འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་20ཉིན།

༄༅།།ཡོ་སྒོར་དངུལ་རྩའི་གཟའ་འཁོར་གྱི“ཀྲུང་གོའི་ཉིན་མོའི”གླེང་སྟེགས་ལ་ཀྲུང་གོ་དང་ཡོ་རོབ་ཀྱི་
དཔལ་འབྱོར་དངུལ་རྩའི་མཉམ་ལས་གཅིག་སྡུད་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་20ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧྥ་ལན་ཁེ་ཕུའུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཡོ་སྒོར་དངུལ་རྩའི་གཟའ་འཁོར་སྐབས་23པའི་རིམ་བསྟར་བྱེད་སྒོའི་གྲས་ཤིག་ཡིན་པའི“ཀྲུང་གོའི་ཉིན་མོའི”དྲ་ཐོག་གི་གླེང་སྟེགས་འཇར་མར་གྱི་གྲོང་ཁྱེར་ཧྥ་ལན་ཁེ་ཕུའུ་རུ་གཉེར་བ་རེད། ཚོགས་ཞུགས་མི་སྣས་ཇི་ལྟར་བྱས་ཏེ་ཀྲུང་གོ་དང་འཇར་མན་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་དཔལ་འབྱོར་དངུལ་རྩའི་མཉམ་ལས་སྔར་བས་ཟབ་ཏུ་གཏོང་རྒྱུ་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱས་པ་རེད།
   ཧྥ་ལན་ཁེ་ཕུའུ་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་སུན་ཚུང་པིན་གྱིས་ཤིས་ཚིག་བསྒྲོན་སྐབས། ཏོག་གསར་གློ་ཚད་རིམས་ནད་ཀྱི་རྡབ་རྡེག་མདུན་དུ་ཀྲུང་འཇར་རྒྱལ་ཁབ་གཉིས་ཀྱིས་ལྟ་རེས་སྐྱོང་རེས་བྱས་ཏེ་རྒྱལ་སྤྱིའི་མཉམ་ལས་ཐུན་མོང་ཐོག་དར་སྤེལ་བཏང་ཡོད། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་འབྲེལ་བ་དེ་རིམས་ནད་ཁྲོད་སྔར་བས་དམ་ཟབ་ཏུ་ཕྱིན་ནས། ཀྲུང་གོ་འདི་ཉིད་ལོ་བཞི་བསྟུད་མར་འཇར་མན་གྱི་ཚོང་དོན་རོགས་ཟླ་གལ་ཆེན་ཞིག་ལ་འགྱུར་བ་དང་། འདི་ལོའི་དུས་ཚིགས་གཉིས་པར་ད་དུང་འཇར་མན་གྱི་ཕྱིར་གཏོང་ཁྲོམ་ར་ཆེ་ཤོས་སུ་གྱུར་ཡོད་ཅེས་བརྗོད།
   ཉིན་དེའི་གླེང་སྟེགས་ཐོག་ཚོགས་ཞུགས་མི་སྣས་ད་དུང་ཀྲུང་གོའི་སྒུལ་བདེའི་གྲངས་གཞི་དང་དངུལ་རྩའི་ཞབས་ཞུའི་ཁྱབ་ཁོངས་ཀྱི་འཐབ་ཇུས་དང་། ཕྱོགས་མང་རིང་ལུགས། དེ་བཞིན་ཀྲུང་གོ་དང་འཇར་མན་གྱི་ལས་གཏོད་དང་གསར་གཏོད་ཁོར་ཡུག་སོགས་ཀྱི་བརྗོད་གཞིར་དམིགས་ནས་གྲོས་བསྡུར་གཏིང་ཟབ་བྱས་པ་རེད།