འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་19ཉིན།

༄༅།།སྤུས་ལེགས་པའི་བོད་ལྗོངས་ཀྱི་ཕྱག་རྟགས་འཛམ་གླིང་ལ་ལེགས་སྐྱེལ་འབུལ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་19ཉིན། 13:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།སྤུས་ལེགས་པའི་བོད་ལྗོངས་ཀྱི་ཕྱག་རྟགས་འཛམ་གླིང་ལ་ལེགས་སྐྱེལ་འབུལ།
    མི་དམངས་དྲ་བའི་འཕྲིན།ཟླ་11ཚེས་6ཉིན། 2020ལོའི་“གོ་ལའི་གླིང་སྣེ་གསུམ་པ-བོད་ལྗོངས་ཀྱི་ཕྱག་རྟགས”ཡུལ་སྐོར་རིག་གནས་གསར་གཏོད་ཚོང་རྫས་འགྲན་བསྡུར་ཆེན་མོ་བོད་རང་སྐྱོང་ལྗོངས་མི་རིགས་ཁྱད་ཆོས་ལྡན་པའི་སྤུས་དག་འགྲེམས་ཚོང་ལྟེ་གནས་སུ་སྤེལ་བ་རེད། ཐོག་མའི་འགྲན་བསྡུར་དང་བསྐྱར་འགྲན་བསྡུར་བྱེད་པ་སོགས་སྐོར་མང་པོ་རིམ་པ་བཞིན་དཔྱད་འདེམས་དང་ཡུལ་དངོས་ནས་འགྲེམས་སྟོན་དང་འགྲེམས་ཚོང་བྱེད་པར་བརྒྱུད། བོད་སྤོས་ཅི་ཏི་གནའ་བོའི་ལྡེབས་རིས་མཆེད་སྐྱེས་དངོས་རྫས་དང་རྩིད་པས་འཐག་ཞིང་མེ་ཏོག་བཀོད་ཡོད་པའི་སྐེ་རས་སྲབ་མོ་སོགས་ཀྱི་ཐོན་རྫས་ལ་འགྲན་ཞུགས་ཐོན་རྫས་བརྒྱའི་ཁྲོད་ནས་ཕུལ་དུ་བྱུང་བས། ཁག་སོ་སོ་ལ་གསེར་དང་དངུལ་ཟངས་ཀྱི་བྱ་དགའ་ཐོབ་པ་མ་ཟད་“བོད་ཀྱི་ཕྱག་རྟགས”ཞེས་ལྗོངས་ཁོངས་སུ་སྤྱི་སྤྱོད་རྟགས་ཅན་བེད་སྤྱོད་དབང་ཆ་ཐོབ་པ་རེད།
   སྐབས་འདིའི་འགྲན་བསྡུར་ཆེན་མོ་ནི་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་གཙོ་གཉེར་བྱས་ཏེ“མཛེས་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་ཡུལ་སྐོར་རིག་གནས་གསར་གཏོད”དང་། “མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་གསར་གཏོད”“གྱོན་ཆས་རྒྱན་གོས(རྒྱན་ཆ་ཚུད་པ)”“འཚོ་བའི་སྡོད་གནས་རིག་གནས་གསར་གཏོད”བཅས་ཚོགས་ཆུང་ཆེན་པོ་བཞི་བཙུགས་ཡོད་ཅིང་། འགོ་བཙུགས་པ་ནས་བཟུང་སྤྱི་ཚོགས་ལས་རིགས་ཁག་གི་དོ་ཁུར་ཆེན་པོ་ཐོབ་ནས་བོད་རང་སྐྱོང་ལྗོངས་ཀྱི་ཁེ་ལས་བརྒྱ་ཙམ་དང་ཚོང་ཟོག་བརྒྱ་ཕྲག་ཁ་ཤས་འགྲན་བསྡུར་ནང་ཞུགས་རྒྱུའི་མིང་ཐོ་བཀོད་ཡོད། དུས་མཚུངས་སུ། འགྲན་བསྡུར་ཆེ་མོའི་སྒྲིག་འཛུགས་ཨུ་ལྷན་གྱིས“བོད་རང་སྐྱོང་ལྗོངས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་དག་འགྲེམས་ཚོང་ལྟེ་གནས”ལ་དྲ་ཕྱིར“བོད་ལྗོངས་ཡུལ་སྐོར་རིག་གནས་གསར་གཏོད་སྤུས་དག་ཁང”བཙུགས་ནས་བསྐྱར་འགྲན་ནང་བདམས་པའི་ཚོང་ཟོག་རྩེ་གྲ་24འགྲེམས་སྟོན་དང་འགྲེམས་ཚོང་གདན་ཞུ་བྱས་པ་རེད། ཆེས་སྤུས་ལེགས་དང་མི་མངོན་པའི་སྟོབས་ཤུགས་ལྡན་པའི“བོད་ཀྱི་ཕྱག་རྟགས”འདེམས་རྒྱུའི་འགན་ལེན་བྱེད་དགོས།
    བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་8རིང་།བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས“བོད་ཀྱི་ཕྱག་རྟགས”ཀྱི་ཡུལ་སྐོར་ཚོང་ཟོག་འགྲན་བསྡུར་ཆེ་མོ་མུ་མཐུད་གཉེར་ནས་གསར་གཏོད་བསམ་བཀོད་ལ་དམིགས་པ་དང་། ལག་ཤེས་པའི་སྙིང་སྟོབས་མངོན་གསལ་དོད་པོ་ཡོང་བ་བྱས་ནས། ཡུལ་སྐོར་ཚོང་ཟོག་སྤུས་ལེགས་འབོར་ཆེན་འདེམས་སྒྲུག་བྱས་པའི་ཐོག་ནས་ཚོང་ར་དང་ཁེ་ལས་ལ་དགོས་ངེས་ཀྱི་ཁྲིད་སྟོན་བྱས་པས་བོད་ལྗོངས་ཀྱི་ཡུལ་སྐོར་ཚོང་ཟོག་ལས་རིགས་འཕེལ་རྒྱས་ཡག་པོ་ཡོང་བར་འགན་ལེན་བྱས་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ནང་དུ་སྲོལ་རྒྱུན་ལ་བརྩི་འཇོག་དང་།གསོན་ཤུགས་ཀྱིས་ཁེངས་པ། སྣ་མང་ཕུན་སུམ་ཚོགས་པའི་བོད་ལྗོངས་ཀྱི་ཡུལ་སྐོར་རིག་གནས་གསར་གཏོད་ཚོང་ཟོག་དུས་རབས་ཀྱི་རྣམ་པ་མངོན་པ་བྱས་ཡོད།
    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་ཡུལ་སྐོར་རིག་གནས་གསར་གཏོད་ཚོང་ཟོག་འགྲན་བསྡུར་ཆེ་མོ་2013ལོ་ནས་བཟུང་སྐབས་བརྒྱད་ལེགས་གྲུབ་ངང་གཉེར་ཡོད་ཅིང་། དེ་ཉིད་བོད་ལྗོངས་ཀྱི་ཡུལ་སྐོར་རིག་གནས་གསར་གཏོད་ཁྱབ་ཁོངས་ཀྱི་ཚད་གཞི་མཐོ་ཤོས་དང་། ཞུགས་རྒྱ་ཆེ་ཤོས།གྲུབ་འབྲས་ཕུན་སུམ་ཚོགས་ཤོས། ཤུགས་རྐྱེན་ཆེ་ཤོས་བཅས་ཀྱི་འགྲན་བསྡུར་ཞིག་ཏུ་གྱུར་ཡོད།སྐབས་འདིའི་འགྲན་བསྡུར་ཆེ་མོའི་ནང་ལོ་བསྟུད་མའི“བོད་ཀྱི་ཕྱག་རྟགས”ཀྱི་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་འཕེལ་རྒྱས་གཏོང་བའི་ཐབས་ལམ་གཙོ་གནད་ཐོག་མངོན་པར་བྱས་ཡོད།  “བོད་ཀྱི་ཕྱག་རྟགས”ཀྱི་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཀྱི་དཔང་དཔྱད་མ་ལག་བཏོན་པ།ཡུལ་དངོས་སུ་ཁྲིམས་རྩོད་པའི་ལས་དོན་ཁང་གདན་དྲངས་ནས“བོད་ཀྱི་ཕྱག་རྟགས”ཀྱི་སྤུས་རྟགས་དབང་བཅོལ་གྱི་བྱ་དགའ་ཐོབ་པའི་ཐོན་རྫས་ཁེ་ལས་དང་ཤེས་བྱའི་བདག་དབང་སྲུང་སྐྱོང་གི་གྲོས་མཐུན་ལ་མིང་རྟགས་བཀོད་ཡོད། དེའི་དམིགས་ཡུལ་ནི་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་དང་ཐོག་མའི་གསར་གཏོད་ཇུས་འགོད་པར་དབང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། བོད་ལྗོངས་ཀྱི་ཡུལ་སྐོར་རིག་གནས་གསར་གཏོད་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། “བོད་ཀྱི་ཕྱག་རྟགས”ཀྱི་སྤུས་རྟགས་མི་སེམས་ལ་གཏིང་ཟབ་ཟུག་པ་བཅས་ཀྱི་ཆེད་དུ་ཡིན།(བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15830249.html) 
༄༅།།སྤུས་ལེགས་པའི་བོད་ལྗོངས་ཀྱི་ཕྱག་རྟགས་འཛམ་གླིང་ལ་ལེགས་སྐྱེལ་འབུལ།
༄༅།།སྤུས་ལེགས་པའི་བོད་ལྗོངས་ཀྱི་ཕྱག་རྟགས་འཛམ་གླིང་ལ་ལེགས་སྐྱེལ་འབུལ།