འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་20ཉིན།

༄༅།།མཐུན་སྒྲིལ་མཉམ་ལས་ཀྱིས་རིམས་ནད་ལ་འགོག་རྒོལ་དང་། ཐུན་མོང་ཐོག་ཕྱོགས་མང་
རིང་ལུགས་ལ་སྲུང་སྐྱོང་བྱེད་དགོས།

—— ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཞལ་འཛོམས་ཐེངས་བཅུ་གཉིས་པའི་ཐོག་གནང་བའི་གསུང་བཤད་ལ་ཕྱི་རྒྱལ་གྱི་མི་སྣས་གདེང་འཇོག་མཐོ་པོ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་20ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཞལ་འཛོམས་ཐེངས་བཅུ་གཉིས་པ་བརྙན་ལམ་ནས་གཉེར་བ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་འཛོམས་གནང་སྐབས་གསུང་བཤད་གལ་ཆེན་གནང་བ་རེད། ཕྱི་རྒྱལ་གྱི་མི་སྣས། ཀྲུང་གོས་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ལ་ཡུན་རིང་ཧུར་ཐག་ཞུགས་པ་དང་འབྲེལ་ལེགས་སྐྱེས་གལ་ཆེན་ཡང་ཕུལ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ཀྱིས་གོ་ལ་ཧྲིལ་པོའི་རིམས་འགོག་མཉམ་ལས་ལ་ཤུགས་སྣོན་དང་། ཕྱོགས་མང་རིང་ལུགས་ལ་ཐུན་མོང་ཐོག་སྲུང་སྐྱོང་། འཛམ་གླིང་གི་དཔལ་འབྱོར་སླར་གསོར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཡིད་ཆེས་དང་སྒུལ་ཤུགས་ཆེན་པོ་བསྣན་ཡོད་ཅེས་བརྗོད་པ་རེད།
   “འབོ་གསེར་རྒྱལ་ཁབ”ཀྱི་ཐ་སྙད་ཀྱི་སྲོལ་གཏོད་པ་དང་དབྱིན་ཇིའི་གོང་མ་ཚང་གི་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་སུའོ་ཡི་ཀྲུའུ་ཞི་ཅི་མུའུ·ཨའོ་ཉིར་གྱིས། འབོ་གསེར་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་དང་ཕྱོགས་མང་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་རྒྱུའི་སྐོར་གྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་བཞེད་དོན་གཙོ་བོ་དེ་མིག་སྔའི་རྒྱལ་སྤྱིའི་དུས་བབ་འོག“ཧ་ཅང་གལ་འགངས་ཆེན་པོ”ཞིག་རེད། རྒྱལ་ཁབ་ཁག་གིས་མཉམ་ལས་ལ་ཤུགས་སྣོན་དང་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་དང་སྨན་བཅོས་བྱེད་ཐབས་ཞིབ་འཇུག་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་རིམས་ནད་ཚོད་འཛིན་བྱེད་པའི་རྨང་གཞིའི་ཐོག་དཔལ་འབྱོར་སླར་གསོ་དང་འབོ་གསེར་རྒྱལ་ཁབ་ཀྱིས་རིམས་ནད་རྗེས་ཀྱི་དུས་རབས་ནང་དཔལ་འབྱོར་ཤུགས་ཆེན་འཕར་བའི་བརྩོན་ལེན་བྱེད་དགོས་ཞེས་བརྗོད་པ་རེད།
    ཨུ་རུ་སུའི་མི་དམངས་མཛའ་གྲོགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་གཞོན་པ་ཅི་མོ་ཧྥེ་དབྱེ་ཕུའུ་ཡིས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་ཧུར་ཐག་ཞུགས་ཏེ་རྒྱལ་ཁབ་ཁག་ལ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཉམས་མྱོང་མཉམ་སྤྱོད་བྱས་པ་དང་རྒྱལ་ཁབ་མང་པོར་དངོས་ཟོག་རོགས་སྐྱོར་བྱས་ཡོད་པས། ཀྲུང་གོའི་རྩ་ཆེའི་རིམས་འགོག་ཉམས་མྱོང་དཔྱད་གཞིར་འཛིན་དགོས་པ་ཞིག་ཡོད། ཨུ་རུ་སུས་ཀྲུང་གོ་དང་མཉམ་དུ་དེ་བས་དྲང་སྙོམས་དྲང་བདེན་གྱི་རྒྱལ་སྤྱིའི་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ལ། འབོ་གསེར་རྒྱལ་ཁབ་ཀྱིས་ཕྱོགས་མང་མཉམ་ལས་དང་མི་ཆོས་རིང་ལུགས་སོགས་ཁྱབ་ཁོངས་སུ་དེ་བས་རིང་བའི་ཕུགས་ཀྱི་དམིགས་ཚད་བཟོ་རྒྱུའི་རེ་འགུག་ཀྱང་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
   རྒྱ་གར་གྱི་ཉི་ཧེ་ལུའུ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་དང་རྒྱ་རིག་པ་མཁས་ཅན་ཏི་པོ་ཅེ་ཡིས། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པ་དང་འཛམ་གླིང་གི་དཔལ་འབྱོར་སླར་གསོ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་བཞེད་དོན་ལ་རྒྱང་ལྟའི་དོན་སྙིང་ལྡན་པའི་ངོས་འཛིན་བྱས་པ་དང་། ཁོང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ནང་འབོ་གསེར་རྒྱལ་ཁབ་ཀྱི་རིམས་འགོག་སྨན་ཁབ་ཞིབ་སྤེལ་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབུལ་པོ་སེལ་རྒྱུ་དེ་དམིགས་ཚད་གལ་ཆེན་དུ་འཇོག་རྒྱུར་སྐུལ་འདེད་གཏོང་བ། འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ལས་གསར་བརྗེ་གསར་པའི་རོགས་ཟླའི་འབྲེལ་བ་མགྱོགས་མྱུར་འཛུགས་པ་བཅས་ཐད་བཏོན་གནང་བའི་གྲོས་འགོ་དེ་ཧ་ཅང་གལ་འགངས་ཆེན་པོ་ཡིན། ལྷག་དོན་དུ་ཏོག་གསར་གློ་ཚད་རིམས་ནད་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དབུལ་པོ་ཉུང་གཏོང་ལས་དོན་ལ་འགན་རྐྱེན་བཟོ་པའི་དེང་དུ་ཁྱབ་ཁོངས་དེ་དག་ནི་འབོ་གསེར་རྒྱལ་ཁབ་ཀྱིས་མཉམ་ལས་ཧུར་ཐག་བྱེད་དགོས་པའི་གཙོ་གནད་ཅིག་རེད་ཅེས་བརྗོད་པ་རེད།
   ཧྥ་རན་སེའི་ཞི་ལེ་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་དང《མཐུན་སྒྲིལ་གསར་པའི》ཚགས་པར་གྱི་རྩོམ་སྒྲིག་པ་གཙོ་བོ་ཁེ་ལི་སི་ཏི་ནཱ·པི་ཨའེ་ཡིས་དམིགས་སུ་བཀར་ནས་སྒོ་དབྱེ་གསར་གཏོད་མཐའ་འཁྱོངས་བྱས་ཏེ་འཛམ་གླིང་གི་དཔལ་འབྱོར་སླར་གསོ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གླེང་བྱུང་། ཁོང་གིས་གསར་གཏོད་དང་བཟོ་ལས་ཅན་ལ་སྐུལ་འདེད་བཏང་ཚེ། གཞི་ནས་འབོ་གསེར་རྒྱལ་ཁབ་ཀྱིས་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་གཅོག་ཐུབ་པའི་ངོས་འཛིན་བྱས་པ་རེད། ཡང་ཁོང་གིས་ཀྲུང་གོ་ནི་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ལམ་སྲོལ་ནང་ཧུར་ཐག་ཞུགས་མཁན་ཞིག་ཡིན་ལ། གོ་ལ་ཧྲིལ་པོའི་རིམས་འགོག་འཐབ་རྩོད་ལ་ལེགས་སྐྱེས་ཀྱང་གལ་ཆེན་ཕུལ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་དེས་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་དེང་གི་འཛམ་གླིང་ལ་ཡིད་ཆེས་ཆེན་པོ་སྤྲད་ཡོད་ཅེས་བརྗོད་པ་རེད།
   ཨེ་ཅིབ་གཞུང་ཕྱོགས་ཀྱི《གཏོར་གཟུགས་མཆོད་རྟེན་ཚགས་པར》གྱི་ཆེད་སྒྲིག་ལེ་ཚན་གྱི་རྩོམ་པ་པོ་གཱ་མའེ་ལེ·ཅ་པ་ལཱ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབུལ་པོ་སེལ་རྒྱུ་དེ་དམིགས་ཚད་གལ་ཆེན་དུ་འཇོག་རྒྱུར་སྐུལ་འདེད་གཏོང་བའི་བཞེད་དོན་གལ་ཆེན་ལ་ཚད་མཐོའི་མོས་སེམས་བྱུང་ནས་ཉེ་བའི་ལོ་ཤས་རིང་ཀྲུང་གོས་དབུལ་སྐྱོར་ཐད་འབད་བརྩོན་བྱས་པར་སྐྱེ་བོ་ཀུན་གྱིས་དོ་སྣང་བྱུང་ཡོད། ཀྲུང་གོས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་མང་པོར་མིག་དཔེ་སྟོན་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱ་རྒྱུར་ལེགས་སྐྱེས་མངོན་གསལ་དོད་པོའང་ཕུལ་ཡོད་པའི་ངོས་འཛིན་བྱས་པ་རེད།