འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་19ཉིན།

༄༅།།དབྱིན་ཇིར་ཤོར་བའི་རིག་དངོས་68མེས་རྒྱལ་དུ་ཕྱིར་ལོག་པ། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་19ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་དབྱིན་ཇིའི་ལུན་ཏོན་དུ། ལས་བྱེད་མི་སྣས་རིག་དངོས་རྩིས་ལེན་བྱེད་བཞིན་པ་ཡིན།
འདི་ནི་དབྱིན་ཇིའི་ལུན་ཏོན་དུ། ལས་བྱེད་མི་སྣས་རིག་དངོས་རྩིས་ལེན་བྱེད་བཞིན་པ་ཡིན། 
    མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་11ཚེས་16ཉིན། དབྱིན་ཇིའི་ལུན་ཏོན་ཏུ། དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་རིག་གནས་ཁྲུའུ་རུ་ཀྲུང་གོའི་ཕྱི་འབྲེལ་དཔོན་པོ་ཡུའུ་གོ་དང་ལུན་ཏོན་ཏཱ་ཏུའུ་ཧུའེ་ཉེན་རྟོག་ཅུས་ཀྱི་མྱུལ་ཞིབ་པ་སུའུ་ཧྥེ་ཧའེ་སི་ཡིས་རིག་དངོས་རྩིས་སྤྲོད་ངོས་འཛིན་ཡི་གེར་མིང་རྟགས་བཀོད་པ། 
   དེ་ནས་དབྱིན་ཇིར་ཤོར་བའི་རིག་དངོས་68ཀྱི་བདག་དབང་དངོས་སུ་ཀྲུང་གོ་སྲིད་གཞུང་ལ་སྤྲད་པ་རེད། “ འདི་ནི་ཉེ་བའི་ལོ་འགའི་རིང་ཀྲུང་གོ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱི་རིག་དངོས་བདའ་འདེད་ཕྱིར་སྤྲོད་ཁྱབ་ཁོངས་སུ་མཚོན་བྱེད་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཞིག་རེད”ཅེས་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཚེས་18ཉིན་སྤེལ་བའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ཏུ། རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀོང་ཆང་གིས་དེ་ལྟར་ཕྱོགས་སྡོམ་བྱས། 
    བརྡ་ཁྱབ་ཞིག་ནས་བདའ་འདེད་བྱེད་འགོ་བརྩམས་པ། 
    གཏམ་རྒྱུད་རིང་པོ་འདི་ནི་ལོ་ངོ་25སྔོན་གྱི་ཁ་པར་ཞིག་ནས་འགོ་བརྩམས་པ་རེད། 
    1995ལོའི་ཟླ་2པར། དབྱིན་ཇིའི་ཉེན་རྟོག་ཕྱོགས་ཀྱིས་དབྱིན་ཇི་བཅར་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་རིག་གནས་ཁྲུའུ་ལ་ཁ་པར་བཏང་བ་དང་། རྒྱལ་སྤྱིའི་རིག་དངོས་ཉེས་གསོག་གྱོད་གཞི་ཞིག་རྩད་ཆོད་པའི་བརྒྱུད་རིམ་ཁྲོད་ཀྲུང་གོའི་རིག་དངོས་མཐོང་བའི་གནས་ཚུལ་སྐོར་བརྡ་ཁྱབ་བཏང་། ཁ་པར་ལེན་མཁན་རིག་གནས་ཁྲུའུ་ཡི་དྲུང་ཡིག་གཉིས་པ་ཡུའུ་ཕུན་གྱིས་གནས་ཚུལ་དེ་གོང་རིམ་ལ་མགྱོགས་པོར་སྙན་ཞུ་ཕུལ་བ་རེད། 
    རྒྱལ་ཁབ་རིག་དངོས་ཅུས་ཀྱིས་དེ་དག་ནི་རང་རྒྱལ་གྱིས་རྒྱལ་ཁོངས་ནས་ཕྱིར་འཁྱེར་བར་བཀག་རྒྱ་བཏང་ཡོད་པའི་རིག་དངོས་ཡིན་པ་གཏན་འཁེལ་བྱས། ལོ་དེའི་ཟླ་3པར། དབྱིན་ཇིའི་ཉེན་རྟོག་ཕྱོགས་ཀྱིས་“ཆུ་སྒྲོན་འགུལ་སྐྱོད”ལག་བསྟར་བྱས་ཏེ། དོགས་ཡོད་ཉེས་ཅན་གྱིས་དབྱིན་ཇི་ལ་རིག་དངོས་འབོར་ཆེན་སྐྱེལ་འདྲེན་བྱས་པ་འཛིན་འགོག་ཐུབ་པ་དང་། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་དབྱིན་ཇིར་མི་སྣ་མངགས་ནས་དབྱེ་འབྱེད་བྱས་མཐར་ཀྲུང་གོའི་རིག་དངོས་ལྐོག་འདྲེན་བྱས་པར་ངོས་བཟུང་། 
   1998ལོའི་ཟླ་2པར། ཀྲུང་གོ་ཕྱོགས་ཀྱིས་གནོན་ཤུགས་ཐེབས་པའི་དབང་གིས། གྱོད་གཞི་དེའི་དོགས་ཡོད་ཉེས་ཅན་གཙོ་བོ་གཉིས་ཀྱིས་རྒྱལ་ཁབ་རིག་དངོས་ཅུས་དང་རིག་དངོས་ཕྱིར་སྤྲོད་ཀྱི་གྲོས་མཐུན་ཡི་གེར་མིང་རྟགས་བཀོད་པ་དང་། ཟླ་5པར་རིག་དངོས་3000ལྷག་པེ་ཅིང་དུ་ཕྱིར་དབོར་པ་རེད། ཟླ་8པར་གྱོད་གཞི་དེའི་དོགས་ཡོད་ཉེས་ཅན་གཞན་ཞིག་གིས་ཀྱང་རྒྱལ་ཁབ་རིག་དངོས་ཅུས་དང་གྲོས་མཐུན་བྱུང་ནས། རིག་དངོས་7ཕྱིར་སྤྲད་པ་རེད། ཡིན་ནའང་། གྱོད་གཞི་དེའི་རིག་དངོས་ཉོ་མཁན་གཅིག་ཡོད་པ་དེས་གྲོས་མཐུན་བགྲོ་གླེང་དུ་ཞུགས་རྒྱུ་དང་ལེན་གཏན་ནས་མ་བྱས་པས། གྱོད་འབྲེལ་རིག་དངོས་དབྱིན་ཇིའི་ཉེན་རྟོགས་ཕྱོགས་ཀྱིས་བཙན་ཉར་བྱས་པ་རེད། 
   ད་ལོའི་ཟླ་དང་པོར། ཡུའུ་གོ་ལ་ལུན་ཏོན་ཏཱ་ཏུའུ་ཧུའེ་ཉེན་རྟོག་ཅུས་ཀྱི་ཡི་གེ་འབྱོར་ནས། ཉོ་མཁན་དེ་གར་སོང་ཆ་མེད་དུ་གྱུར་ཅིང་། བཙན་ཉར་དུས་ཚོད་ནི་སྙེག་གཏུག་དུས་ཡུན་ལས་བརྒལ་བས། གྱོད་འབྲེལ་རིག་དངོས་དེ་དག་བདག་པོ་མེད་པར་ངོས་འཛིན་བྱས་ནས། རང་འགུལ་ངང་ཀྲུང་གོ་སྲིད་གཞུང་ལ་སྤྲོད་རྒྱུའི་རེ་བ་ཡོད་པ་བསྟན། 
   གནས་འཕྲིན་དེ་རྒྱལ་ནང་དུ་འབྱོར་མ་ཐག་ཏུ་རྒྱལ་ཁབ་རིག་དངོས་ཅུས་ཀྱི་འཕྲུལ་དུ་བདའ་འདེད་ལམ་སྲོལ་འགོ་བརྩམས་པ་སྟེ། བདའ་འདེད་ཇུས་གཞི་བཀོད་པ་དང་། རིགས་གཅིག་མཁས་པ་སྒྲིག་འཛུགས་བྱས་ནས་གསལ་འབྱེད་བྱས་ཤིང་། བདའ་འདེད་ཐོ་ཡིག་བཟོས་ནས། དབྱིན་ཇི་ལ་བདའ་འདེད་ཚུར་ལེན་གྱི་འཕྲིན་ཡིག་བསྐུར་བ་དང་། ཀྲུང་གོ་སྲིད་གཞུང་གི་ཚབ་ཞུས་ནས་དངོས་སུ་ཕྱིར་སྤྲོད་དགོས་པའི་བླང་བྱ་བཏོན། ཡུལ་དངོས་སུ་རྩིས་ལེན་བྱས་རྗེས། ཆེས་མཐའ་མཇུག་ཏུ་རིག་དངོས་68བདའ་འདེད་ངོས་འཛིན་བྱས་པ་དང་། ལུན་ཏོན་ཏཱ་ཏུའུ་ཧུའེ་ཉེན་རྟོག་ཅུས་ཀྱིས་ཚང་མ་ཕྱིར་སྤྲོད་རྒྱུར་མོས་མཐུན་བྱས། 
    ཟླ་10ཚེས་20ཉིན། གནམ་གྲུ་CA938པེ་ཅིང་རྒྱལ་ས་གནམ་གྲུ་ཐང་དུ་འབྱོར་བ་དང་། གཞན་ཡུལ་དུ་ལོ་མང་ཤོར་བའི་གཅེས་ནོར་མེས་རྒྱལ་གྱི་པང་དུ་ལོག་པ་རེད། 
   གཏན་ནས་བསྐྱུར་མ་མྱོང་བའི་རིག་གནས་གཅེས་ནོར། 
    ད་ལོའི་ཟླ་7པའི་ཟླ་མཇུག་ཏུ་ཡུའུ་ཕུན་དང་ཡུའུ་གོ་སོགས་དབྱིན་ཇིའི་མཛོད་ཁང་དུ་བསྐྱོད་ནས་ཡུལ་དངོས་སུ་རིག་དངོས་དེ་དག་ཞིབ་རྩིས་དང་ཐོ་ཡིག་བརྒྱབ་པ་རེད། རིག་དངོས་དེ་དག་རྒྱལ་ནང་དུ་ལོག་རྗེས། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་རིགས་གཅིག་མཁས་པ་སྒྲིག་འཛུགས་བྱས་ནས་འཕྲལ་དུ་གསལ་འབྱེད་ལས་དོན་གྱི་འགོ་བརྩམས་པ་རེད། 
    རྒྱལ་ཁབ་རིག་དངོས་ཅུས་ཀྱི་སྲིད་ཇུས་ཁྲིམས་སྲོལ་སིའི་སི་ཀྲང་གཞོན་པ་ཏུན་ཁྲའོ་ཡིས་ངོ་སྤྲོད་བྱས་དོན། རིགས་གཅིག་མཁས་པས་བགྲོ་གླེང་ཞིབ་འཇུག་བྱས་པར་བརྟེན། རིག་དངོས་68ཀྱི་ནང་དུ། གནས་སྐབས་སུ་གཏན་འཁེལ་བྱས་པའི་རིམ་པ་གཉིས་པའི་རིག་དངོས་ཁག་3གྱི་རིག་དངོས་13ཡོད་ཅིང་། རིམ་པ་གསུམ་པའི་རིག་དངོས་30 སྤྱི་བཏང་བའི་རིག་དངོས་25བཅས་ཡོད་པ་རེད། དེ་དག་ལ་གཤམ་གསལ་ཁྱད་ཆོས་ལྡན་པ་སྟེ། དུས་ཚོད་ཀྱི་བར་བརྒལ་རིང་བ་སྟེ། ཁྲུན་ཆུའུ་ཀྲང་གོ་རྒྱལ་རབས་ནས་ཆིང་རྒྱལ་རབས་བར་ཡོད་པ་དང་། ཐོན་ཡུལ་ཁྱབ་ཁོངས་ཆེ་བ་སྟེ། ཅང་ཞི་དང་ཨན་ཧུའུ། ཧྥུའུ་ཅན། ཧོ་ནན། ཧྲའན་ཞི། ཧོ་པེ། ཀུའེ་ཀྲོའུ་སོགས་ས་ཆ་མང་པོའི་རིག་དངོས་ཡོད། 
    ལོ་ངོ་25རིང་རིམ་བཞིན་འགྱུར་ལྡོག་བྱུང་བའི་རྒྱལ་སྤྱིའི་ཁ་ཕྱོགས།
   ལོ་ངོ་20རིང་། ཀྲུང་གོས་རིག་དངོས་སྲུང་སྐྱོང་དང་ཕྱིར་ཤོར་བའི་རིག་དངོས་བདའ་འདེད་ཀྱི་ནུས་པ་ཇེ་ཆེར་བཏང་ནས། རིག་དངོས་མངའ་ཁོངས་སུ་ཕྱིར་ལོག་པར་རྒྱལ་སྤྱིའི་སྒྲིག་སྲོལ་སྒྱུར་བཅོས་དང་འཐུས་ཚང་དུ་གཏོང་བའི་དྲང་བདེན་གྱི་ལས་དོན་ལ་འབད་པ་བྱས་ནས། རྒྱལ་སྤྱིའི་སྒྲིག་སྲོལ་སྔར་བས་འདྲ་མཉམ་གཞུང་དྲང་གི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་བྱས་པ་རེད། ཀྲུང་གོ་དང་རྒྱལ་ཁབ་23དང་ཕྱིར་ཤོར་བའི་རིག་དངོས་བདའ་འདེད་བྱེད་པའི་ཕྱོགས་གཉིས་གྲོས་མཐུན་ཡི་གེར་མིང་རྟགས་བཀོད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་སྤྱིའི་མཉམ་ལས་ལམ་སྲོལ་བཙུགས་པ་རེད། 
    “དེ་དང་ཆབས་ཅིག་རིག་དངོས་བདའ་འདེད་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་བཅའ་ཁྲིམས་དང་སྒྲིག་ལམ་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད།”ཅེས་ཀོན་ཆང་གིས་བཤད། “ཁྲིམས་འགལ་ངང་བོར་བརླག་སོང་བའི་རིག་དངོས་དེ་སྔའི་ཁོངས་གཏོགས་རྒྱལ་ཁབ་ལ་ཕྱིར་སྤྲོད་དགོས”“རིག་དངོས་ཁྲིམས་འགལ་ངང་འདྲེན་འཚོང་བྱེད་པར་རྡུང་རྡེག་གཏོང་རྒྱུ་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི”ཡིན་པ་སོགས་ཀྱི་འདུ་ཤེས་དེ་རྒྱལ་སྤྱིའི་ཐུན་མོང་གི་ངོས་འཛིན་དུ་གྱུར་ཡོད། དབྱིན་ཇི་ཚུད་པའི་རིག་དངོས་ཁྲོམ་རའི་རྒྱལ་ཁབ་མང་པོ་ཞིག“1970ལོའི་སྤྱི་ཆིངས”ནང་ཞུགས་ཏེ། རྒྱལ་ཁབ་སོ་སོས་བདའ་འདེད་ཕྱིར་སློག་པའི་མཉམ་ལས་སྤེལ་བར་སྔར་ལས་རྒྱ་ཆེ་བའི་བར་སྟོང་འདོན་སྤྲོད་བྱས། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15830261.html) 
འདི་ནི་དབྱིན་ཇི་ནས་ཕྱིར་ལོག་པའི་རིག་དངོས་ཁག་ཅིག་ཡིན།
འདི་ནི་དབྱིན་ཇི་ནས་ཕྱིར་ལོག་པའི་རིག་དངོས་ཁག་ཅིག་ཡིན།