འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་20ཉིན།

༄༅།།མཚོ་སྔོན་གྱིས་ཟློས་གར་གྱི་ཤེས་ལྡན་པ་གསོ་སྐྱོང་རྟེན་གཞི་ནུས་ཤུགས་ཡོད་རྒུས་བཏོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་20ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་11ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པར་མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་གོ་ཟློས་གར་སློབ་གླིང་དང་འཐབ་ཇུས་མཉམ་ལས་བྱས་ནས་མཚོ་སྔོན་གྱི་ཕིང་ཞོན་ཟློས་གར་རྒྱུན་འཛིན་དང་གསར་གཏོད་འདུ་འགོད་དང་ཟློས་གར་ཤེས་ལྡན་པ་གསོ་སྐྱོང་རྟེན་གཞི་འཛུགས་སྐྲུན་སོགས་བརྒྱུད་མཚོ་སྔོན་གྱི་ཟློས་གར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
    མཚོ་སྔོན་གྱི་ས་གནས་ཟློས་གར་ལ་ལོ་རྒྱུས་རིང་བ་དང་། ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ནང་དོན། མང་ཚོགས་ཀྱི་རྨང་གཞི་རྒྱ་ཁྱབ་བཅས་ལྡན་པ་དང་། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་བཏོན་པའི་ཁྲང་ཞི《ཟླ་བ་བདུན་དང་ཉིན་ཞག་བཞི》དང་། 《གཙོད》 ལྷ་མོ《སྲོང་བཙན་སྒམ་པོ》སོགས་ཀྱི་ཟློས་གར་ལ་ཁྲོམ་ར་དང་ལས་རིགས་ནང་ཁུལ་ནས་གདེང་འཇོག་ཡག་པོ་ཐོབ་ཡོད།
   ཞིང་ཆེན་ཡོངས་ཀྱི་ཟློས་གར་སྒྱུ་རྩལ་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་སྡེ་ཚན་གྱིས་ཀྲུང་གོ་ཟློས་གར་སློབ་གླིང་དུ“མཚོ་སྔོན་གྱི་ཕིང་ཞོན་ཟློས་གར་རྒྱུན་འཛིན་དང་གསར་གཏོད་འདུ་འགོད”བཙུགས་པ་དང་། ཀྲུང་གོ་ཟློས་གར་སློབ་གླིང་གིས་ཀྱང་མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་མཚོ་སྔོན་ལ་མཁོ་བའི་ཟློས་གར་འཁྲབ་སྟོན་དང་། གླུ་དབྱངས། གར་སྟེགས་མཛེས་རྩལ། འཁྲབ་གཞུང་གསར་རྩོམ། ཟློས་གར་ཚོགས་པ་དོ་དམ། སྒྱུ་རྩལ་སློབ་གསོ་དང་འཁྲབ་སྟོན་སོགས་ཐད་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་རེད། གཞན་ཡང་། ཕྱོགས་གཉིས་པོས་ད་དུང་སློབ་ཁྲིད་དང་། དངོས་སྦྱོང་། ལག་ལེན་བཅས་ཀྱི་རྟེན་གཞི་མཉམ་དུ་བསྐྲུན་ནས“གྲགས་ཅན་གྱིས་ཟློས་གར་རྒྱུན་འཛིན”སོགས་བྱེད་སྒོ་སྤེལ་བ་བརྒྱུད། སློབ་ཁྲིད་དང་ལག་ལེན་ཟུང་དུ་འབྲེལ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། མཚོ་སྔོན་ཞིང་ཆེན་རིག་རྩལ་གླིང་དང་ཚོགས་པའི་ཟློས་གར་གསར་རྩོམ་ལ་རྒྱབ་སྐྱོར་བྱ་རྒྱུ་རེད།