ཐག་བྱེད་རྒྱུ་རེད”ཅེས་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གི་འགན་འཁུར་བས་གསར་འགོད་པར་བརྗོད་བྱུང་།