འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་19ཉིན།

༄༅༎“བོད་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དང་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞིའི”
རིག་གཞུང་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་19ཉིན། 13:05】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
ཚོགས་འདུའི་ཡུལ་དངོས།
ཚོགས་འདུའི་ཡུལ་དངོས།
     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་18ཉིན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། བོད་རིག་པ་ཞིབ་འཇུག་ལྟེ་གནས་ཚན་ཞིབ་ལས་སྒོའི་གཞུང་ལས་ཁང་དང་སྤྱི་ཚོགས་དཔལ་འབྱོར་ཞིབ་འཇུག་ཁང་གིས་གཉེར་འགན་འཁུར་བའི“བོད་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དང་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞིའི”རིག་གཞུང་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཁྲེན་ཙུང་རུང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། སྤྱི་ཁྱབ་ལས་འཛིན་པ་དགྲ་འདུལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དང་། ཀྲུང་དབྱང་མི་རིགས་སློབ་ཆེན། ཀྲུང་གོ་ཞིང་ལས་སློབ་ཆེན། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་སློབ་ཆེན་སོགས་མཐོ་སློབ་དང་ཚན་ཞིབ་ལས་ཁུངས་ཀྱི་རིགས་གཅིག་མཁས་པ་60ཙམ་བགྲོ་གླེང་ཚོགས་འདུར་ཞུགས་པ་རེད།
     ཁྲེན་ཙུང་རུང་གིས་འགོ་ཚུགས་ཤིས་ཚིག་ནང་། ཏང་ཀྲུང་དབྱང་གིས་སྔར་ནས་བཟུང་བོད་ལྗོངས་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ཀྱི་མཐོ་ཚད་དུ་བཞག་ནས་ཇུས་འགོད་ཞིབ་ཚགས་བྱས་པ་དང་། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་འཚོགས་ནས། དུས་རིམ་རེ་རེའི་དུས་རབས་ཀྱི་ཁྱད་ཆོས་དང་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་གཞིགས་ནས་བོད་ལྗོངས་ཀྱི་ལས་དོན་ལ་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། བོད་ལྗོངས་ཀྱི་ཕྱོགས་ཁག་གི་ལས་དོན་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་བ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་འཚོགས་ནས་ཏང་གི་བོད་ལྗོངས་ཀྱི་ལས་དོན་གྱི་ཆོས་ཉིད་སྔར་བས་ཕྱོགས་སྡོམ་དང་འདེམས་སྤྱོད་བྱས་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་ཆགས་ཡོད། ཏང་ཀྲུང་དབྱང་གི་འགོ་ཁྲིད་སྟོབས་ལྡན་དང་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་ཡང་དག་པའི་ཁྲིད་སྟོན་འོག བོད་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གཞི་ནས་བདེ་བླག་ངང་སྤེལ་ཐུབ་པ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་རེད་ཅེས་བརྗོད།
     ཁྲེན་ཙུང་རུང་གིས། བོད་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཉམས་མྱོང་ཕྱོགས་ཡོངས་ནས་ཕྱོགས་སྡོམ་གཏིང་ཟབ་བྱས་ཏེ་ཀྲུང་གོའི་བོད་ལྗོངས་ཀྱི་དབུལ་ཕོངས་ཉུང་གཏོང་གི་གཏམ་རྒྱུད་ཡག་པོ་ཤོད་དགོས། རང་རྒྱལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་རླབས་ཆེན་ལག་ལེན་ཁྲོད་དབུལ་པོ་ཉུང་གཏོང་གི་བློ་གྲོས་དང་ཉམས་མྱོང་ཕུན་སུམ་ཚོགས་པོ་འདུས་ཡོད་པས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དབུལ་ཕོངས་ཉུང་གཏོང་གི་རིགས་པའི་གཞུང་ལུགས་བསྐྲུན་ནས། ཀྲུང་གོའི་དབུལ་ཕོངས་ཉུང་གཏོང་གི་རླབས་ཆེན་ལག་ལེན་དེ་མིའི་རིགས་ཀྱིས་མཉམ་སྤྱོད་བྱེད་པའི་རིགས་པའི་གཞུང་ལུགས་སུ་རིམ་སྤོར་བྱས་ནས་དབུལ་པོ་བཅོས་སྐྱོང་གི་རྒྱལ་སྤྱིའི་སྐད་ཆ་ཤོད་དབང་རྒྱུན་མི་ཆད་པར་ཆེ་རུ་གཏོང་དགོས། ཀྲུང་གོའི་དབུལ་སྒྲོལ་འགག་སྒྲོལ་གྱི་གཏམ་རྒྱུད་ཡག་པོ་བཤད་ནས། འཛམ་གླིང་གིས་ཀྲུང་གོའི་དབུལ་སྒྲོལ་འགག་སྒྲོལ་གྱི་རླབས་ཆེན་ལག་ལེན་ཤེས་རྟོགས་ཐུབ་པ་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ཞེས་བརྗོད།
     བགྲོ་གླེང་ཚོགས་འདུར་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་སློབ་གླིང་གི་འགོ་གཙོ་སུའུ་ཧྥ་ཞང་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རིག་པ་དང་མིའི་རིགས་རིག་པའི་ཞིབ་འཇུག་ཁང་གི་བོད་རིག་པ་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཞིབ་འཇུག་པ་ཝང་ཅན་ཧྥུང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཚོགས་དཔལ་འབྱོར་ཞིབ་འཇུག་ཁང་གི་འགོ་གཙོ་ཞིབ་འཇུག་པ་བཀྲ་ལོ། ཀྲུང་གོ་ཞིང་ལས་སློབ་ཆེན་མི་ཆོས་དང་འཕེལ་རྒྱས་སློབ་གླིང་གི་འགོ་གཙོ་གཞོན་པ་ཞིབ་འཇུག་པ་ཙུའོ་ཐིང་བཅས་ཀྱིས་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ་རེད།
     དེ་རྗེས་ཀྱི་བརྗོད་བྱ་གཙོ་བོའི་གཏམ་བཤད་ཀྱི་སྐབས་སུ་བོད་རིག་པ་ཞིབ་འཇུག་ལྟེ་གནས་སྤྱི་ཚོགས་དཔལ་འབྱོར་ཞིབ་འཇུག་ཁང་གི་འགོ་གཙོ་གཞོན་པ་ཞིབ་འཇུག་པ་སྐལ་བཟང་སྒྲོལ་མ་དང་སྤྱི་ཚོགས་དཔལ་འབྱོར་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་དབྱང་ཐའོ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རིག་པ་དང་མིའི་རིགས་རིག་པའི་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཧྥང་སུའུ་མེ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་སྤྱི་ཚོགས་རིག་པ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཧོ་རུང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དཔལ་འབྱོར་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཝང་ཆུང་། བོད་རིག་པ་ཞིབ་འཇུག་ལྟེ་གནས་སྤྱི་ཚོགས་དཔལ་འབྱོར་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཚེ་རིང་གཡང་འཛོམས་དང་ཞིབ་འཇུག་པ་གཞོན་པ་ལི་ཅན་བཅས་ཀྱིས་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་བ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོར། བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས“བོད་ལྗོངས་དང་བོད་འབྲེལ་ལས་དོན་གྱི་གཙོ་གནད་ཞིང་ཆེན་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་མཉམ་སྤྱོད་རྣམ་པའི་འཕེལ་རྒྱས”ཀྱི་གཙོ་གནད་ཞིབ་འཇུག་བྱ་གཞི་བཙུགས་ནས་ལེགས་ཆ་ལྡན་པའི་ཚན་ཞིབ་སྟོབས་ཤུགས་གཅིག་སྡུད་བྱས་ཏེ། ཁག་དབྱེ་ནས་བོད་ལྗོངས་དང་བོད་འབྲེལ་ཁུལ་དང་རྫོང་གི་དབུལ་ཕོངས་གྲོང་ཚོ་དང་དབུལ་སྒྲོལ་གྲོང་ཚོར་བསྐྱོད་དེ་བརྟག་དཔྱད་ཞིབ་འཇུག་བྱས་པས། ཆེད་དོན་བརྟག་ཞིབ་སྙན་ཞུ་མང་པོ་བཟོས་ནས་བོད་ལྗོངས་དང་བོད་འབྲེལ་ཁུལ་དང་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ཇུས་བདེ་བླག་ངང་ལག་ལེན་བསྟར་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15830246.html) 
【1】  【2】  【3】
ཁྲེན་ཙུང་རུང་གིས་འགོ་ཚུགས་ཤིས་ཚིག་འབུལ་བཞིན་པ།
ཁྲེན་ཙུང་རུང་གིས་འགོ་ཚུགས་ཤིས་ཚིག་འབུལ་བཞིན་པ།