འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་20ཉིན།

༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱིས“ཁོར་ཡུག་དང་སྒེར་གྱི་འཕྲོད་བསྟེན་ཐེབས་རྩའི”རྣམ་གྲངས་
ལག་བསྟར་བྱེད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་20ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་དྲུང་ཆེ་གཞོན་པ་ཨ་མིང་ནཱ·མུའུ་ཧན་མོ་ཏེས་དྲ་ཐོག་ནས“ཁོར་ཡུག་དང་སྒེར་གྱི་འཕྲོད་བསྟེན་ཐེབས་རྩའི”རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས་ཡོད་ཅེས་བརྗོད་པ་དང་། ཁོང་གིས་རྣམ་གྲངས་དེས་མིའི་ལ་རྒྱར་སྲུང་སྐྱོང་དང་དེ་བཞིན་རྒྱལ་ཁབ་དབུལ་པོའི་འཕྲོད་བསྟེན་ཆ་རྐྱེན་ལེགས་སུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་ནན་བཤད་བྱས་པ་རེད།
   ཨ་མིང་ནཱ·མུའུ་ཧན་མོ་ཏེས། ཏོག་གསར་གློ་ཚད་རིམས་ནད་ལས་ཁོར་ཡུག་འཕྲོད་བསྟེན་དང་སྒེར་གྱི་འཕྲོད་བསྟེན་གྱིས་རིམས་ནད་བཀག་འགོག་བྱེད་པའི་ཐད་བཏོན་པའི་རྩ་བའི་རང་བཞིན་གྱི་ནུས་པ་གལ་ཆེན་མངོན་ཡོད་ལ། རིམས་ནད་ཀྱི་གནས་ཚུལ་གྱིས་མི་རྣམས་ཀྱི་འཕྲོད་བསྟེན་སྒྲིག་བཀོད་སོགས་ཐད་འདྲ་མཉམ་མིན་པ་མངོན་ཡོད་ཅེས་བརྗོད།
   ངོ་སྤྲོད་བྱས་པར་གཞིགས་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འབྱུང་འགྱུར་ལོ་ལྔའི་ནང“ཁོར་ཡུག་དང་མི་སྒེར་གྱི་འཕྲོད་བསྟེན་ཐེབས་རྩའི”རྣམ་གྲངས་ལ་ཨ་སྒོར་དུང་ཕྱུར་20གྲབས་གསོག་བྱས་ནས་ཁུར་པོ་ལྕི་ཤོས་དང་ཁ་གཏད་འཇལ་ནུས་ཆུང་ཤོས་ཀྱི་རྒྱལ་ཁབ་ལ་མ་དངུལ་གཏོང་རྩིས་ཡོད་པ་དང་། ཁྱིམ་ཚང་གི་ཁོར་ཡུག་འཕྲོད་བསྟེན་ལ་ཤུགས་སྣོན་དང་། བུད་མེད་ཀྱི་ཟླ་མཚན་བདེ་ཐང་དང་འཕྲོད་བསྟེན་འགན་ལེན། སློབ་གྲྭ་དང་འཕྲོད་སྦྱོར་སྒྲིག་བཀོད་དུ་ཁོར་ཡུག་འཕྲོད་བསྟེན་དང་མི་སྒེར་གྱི་འཕྲོད་བསྟེན་ཆ་རྐྱེན་མཁོ་འདོན། གསར་གཏོད་བྱས་པའི་འཕྲོད་བསྟེན་གྱི་ཐག་གཅོད་ཇུས་གཞིར་རྒྱབ་སྐྱོར་བཅས་བྱེད་པའི་འཐབ་ཇུས་དམིགས་ཚད་བཞི་མངོན་འགྱུར་ཡོང་བར་བྱེད་དགོས།